博客西藏在最高处过一种生活

日志

༄༅།།རང་སྐྱོང་ལྗོངས་ཏང་ཨུརང་སྐྱོང་ལྗོངས་ཏ ...

已有 62 次阅读2019-1-7 10:45 |系统分类:见闻


                       ༄༅།།རང་སྐྱོང་ལྗོངས་ཏང་ཨུརང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་འཚོགས་པ།
                                    ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། ལྷ་དབང་གིས་བསྒྱུར།

                         
         
      ཟླ་1ཚེས་4དང་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ན་ནིང་གི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ། མིག་སྔའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ། འདི་ལོའི་དཔལ་འབྱོར་དུས་བབ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཡོད་པ་རེད། 
      རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུའི་ཐོག་2018ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཕྱོགས་སྡོམ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། 2019ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཕྱོགས་སྡོམ་གསུང་བཤད་གནང་ནས་ཞིབ་ཕྲའི་བླང་བྱ་བཏོན་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 
       ཚོགས་འདུའི་ཐོག་བསྟན་དོན། 2018ལོ་ནི་རང་ལྗོངས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་ཀྱིས་སྤྱི་ཡོངས་ལ་ལྟ་རྟོགས་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱས་པ་དང་། ཚན་ཁག་ཆེན་པོ་བཞིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གཞོགས་འདེགས་དམ་ཟབ་བྱས་པ། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགག་སྒྲོལ་དཀའ་སེལ་དང་དོན་འཁྱོལ་ལ་དམ་འཛིན་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་མི་དམངས་ཀྱི་འཚོ་བ་ཆེས་ཆེར་ལེགས་སུ་སོང་བ་དང་། དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་སྒོ་ནས་མགྱོགས་མྱུར་འཕར་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་སོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་བྱུང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་བ། སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་ཟབ་གཏོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱུང་ཡོད། གྲུབ་འབྲས་དེ་དག་ཚང་མ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལ་བརྟེན་ནས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཡང་དག་པའི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ། སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་ཕྱོགས་སྟོན་ལ་བརྟེན་ནས་བྱུང་བ་ཞིག་བཅས་ཡིན་ལ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་མཛུབ་ཁྲིད་ནུས་ལྡན་དང་། རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་དང་ཁ་འབྲལ་ཐབས་མེད་པ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས་དང་སེམས་ནུས་ཐོག་མཐའ་བར་གསུམ་དུ་གཅིག་ཏུ་འདུས་ཡོད། 
       ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དེས་ན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་བཅས་བྱས་ནས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་འཕྱུགས་མེད་ངང་སྟངས་འཛིན་བྱེད་དགོས། ད་དུང་འཕེལ་རྒྱས་ཀྱི་གོ་སྐབས་མཐོང་ཐུབ་པ་དགོས་པ་ལ་འཕྲད་པའི་གནད་དོན་དང་འགྲན་སློང་ལའང་ངོས་འཛིན་ཐུབ་པ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་སེམས་ནུས་གཅིག་འདུས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། 
       ཚོགས་འདུའི་ཐོག་ཁ་གསལ་བསྟན་དོན། འདི་ལོའི་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ཡག་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས། “བརྟན་པོ་དྲུག”གི་བླང་བྱ་དོན་འཁྱོལ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱ་ཐབས་སུ་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་དང་། ལྷག་དོན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ། བྱེད་པོ་བྱེ་བྲག་གི་གསོན་ཤུགས་ཆེར་གཏོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་མངོན་པ། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཇུག་བསྡུའི་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་དགོས། 
       ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྕི་བ་དང་། འགྲན་སློང་མང་བ། བླང་བྱ་མཐོ་བ་བཅས་ཡོད་པས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ་དང་། འགལ་ཟླ་གཙོ་བོར་དམིགས་པ། གཙོ་གནད་ལས་དོན་མངོན་གསལ་དོད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་དམ་པོར་གཞིགས་པ། ཀྲུང་དབྱང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི“སྲ་བརྟན་དང་། ཤུགས་སྣོན། མཐོར་གཏོང་། ཤར་བགྲོད”བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ལྟེ་བར་འཛིན་པ། ཞན་ཆ་གསབ་པ་དང་མ་གནས་གཅོག་པ། ཁོར་ཡུག་ལེགས་སུ་གཏོང་བ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་དམ་འཛིན་དང་སྒུལ་ནུས་ཆེ་རུ་གཏོང་བ། ཁྲོམ་ར་གཏོད་པ་དང་གསོན་ཤུགས་འཕེལ་བ་བཅས་བྱས་ནས་གཤམ་གསལ་ཕྱོགས་དྲུག་ཐད་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། 
