博客西藏在最高处过一种生活

日志

༄༅།།སྔོན་གཤེགས་དཔའ་བོ་རྗེས་དྲན་ཉིན་མོར་མ ...

已有 56 次阅读2018-10-2 07:41 |系统分类:文化


     ༄༅།།སྔོན་གཤེགས་དཔའ་བོ་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིན་ནས་གཟབ་རྒྱས་ངང་བསྡུས།
                                      ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

               

      ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། སྔོན་གཤེགས་དཔའ་བོ་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

               ༢.jpg

      ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། སྔོན་གཤེགས་དཔའ་བོ་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

               ༣.jpg

                            འདི་ནི་ཞི་ཅིན་ཕིང་གིས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མཇལ་བའི་ཚུལ་རེད།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྔོན་གཤེགས་དཔའ་བོ་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།

      རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད། ཐང་ཆེན་གྱི་དཀྱིལ་དུ་མེས་རྒྱལ་ལ་རྟེན་འབྲེལ་ཞུ་ཞེས་པའི་མེ་ཏོག་སི་ར་ཆེན་པོས་རྒྱལ་ཁབ་དར་རྒྱས་འབྱོར་ཕྱུག་གི་སྨོན་འདུན་བཟང་པོ་མཚོན་པར་བྱས་ཡོད། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་འགྲེངས་ཡོད་ལ། རྡོ་རིང་བྱང་འདབས་ཀྱི་མེ་ཏོག་གི་སྡིངས་ཆའི་སྟེང་དུ། མེ་ཏོག་དཀར་དམར་གྱིས་གྲུབ་པའི་མེ་ཏོག་གི་ཕྲེང་བས་མི་རྣམས་ཀྱིས་མི་དམངས་དཔའ་བོར་བཅངས་པའི་དྲན་གདུང་ཟབ་མོ་མཚོན་ཡོད།

      དུས་ཚོད་བཅུ་ལ་ཉེ་སྐབས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

      ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རམ་དཀྲོལ་ཚོགས་པའི་འཁྱིལ་དུང་ཆུང་བ་འབུད་མཁན་གྱིས་སྔོན་གཤེགས་དཔའ་བོ་ཉིན་མོའི་དུང་བརྡ་བུས་པ་ན། གདུང་བ་ཟབ་མོས་ཁེངས་པས་དབྱངས་རྟས་མི་རྣམས་ཀྱི་དྲན་འཛིན་དམག་འཁྲུག་གི་ལོ་ཟླའི་ཁྲོད་དུ་དྲངས།

      གུས་དམག་གིས་གྲ་སྒྲིག་བྱོས་ཞེས་པའི་བཀའ་བརྡ་བསྒྲགས་པ་ན། དམག་སྣ་གསུམ་གྱི་གཟབ་སྦྲེངས་དམག་མི་རྣམས་གོམ་སྟབས་འགྲིག་པོས་དྲན་གསོའི་རྡོ་རིང་མདུན་དུ་ཐོན་ནས་ལག་ཏུ་མེ་མདའ་བཟུང་སྟེ་ཀྲོང་ངེར་ལངས།

      དུས་ཚོད་བཅུའི་སྟེང་། མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་བརྩམས། དམག་དཔུང་རམ་དཀྲོལ་ཚོགས་པས་བློས་བླངས་དམག་གི་མདུན་སྐྱོད་སྒྲ་དབྱངས་དཀྲོལ་བ་དང་། ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

      རྒྱལ་གླུ་བླངས་ཚར་རྗེས། ཚང་མ་ཡར་ལངས་ནས། ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས།

      མྱ་ངན་ཞུས་རྗེས། ལག་ཏུ་མེ་ཏོག་བཟུང་བའི་ན་ཆུང་བྱིས་པས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་གདོང་གཏད་ནས་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་ཞེས་པའི་གླུ་དབྱངས་བླངས་པར་མ་ཟད། ན་ཆུང་གདོང་ལེན་རུ་ཁག་གི་གུས་ལུགས་ཕུལ།

      མང་ཚོགས་ཀྱི་རུ་བསྟར་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས། འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི། ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ནས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་གྲལ་སྟར་བསྒྲིགས་ཡོད་ལ། མེ་ཏོག་སི་རའི་དར་ཚོན་སྟེང་དུ་མི་དམངས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག་ཅེས་པའི་ཡིག་འབྲུ་སེར་པོར་བཀྲག་མདངས་ལྷམ་མེར་འཚེར་བཞིན་ཡོད།

      དམག་དཔུང་རམ་དཀྲོལ་ཚོགས་པས་མེ་ཏོག་འབུལ་བའི་རོལ་དབྱངས་དཀྲོལ་བ་ན། གུས་དམག་བཅོ་བརྒྱད་ཀྱིས་མེ་ཏོག་སི་ར་བཏེགས་ནས་དལ་གྱིས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་སོང་སྟེ། མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་སུ་བཞག

      ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་སྔ་གཞུག་ཏུ་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་སུ་ཕེབས་ཏེ། མེ་ཏོག་སི་རའི་མདུན་ནས་ཅུང་ཙམ་བསྡད་དེ་གུས་འདུད་ཞུས།

དེའི་རྗེས་སུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དལ་གྱིས་རྡོ་རིང་ལ་བསྐོར་བ་བརྒྱབ་པ་དང་། མགོ་བོ་དགྱེ་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མཇལ།

      ན་ཆུང་བྱིས་པ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་ཡང་རིམ་པ་བཞིན་དུ་དྲན་གསོའི་རྡོ་རིང་གི་མདུན་དུ་སོང་ནས། མེ་ཏོག་ཕུལ་བ་མ་ཟད་མགོ་བོ་དགྱེ་ནས་རྗེས་དྲན་རྡོ་རིང་ལ་མཇལ།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-16 14:16 , Processed in 0.280635 second(s), 21 queries .

返回顶部