博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་ ...

已有 290 次阅读2019-1-12 09:20 |系统分类:见闻


                                    ༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཚོགས་ཆེན་བསྡུས།
                                           ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

                                    

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཚོགས་ཆེན་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། སློབ་གསོ་སྡེ་ཁག་གི་འགན་ཁུར་མི་སྣ་ཀྲིན་ཧྥུའུ་ཀྲི་བཅས་ཚོགས་འདུར་ཞུགས་ནས་གཏམ་བཤད། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་དང་། རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་དང་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་འཇོན་ཐང་མི་སྣ་དང་ཤེས་རབ་ཀྱི་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

      མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ཡུས་ཚུང་ལི། མཱ་ཅི་ཞའོ། ཆོའུ་ཞིན་ཡུང་། དབྱིན་པེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཀྲང་ཝུན་ཁོས། ཝང་ཞོན། མིན་ཡུང་ཧྲན་བཅས་ཚོགས་འདུར་ཞུགས།

      ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་སྟེང་གི་གསུངས་བཤད་གལ་ཆེན་གྱིས། ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགྲེང་སྟེ། མ་ལག་ལྡན་པའི་སྒོ་ནས་རང་རྒྱལ་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ལ་སྤྱི་སྡོམ་གནད་སྨིན་མཛད་པར་མ་ཟད། སློབ་གསོ་བྱ་བར་འཕྲད་ཀྱིན་པའི་གནས་སྟངས་གསར་བ་དང་བླང་བྱ་གསར་བར་དབྱེ་ཞིབ་རྟིང་ཐག་ཆོད་པ་མཛད་དེ། སློབ་གསོ་དེང་རབས་ཅན་བསྐྲུན་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ། མི་དམངས་ཀྱི་འདོད་བློ་དང་འཚམ་པའི་སློབ་གསོ་གཉེར་བ་བཅས་ཀྱི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གང་ལེགས་བྱས་པ་ལས་གཞན། ཆབ་སྲིད་རང་བཞིན་དང་འཐབ་ཇུས་རང་བཞིན། མི་དམངས་རང་བཞིན། ཆོས་ཉིད་རང་བཞིན། དུས་རབས་རང་བཞིན་བཅས་མངོན་པར་མཚོན་ཡོད། གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་གོ་བ་ཡང་དག་ལོན་པར་བྱས་ཏེ། ཕྱི་བཤོལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སློབ་གསོའི་ལས་རིམ་ཧྲིལ་བོའི་ཁྲོད་ནས་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།

      ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སློབ་གསོ་བྱ་བའི་ཁྱོན་ཡོངས་འགོ་ཁྲིད་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྒྲིག་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། གཞི་རིམ་རྩ་འཛུགས་སྟོབས་དང་ལྡན་པ་ཞིག་བསྐྲུན་པར་འབད་དེ། བསམ་བློ་ཆབ་སྲིད་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ཚང་མས་སློབ་གསོར་དགའ་ཞེན་བཅངས་པ་དང་སློབ་གསོར་དོ་ཁུར་བྱེད་པ། སློབ་གསོའི་ལས་དོན་ཁྲོད་ཟབ་ཞུགས་བྱེད་པར་འབད་དེ། ཁག་ཁུར་གྱི་འདུ་ཤེས་གཙང་མའི་ངོས་ནས་སློབ་གསོའི་ལས་དོན་བཟང་བོར་བསྒྲུབ་དགོས་ཟེར།

       ལིག་ཉིང་གིས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱེད་པ་དང་ཧེ་བག་ལ་གདོང་གཏོད་པ། ཚུལ་བབ་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་བབ་ལ་བལྟ་ཐུབ་དགོས། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བ་དང་སློབ་གསོའི་རིམ་པ་སྔར་ལས་ཇེ་མཐོར་གཏོད་པ། སློབ་སྔོན་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་བརྡལ་དུ་གཏོང་བ། ལས་རིགས་སློབ་གསོ་བཟང་བོར་གཉེར་བ། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་ཆེར་གཏོང་བ། མི་རིགས་སློབ་གསོ་དང་ཁྱད་དམིགས་མང་ཚོགས་ཚོགས་པའི་སློབ་གསོར་འགན་སྲུང་བྱེད་པ་བཅས་ལ་འབད་མཐར། མི་དམངས་ཀྱི་འདོད་བློ་དང་མཐུན་པའི་སློབ་གསོ་ཅི་རིགས་སྤེལ་དགོས་ཟེར།

      ཀྲིན་ཧྥུའུ་ཀྲི་ཡིས་གཏམ་བཤད་ཁྲོད་མཚོ་སྔོན་གྱིས་ཉེ་བའི་ལོ་འདི་འགའི་རིང་སློབ་གསོའི་ལས་དོན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་གཉིས་གཞི་གཅིག་ཏུ་སྦྲེལ་ནས་སློབ་སྦྱོང་བྱེད་པ་དང་། མཚོ་སྔོན་གྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱིས་བཏོན་པའི་སློབ་གསོ་སྔོན་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུའི་གཞི་རྩའི་འོས་འགན་རྒྱུན་འཁྱོངས་བྱེད་པ། སློབ་གསོ་འདྲ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རིན་ཐང་གི་མངོན་སྟངས་ཤིག་ཏུ་འཛིན་པ་དང་། སློབ་གསོའི་བཅོས་སྒྱུར་གསར་གཏོད་ལས་དོན་རྒྱུན་འཁྱོངས་བྱེད་རྒྱུ་ནི་སློབ་གསོར་གསོན་ཤུགས་སྟེར་བའི་གཞི་རྩའི་སྒུལ་ཤུགས་སུ་བརྩི་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་འོས་འགན་གལ་ཆེན་དུ་འཛིན་པ། ཁྱོན་ཡོངས་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་དང་དམངས་ཚིས་བཟོ་སྐྲུན་འགངས་ཆེན་དུ་འཛིན་པ། ཏང་གིས་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རྩ་བའི་འགན་སྲུང་སུ་བརྩི་བ་བཅས་བྱེད་དགོས་པའི་རེ་བ་བཏོན།

     ཝང་ཡུས་པོ་ཡིས་སྤྱི་སྡོམ་གཏམ་བཤད་ཁྲོད་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་དང་སློབ་སྦྱོང་ནན་མོ་བྱེད་དགོས་ལ། ཁྱད་པར་དུ་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་། བློ་མཐུན་ཀྲིན་ཧྥུའུ་ཀྲི་བཅས་ཀྱི་གཏམ་བཤད་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི་མིག་སྔའི་འོས་འགན་གཙོ་བོར་བརྩིས་ཏེ། མགྱོགས་མྱུར་ངང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱེད་དགོས་པར་མ་ཟད། དྲིལ་སྒྲོག་དང་སྒྲོག་འགྲེལ་ལ་ཤུགས་བསྣན་ནས་རྐང་ཚུགས་པར་བྱེད་དགོས་ཟེར།

      གྲོས་ཚོགས་ལས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་མཚོ་སྔོན་སློབ་གསོ་དེང་རབས་ཅན་ཞེས་པ་སོགས་ཀྱི་ཡིག་ཆར་གྲོས་སྡུར་བྱས།

      ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཟི་ལིང་གྲོང་ཁྱེར། ཡུལ་ཤུལ་ཁུལ། ཞིན་ཧེ་རྫོང་། ཧུའུ་ཀྲུང་རྫོང་བཅས་ཀྱི་སྲིད་གཞུང་དང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་མི་སྣས་ཚོགས་ཐོག་ནས་གཏམ་བཤད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-1-20 14:35 , Processed in 0.270747 second(s), 21 queries .

返回顶部