       གཅིག་ནས་དམངས་འཚོ་ལེགས་སུ་གཏོང་བར་དམ་འཛིན་ནན་པོ་བྱས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་ཕན་བདེ་མང་ཚོགས་ལ་ཐོབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་མུ་མཐུད་གནས་བབ་མངོན་གསལ་དོད་སར་འཇོག་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་ངང་ཡག་པོ་གཉེར་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། དམངས་འཚོ་ཐ་སྐྱོང་སོགས་ཀྱི་སྤྱི་ཚོགས་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ། སྒྲུབ་བཞིན་པའི་བྱ་བ་མུ་མཐུད་ཡག་པོ་སྒྲུབ་པ། སྒྲུབ་དགོས་པའི་བྱ་བ་འཕྲལ་མར་སྒྲུབ་པ། མིག་སྔར་སྒྲུབ་མི་ཐུབ་པའི་བྱ་བར་ཆ་རྐྱེན་ཧུར་ཐག་བཏོད་དེ་སྒྲུབ་གང་ཐུབ་བྱེད་པ་བཅས་བྱེད་དགོས་པ་དང་། 
       གཉིས་ནས་དམངས་འཚོ་ལེགས་སུ་གཏོང་བར་དམིགས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས། དམངས་འཚོའི་སྟོན་ཕྱོགས་འབུར་དུ་ཐོན་པ་བྱས་ཏེ་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ལྗོངས་ཡོངས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་ཁྲིད་བྱེད་དགོས། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་འབྲེལ་གཏུག་འབྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ནས་རྣམ་གྲངས་སྔ་ཙམ་ལས་འགོ་ཚུགས་པ་དང་། སྔ་ཙམ་འཛུགས་སྐྲུན་བྱེད་པ། སྔ་ཙམ་ཕན་པ་ཐོབ་པ་བཅས་བྱེད་དགོས། ཐབས་ལམ་མང་པོ་བརྒྱུད། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་སྐྲུན་མགྱོགས་སུ་བཏང་ནས་ལྗོངས་ནང་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས་པ། 
       གསུམ་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དོ་ཁུར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་བ། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་སྤྱི་ཡོངས་འགན་ཁུར་བའི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་དབུལ་སྒྲོལ་གྱི་ཚད་གཞི་མཐའ་འཁྱོངས་བྱེད་པ། ཐོན་ལས་དང་། ལས་ཞུགས། སྣོད་བཅུད། སློབ་གསོ། བདེ་ཐང་། བོད་སྐྱོར། སྤྱི་ཚོགས་འགན་སྲུང་། ཏང་འཛུགས་སྐྱོང་སོགས་ཀྱི་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དང་ཚུར་ལན་གནད་དོན་གྱི་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་དབུལ་པོའི་གནད་དོན་རྩ་བའི་ཆ་ནས་སེལ་དགོས། ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་ནས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱས་ནས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་གཉེར་སྐྱོང་གི་བྱེད་པོ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། ཞིང་འབྲོག་པ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་གཏོང་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་དེང་གི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱེད་དགོས་པ། 
       བཞི་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། ཚན་རིག་དང་མཐུན་ལ་གནད་སྨིན་སྒོ་ནས་ཐབས་ཇུས་འདོན་པ། གནམ་སྔོ་ཆུ་དྭངས་དང་ས་གཙང་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམིགས་པ། ལྗང་མདོག་འཕེལ་རྒྱས་གཏོང་ཐབས་གང་མགྱོགས་ཆགས་པ་བྱེད་པ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཤུགས་ཆེན་སྐྲུན་པ། སྣོད་བཅུད་དམངས་ཕྱུག་དམངས་ཕན་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ། 
      ལྔ་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཇུས་ཐད་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་མྱུར་འགྲུབ་དམངས་ཕྱུག་གི་ཐོན་ལས་འཕེལ་རྒྱས་གཏོང་བ། ལེགས་ཆར་གཞི་ཚུགས་ནས་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་གཅིག་འདུས་དང་ཞིབ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ལས་གླིང་རྒྱ་སྟོབས་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཡུལ་སྐོར་རིག་གནས་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག སྐྱེ་དངོས་སྣོད་བཅུད་སོགས་ཀྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ནུས་ལྡན་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ། 
      དྲུག་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གིས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་སྤྱིའི་བླང་བྱ་དང་། གཞི་རྩའི་རྩ་དོན། དམིགས་ཚད་ལས་འགན། ཞིབ་ཕྲའི་བྱེད་ཐབས་བཅས་བརྒྱུད་རིམ་ལྡན་ལ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། ཀྲུང་དབྱང་གི་གདུང་བཞི་ཀ་བརྒྱད་ཀྱི་ངོ་བོའི་སྒྱུར་བཅོས་འབྲེལ་མཐུད་དང་དོན་འཁྱོལ་ཡག་པོ་བྱེད་པ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་འགལ་རྐྱེན་མཐའ་གཅིག་ཏུ་སེལ་བ། ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་དབྱེ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ། བྱེད་པོ་བྱེ་བྲག་གི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད། 
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ལེགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལག་ལེན་གྱི་ཚོད་བགམ་ཐེག་པ་དང་མི་དམངས་བློ་ཡིད་ཚིམ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དང་འདུ་ཤེས་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། ལས་བྱེད་པས་འགན་འཁུར་ལས་སྒྲུབ་ལ་སྐུལ་ལྕག་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ཐད་བརྟན་ལྷིང་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་བཅས་རེད།།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-3-24 00:32 , Processed in 0.291253 second(s), 21 queries .

返回顶部