博客西藏在最高处过一种生活

日志

༄༅།།མགོན་པོ་བཀྲ་ཤིས་རྨ་ལྷོ་ཁུལ་གྱི་མི་རི ...

已有 48 次阅读2018-9-10 10:43 |系统分类:娱乐


             ༄༅།།མགོན་པོ་བཀྲ་ཤིས་རྨ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུ་ཐེངས་ལྔ་བར་ཞུགས།
                                       ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

                              

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུ་ཐེངས་ལྔ་བ་ཟླ་དགུ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར་རྨ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་ནས་བསྡུས།  ཚོགས་ཐོག་ནས་གཟེངས་བསྟོད་གཏན་ཁེལ་སྒྲོག་འདོན་བྱས་པར་མ་ཟད་བྱ་དགའ་བྱིན་པ་དང་།  ཁུལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཧུར་ཐག་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གྲོས་འདོན་ཡི་གེ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་དེ། སྔར་ལས་ལྷག་པ་དྲུག་ལ་བརྟེན་ནས་རྨ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ལེའུ་གསར་བ་འབྲི་རྒྱུའི་རེ་བ་བཏོན།

      མགོན་པོ་བཀྲ་ཤིས་ཀྱིས་རྨ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། འཛུགས་སྐྲུན་གྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོ་འདིང་བར་སྔར་ལས་དོ་སྣང་བྱེད་པ། བསམ་བློའི་སྣེ་ཁྲིད་ལ་སྔར་ལས་དོ་སྣང་བྱེད་པ། དཔེ་མཚོན་སྐྱེད་སྲིང་ལ་སྔར་ལས་དོ་སྣང་བྱེད་པ། དམངས་ཚིས་ལེགས་བསྒྱུར་ལ་སྔར་ལས་དོ་སྣང་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་སྔར་ལས་འབུར་ཐོན་བྱེད་པ་སོགས་ཕྱོགས་དྲུག་ཐད་ནས་རྨ་ལྷོའི་གོ་རིམ་རྗེས་མའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ཐད་རེ་བ་ནན་མོ་བཏོན།

      མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྨ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐེངས་འདིའི་ཚོགས་འདུ་འགོ་ཚུགས་སར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས། གྲོས་འདོན་ཡི་གེའི་ནང་དོན་ལག་བསྟར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱ་བའི་རྣམ་པ་གསར་གཏོད་བྱས་ཏེ། ཧུར་ཐག་གིས་རྨ་ལྷོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བའི་ཐད་ནས་སྔར་ལས་ཁྱད་ཆོས་ལྡན་པར་བྱེད་དགོས་ཟེར།

      ཚོགས་ཐོག་ཏུ། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐུན་རིན་རྫོང་ཐོ་རྒྱ་གྲོང་རྡལ་སོགས་སྡེ་ཁག་བརྒྱ་དང་གསུམ་ལ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནང་བ་དང་། ཧན་ཅུན་སོགས་མི་བརྒྱ་ལ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-23 10:39 , Processed in 0.278461 second(s), 21 queries .

返回顶部