博客西藏在最高处过一种生活

日志

༄༅།།བོད་ལྗོངས་ཀྱི་དུས་ཆེན་ཁག་ལས་མི་རིགས་ ...

已有 81 次阅读2019-1-5 06:14 |系统分类:文化


                                   ༄༅།།བོད་ལྗོངས་ཀྱི་དུས་ཆེན་ཁག་ལས་མི་རིགས་ཀྱི་རིག་གནས་མངོན་པ།
                                          ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 

               

       2018ལོ་མཇུག་རྫོགས་ལ་ཉེ་བའི་དུས་དེར། ལོ་འདིའི་ནང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་སྤྲོ་འཁོལ་བའི་དུས་ཆེན་ནང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། སྔ་མོ་ནས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དེ། བོད་རིགས་ཀྱི་རིག་གནས་ངོམ་པའི་གར་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཟླ2ཚེས16ཉིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཚེས་གཅིག་མཉམ་དུ་འཁེལ་ཞིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་བཀྲ་ཤིས་དུས་བཞི་གྲོང་ཚོའི་མང་ཚོགས་ཀྱིས་བཀྲ་ཤིས"ཕྱེ་མ"ཁྱེར་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་པ།


               F201812271427283426701147.jpg

       ཟླ3ཚེས2ཉིན། ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་དུས་ཆེན་ལ། གཙུག་ལག་ཁང་དུ་ལོ་གཅིག་དུས་གཅིག་གི་བཅོ་ལྔ་མཆོད་པ་བཤམས་ནས་བཅོ་ལྔའི་མཆོད་འབུལ་བྱས་པ། 


                              F201812271427547146701149.jpg

       ཟླ3ཚེས17ཉིན། བོད་ཟླ་དང་པོའི་ཚེས་སུམ་ཅུ་ཉིན། བོད་ཀྱི་ལོ་ཐོར་གཞིགས་ན་ཉིན་དེ་ནི་དཔྱིད་རྨོད་དང་མཐུན་པའི་གཟའ་སྐར་མཆོག་གྱུར་ལ་རྩིས་ཡོད་པས་བོད་ཀྱི་ས་གནས་མང་པོར་ཞིང་འབྲོག་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་རྨོན་མཛོ་ཁྲིད་པའམ་ཡང་ན་འདྲུད་འཐེན་འཁོར་ལོ་ཞིང་ནང་དུ་བཏང་ནས་གཉའ་གཅོག་མཛད་སྒོ་སྤེལ་ཡོད།

 

               F201812271428322806701150.jpg

              ཟླ་5ཚེས་15ཉིན། བོད་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། བོད་ལྗོངས་སུ་དུས་ཡུན་ཟླ་གཅིག་ཙམ་གྱི་ཆོས་ལུགས་དུས་ཆེན"ས་ག་ཟླ་བ"བསུས་ཡོད།  


                              F201812271431199786701157.jpg

        འོང་སྐོར་ནི་ད་བར་ལོ་ངོ་1500ལྷག་གི་ལོ་རྒྱུས་ཡོད་ཅིང་། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ཡིན། འོང་སྐོར་ནི་འོང་ཁར་སྐོར་བ་རྒྱག་པ་དང་། བོད་ཀྱི་ཞིང་ཁུལ་དུ་ལོ་ལེགས་ཡོང་བར་རྟེན་འབྲེལ་ཞུ་བའི་དུས་ཆེན་ཞིག་ཡིན།


                              F201812271431280036701158.jpg

        བོད་བྱང་ཐང་གི་འབྲོག་པས་ཟླ་བརྒྱད་པར་དུས་ཚིགས་ཡག་ཤོས་བརྗོད་ཅིང་། ནག་ཆུ་གྲོང་ཁྱེར་གྱིས་ལོ་རེའི་ཟླ8ཚེས10ནས་ཚེས14ཉིན་བར་རྟ་རྒྱུག་དུས་ཆེན་གཏོང་སྲོལ་གཏན་འཁེལ་བྱས་ཡོད།


               F201812271429353676701152.jpg

         ཟླ8ཚེས11ཉིན། བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཞོ་སྟོན་ཡིན་ཞིང་། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཞོ་སྟོན་དུས་ཡུན་ཉིན་བདུན་ཙམ་གཏོང་གི་ཡོད།


                               F201812271429546476701153.jpg

       ཟླ9ཚེས9ཉིན་ནས་ཚེས15ཉིན་བར་ནི་བོད་ཀྱི་སྲོལ་རྒྱུན་དུས་ཆེན"སྐར་མ་རི་ཥི"ཡིན་ཞིང་། དུས་ཡུན་ཉིན་བདུན་གཏོང་གི་ཡོད། ལུགས་སྲོལ་འདི་ནི་ད་བར་ལོ་ངོ800ལྷག་ཙམ་རྒྱུན་མཐུད་བྱུང་ཡོད།


                              F201812271430445156701155.jpg  

                        ཟླ11ཚེས23ཉིན། བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ནི་བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་དུས་ཆེན"དཔལ་ལྷའི་གསོལ་མཆོད"ཡིན།


                              F201812271430539946701156.jpg

      ལོ་ལྟར་གྱི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི"དགའ་ལྡན་ལྔ་མཆོད"ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་མྱ་ངན་ལས་འདས་པའི་དུས་དྲན་ཡིན། 

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

   

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-3-24 00:53 , Processed in 0.277640 second(s), 21 queries .

返回顶部