博客西藏在最高处过一种生活

日志

༄༅།།ཆེ་དགྲ་ལྷས་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན ...

已有 54 次阅读2018-9-9 10:54 |系统分类:娱乐


                           ༄༅།།ཆེ་དགྲ་ལྷས་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་སྐོར་གྱི་
                            རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།
                                           ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

                               

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་སྐོར་གྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

      ཆེ་དགྲ་ལྷས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་གོང་འཕེལ་དང་བརྟན་དུ་བཏང་བ། མི་དམངས་ཀྱི་འཚོ་བ་ཆེས་ཆེར་ལེགས་སུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པ་བཅས་བྱུང་ཡོད། ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་པར།ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་གལ་ཆེན་ནི་རྦད་དེ་ཡང་དག་པ་ཞིག་ཡིན་ལ། བཏོན་པའི་སྲིད་ཇུས་དང་བྱེད་ཐབས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད་ཅེས་གསུངས་པ་རེད།

      ཆེ་དགྲ་ལྷས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་གོ་སྐབས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་བླང་བྱ་གཞིར་བཟུང་། སྒྱུར་བཅོས་སྒོ་དབྱེའི་གསར་གཏོད་ལ་བརྟེན་ནས་འབད་འབུངས་སྟོབས་བརྩོན་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་དགོས། ཁོང་དུ་ཡང་དག་ཆུད་པ་དང་གསེད་བཀྲོལ་ཕྱོགས་སྡོམ་ཡག་པོ་བྱས་ནས་ཀྲུང་དབྱང་གིས་ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་རང་ལྗོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་བཏོན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་གང་ལེགས་བྱེད་དགོས། གཙོ་གནད་འབུར་དུ་ཐོན་པ་བྱས་ནས་ཞན་ཆ་གསབ་པ་དང་གཏན་ལ་འཁེལ་བའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱེད་པ་དང་། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་མཐུན་སྦྱོར་དང་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་སྣོད་བཅུད་དང་དམངས་འཚོའི་འདུ་འགོད་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། དེ་བས་འགྲན་རྩོད་ནུས་པ་ལྡན་པའི“ཁོར་ཡུག་བཟང་པོ”སྐྲུན་པ་དང་། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ། “དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ”ཟུང་དུ་འབྲེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-23 11:05 , Processed in 0.281143 second(s), 21 queries .

返回顶部