博客西藏在最高处过一种生活

日志

༄༅།། རེབ་གོང་པའི་རྒྱན་གོས་ཀྱི་སྐོར། ...

热度 1已有 97 次阅读2018-9-15 09:32 |系统分类:文化


                                              ༄༅།། རེབ་གོང་པའི་རྒྱན་གོས་ཀྱི་སྐོར།
                               ཡོང་ཁུངས།  བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། རེབ་གོང་པ་རྡོ་རྗེ་རྒྱལ། 

                     

     གོན་པ། གྱོན་གོས་ལ་རྟེན་གྱི་སྒོ་ནས་དབྱེ་ན། ཕོ་ལྭ་དང་མོ་ལྭ་གཉིས་སམ་ཡང་ན་སྐྱ་ལྭ་དང་གྲྭ་ལྭ་གཉིས་དང་། དུས་ཚིགས་ཀྱི་སྒོ་ནས་དབྱེ་ན་དབྱར་ལྭ་དང་དགུན་ལྭ་གཉིས་ཡོད། རེབ་གོང་གི་བོད་རིགས་སྐྱེས་ཕོ་མོ་རྣམས་ཀྱིས་གོན་པའི་གཙོ་བོ་ཕྲུག་ལྭ་དང་། ཐེར་ལྭ། ཚ་རུ། པགས་སློག རས་ལྭ། གོས་ལྭ་བཅས་དང་། ལྷམ་གྱི་གཙོ་བོ་འཇུར་རྟ་དང་། འགོ་ལུ། འབུའུ་རས། གོ་ལྷམ་སོགས་གཙོ་བོར་བྱེད་ནའང་ད་ལྟ་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་གྱོན་ཆས་ཐད་རིགས་མི་འདྲ་བ་སྣ་ཚོགས་ཤིག་གྱོན་སྲོལ་དར་བས་འགྱུར་བ་ཆེན་པོ་བྱུང་ཡོད། ཡིན་ནའང་གྱོན་གོས་ནི་འགྲོ་བ་མིའི་རིགས་ལ་དར་སྔ་ཞིང་མེད་མི་རུང་ཞིག་ཡིན་ལ། གྱོན་གོས་ཀྱི་སྟེང་ནས་མི་རིགས་དེའི་ཀུན་སྤྱོད་མཚོན་པར་མ་ཟད། མི་རིགས་དེའི་ཤེས་རིག་ལྡན་པའི་ལོ་རྒྱུས་ཀྱང་མཚོན་ཐུབ་པས་སྲོལ་རྒྱུན་གྱོན་གོས་གྱོན་རྒྱུར་ངེས་པར་དུ་ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ཡིན།

     སྐྲ་ལུགས། རེབ་གོང་གི་བུད་མེད་རྣམས་ཀྱི་སྐྲ་སླས་ཚུལ་ལ་རིགས་གསུམ་ཡོད། ན་ཆུང་བུད་མེད་རྣམས་ཀྱི་ཟུར་གསུམ་ལྟ་བུ་དང་། བུད་མེད་དར་མས་ཚེས་རི་ལྟ་བུ། བུད་མེད་རྒན་པ་རྣམས་ཀྱིས་སྒོར་དབྱིབས་ལྟར་སླས་སྲོལ་ཡོད་ནའང་ད་ལྟའི་གཞོན་ནུ་མ་རྣམས་ལ་མ་ངེས་པའི་སྐྲ་ལྷས་སྲོལ་མང་དུ་འདུག་གོ
      གའུ། མིང་གཞན་ལ་སྲུང་འཁོར་ཡང་ཟེར། རྒྱུ་དངུལ་གྱིས་བཟོས་ཤིང་དབྱིབས་མཆོད་རྟེན་ལྟར་ཡོད་པ། མདུན་ཕྱོགས་སྒོ་རྒྱན་གྱི་དབྱིབས་དང་རྒྱབ་ན་ཁ་འགེབས་ཡོད་པ། སྒོ་རྒྱན་གྱི་གཡས་གཡོན་དུ་དངུལ་གྱི་རི་མོ་སྣ་ཚོགས་བཟོས་པ། ནང་རྟེན་དུ་འདྲ་སྐུ་དང་། གླེགས་བམ། རིང་བསྲེལ་གྱི་རིགས་སོགས་བཞག་ཡོད། དེ་ལ་ལུས་སྲུང་གི་དགེ་མཚན་ཆེ་བར་བྱེད་པས་རེབ་གོང་གི་མི་མང་པོའི་ཁྲོད་དར་ཁྱབ་ཤིན་ཏུ་ཆེ་ནའང་བུད་མེད་ཚོས་རྒྱན་ཆ་བྱེད་སྲོལ་གཏན་ནས་མེད།
      རེབ་གོང་གི་སྐྱེས་པ་ཞིག་ཡིན་ཚེ་རྒན་གཞོན་ལ་མ་ངེས་པར་གྲི་འདོགས་པར་ཤིན་ཏུ་རྩིས་ཆེ། དེ་ཡང་རྒྱུ་དངུལ་གྱིས་བརྡུང་ཞིང་། སྟེང་དུ་རི་མོ་དོད་པ། བ་སོའི་ཐུར་མས་བརྒྱན་པ། རིང་ཚད་ལ་མཐོ་དོ་ཡོད་པ་ཚད་ལྡན་དུ་བརྩི་ནའང་དེར་ངེས་པ་མེད། མིག་སྔར་གྲི་འདོགས་རྒྱུ་ནི་སྤྱི་ཚོགས་ལ་མི་འཚམ་པའི་ལས་སུ་བརྩིས་ཏེ་ཇེ་ཉུང་ལ་སོང་བའི་ཚོད་ཙམ་ཡིན།
      རྣ་ལུང་། རེབ་གོང་གི་སྐྱེས་པ་ཉུང་ཤོས་ཤིག་གིས་རྣ་བ་གཡོན་ཕྱོགས་སུ་རྣ་ལུང་འདོགས་པ་ཤུགས་ཆེ། བུད་མེད་རྣམས་ཀྱིས་རྣ་བ་གཡས་གཡོན་གཉིས་ལ་འདོགས། དབྱིབས་སྒོར་སྒོར་ཡིན་ལ། རྒྱུ་ཆ་ཁྱིམ་ཚང་གི་འཁོས་ཀ་ལྟར་གསེར་དངུལ་ཟངས་སོགས་གང་རུང་གི་རྣ་ལུང་འདོགས་པ་ཡིན།
      ཨ་ལུང་། ཨ་ལུང་ནི་བུད་མེད་ཁོ་ནའི་འདོགས་ཆ་ཞིག་ཡིན། དེའི་ཡུ་བ་གྲུ་བཞི་ནར་མོ་དང་། ཡུ་བའི་ལྟེ་བར་བྱི་རུའི་འཕྲ་ཡོད་པ། མགོ་གཟེ་མ་ར་མགོའི་དབྱིབས། དེ་ཡང་དངུལ་གྱིས་བརྡུངས་ཤིང་སྟེང་དུ་རི་མོ་ཡོད་པ་ཞིག་ཡིན་ལ། གཙོ་བོ་རེབ་གོང་ས་ཁུལ་ལ་མཚོན་ན་འབྲོག་པའི་བུ་མོ་རྣམས་ལ་དར་ཁྱབ་ཤིན་ཏུ་ཆེ།
      བཞོ་ལུང་། འདི་ནི་བཞོ་ཟོ་ཡི་ཡུ་བ་འདོགས་སྤྱད་ཡིན། ཟངས་གདན་གྱི་སྟེང་དུ་དངུལ་གྱིས་གཡོགས་ཤིང་རྒྱན་སྣ་ཚོགས་བཏགས་ཡོད་པ་རེད། དུས་འགྱུར་གྱི་དབང་གིས་ད་ལྟ་རེབ་གོང་གི་བུད་མེད་དག་ལ་མཚོན་ན་ལོ་གསར་དང་དུས་ཆེན་ཁག་གི་སྐབས་རྒྱན་ཆ་རུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

