博客西藏在最高处过一种生活

日志

༄༅།།ཀྲུང་གོའི་མཚོ་སྔོན་གྱི་མི་རིགས་རིག་ག ...

已有 58 次阅读2019-1-5 06:27 |系统分类:见闻


                           ༄༅།།ཀྲུང་གོའི་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཐོ་ཁེའོ་རུ་གཉེར་བ།
                                             ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 

                                  

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན“ཀྲུང་གོ་ཤེས་ཚོར·མཛེས་པའི་མཚོ་སྔོན”ཞེས་པའི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་རི་པིན་གྱི་ཐོ་ཁེའོ་རུ་གཉེར་ནས་རི་པིན་གྱི་ལྟ་སྐོར་བར་ཀྲུང་གོའི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། བབ་ཆགས་པའི་མི་རིགས་ཀྱི་གོམས་གཤིས། གཏིང་ཟབ་པའི་ལོ་རྒྱུས་རིག་གནས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

      གཙོ་གཉེར་ཕྱོགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་སུང་ཅང་ཐའོ་ཡིས་ཤིས་ཚིག་སྒྲོན་སྐབས་འདི་ལོ་ནི་ཀྲུང་རིའི་དབར་ཞི་བདེ་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག་ནས་ལོ40འཁོར་བའི་ལོ་ཞིག་ཡིན་པ་དང་། མིག་སྔར་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་དང་རིག་གནས་འབྲེལ་ཟམ་ཏུ་བྱས་པས་འབྲེལ་གཏུག་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ད་རེས་ཀྱི་འགྲེམས་སྟོན་གྱིས་རི་པིན་གྱི་ལྟད་མོ་བར་དངོས་ཡོད་དང་། རང་བྱུང་། ཡིད་འོང་། བརྗིད་ཆགས་བཅས་ཀྱི་མཚོ་སྔོན་ཞིག་མངོན་པར་བྱས་ནས་རིག་གནས་ཀྱི་ཆ་འཕྲིན་སྔར་བས་བརྒྱུད་བསྒྲགས་བྱེད་པ་དང་། སྤེལ་རེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། ཀྲུང་རི་རྒྱལ་ཁབ་གཉིས་པོའི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་པ་རེད།

      རི་ཀྲུང་གི་ཚན་རིག་ལག་རྩལ་རིག་གནས་ལྟེ་གནས་ཀྱི་ལས་འཛིན་ཏ་ལེ་ཧྲན་ཆིས་དེ་སྔོན་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་མ་ཐག་པའི་སྐབས་ངས་ཀྲུང་གོར་འཚམས་འདྲི་བྱེད་མཁན་རི་པིན་ཚོགས་པའི་སྣེ་ཁྲིད་དེ་ཟི་ལིང་ནས་མེ་འཁོར་བསྡད་དེ་ལྷ་སར་བསྐྱོད་པ་ཡིན། ལམ་བར་དུ་གཅིག་ལ་གཅིག་སྦྲེལ་གྱི་རི་བོས་ཡིད་དབང་རྦད་དེ་འཕྲོག་ནས་ད་ལྟའང་གསལ་ལྷང་ངེར་ངེས་ཀྱི་འདུག ཁོང་གིས་ད་རེས་ཀྱི་འགྲེམས་སྟོན་དེ་གོ་སྐབས་སུ་བཟུང་ནས་རི་པིན་གྱི་དམངས་ཚོགས་དེ་བས་མང་བར་ཀྲུང་གོའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཉམས་ལེན་བྱེད་པའི་གོ་སྐབས་ཐོབ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

      འགྲེམས་སྟོན་ཐོག་བརྗོད་གཞི་རྒྱ་ཆེ་བའི་པར་རིས་བརྩམས་ཆོས200ལྷག་ཙམ་ཕུད་བཞེངས་སྟངས་གསོན་ཉམས་དོད་པ་དང་། པིར་རྩལ་ཁྱད་དུ་འཕགས་པ། ཚོན་མདངས་རྣམ་པར་བཀྲ་བ་བཅས་ཀྱི་ཐང་གར་ལྟ་མཁན་ཤིན་ཏུ་མང་པོ་ཡོད། “རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག”རེབ་གོང་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཤ་བོ་སྐྱབས་ཀྱིས་ཐང་ག་བཞེངས་སྟངས་གསལ་འགྲེལ་བྱས་པར་དེ་གའི་ལྟ་སྐོར་བའི་དགའ་བསུ་ཚད་མེད་ཐོབ་པ་རེད།

       ད་རེས་ཀྱི་སྤེལ་རེས་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་རེད། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་ཀྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-3-24 01:19 , Processed in 0.274047 second(s), 21 queries .

返回顶部