      སྐེ་རྒྱན། སྐེ་རྒྱན་ནི་རེབ་གོང་གི་ཡུལ་གྲུ་འདིའི་ན་གཞོན་ཕོ་མོ་རྣམས་ཀྱིས་རྒྱན་ཆའི་རིགས་གཙོ་བོ་ཞིག་ཡིན་མོད། དེ་ལ་བྱུ་རུ་དང། མ་ནོ། གཟི། གཡུ། དངུལ་སོགས་བརྒྱུས་ཏེ་སྐེ་ལ་འདོགས། རིན་པོ་ཆེའི་སྐེ་རྒྱན་གྱི་བར་དུ་དངུལ་གྱི་ཨ་ལུང་བཞག་སྟེ་འདོགས་པ་སོགས་རང་གི་འབྱོར་བ་དང་བསྟུན་དགོས་པ་ལས་གཞན་མེད། 
      ལག་གདུབ། རྒྱུའི་གཙོ་བོ་བ་སོ་དང་། གསེར། དངུལ། གཡུ་སོགས་ཡིན་ལ། སྟག་ཤར་རྣམས་ཀྱིས་བ་སོའི་ལག་གདུབ་དང་། དམན་ཤར་ཚོས་གསེར་དང་། དངུལ་དང་། གཡུ་དང་། བ་སོ་སོགས་གང་རིགས་འདོགས་པ་ལ་རེབ་གོང་པ་རྣམས་ཧ་ཅང་སྤྲོ།
      སོར་གདུབ། རྒྱུའི་གཙོ་བོ་གསེར་དང་། གཡུ། དངུལ་གསུམ་ཡིན། གསེར་དང་དངུལ་གྱི་སོར་གདུབ་སྟེང་རི་མོ་འགོད་པ་འམ། རིན་པོ་ཆེ་མ་ནོ་དང་གཟི། བྱུ་རུ་བཅས་ཀྱི་འཕྲ་བཏབ་པའང་སྣང་། གཙོ་བོ་ན་གཞོན་ཕོ་མོའི་རྒྱན་ཆ་ལས་གཞན་ཕན་ཚུན་གྱི་བརྩེ་དུང་མཚོན་བྱེད་ལ་འབུལ་བ་དང་ཡིད་བརྟན་གྱི་དངོས་པོ་བཟང་ཤོས་ཤིག་ཏུ་བརྩི་སྲོལ་ཡོད།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་དྲ་བ་ལས་བཏུས་སོ།



发表评论 评论 (2 个评论)

回复 丹正嘉的blog 2018-9-16 16:01
  
回复 ljh8520035 2018-9-17 14:55
丹正嘉的blog 2018-9-16 16:01
   

谢谢教师关注

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-23 02:34 , Processed in 0.291713 second(s), 22 queries .

返回顶部