博客西藏在最高处过一种生活

日志

༄༅།།ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ ...

已有 129 次阅读2018-9-4 09:24 |系统分类:娱乐


                           ༄༅།།ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི༢༠༡༨ལོའི་བོད་སྐད་ཡིག་གི་
                                    ཡིག་སྒྱུར་ཆེད་མཁས་པའི་གྲོས་ཚོགས་དར་མདོར་འཚོགས།

                                        ཡོང་ཁུངས། ཁམས་པའི་དྲ་བ།


                                           

      སྤྱི་ཟླ༨པའི་ཚེས༣༠ཉིན། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་ཀྱིས་རོགས་གཉེར་བྱས་པའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི༡༠༡༨ལོའི་བོད་སྐད་ཡིག་གི་ཡིག་སྒྱུར་ཆེད་མཁས་པའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། 

      ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་ལེན་ཀྲི་ཆི་འགོ་ཚུགས་མཛད་སྒོར་ཞུགས་ཤིང་གསུང་བཤད་གནང་བ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཝན་ཡིང་གིས་གྲོས་ཚོགས་གཙོ་འགན་བཞེས། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་ཡུས་ཧྥེང་འགོ་ཚུགས་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན། བོད་རང་སྐྱོང་ལྗོངས་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་གཡུ་སྒྲོན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་བཅས་གྲོས་ཚོགས་སུ་ཞུགས་པ་རེད། 

      འགོ་ཚུགས་མཛད་སྒོའི་ཐོག་ཏུ། ལེན་ཀྲི་ཆིས་ད་ལྟའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་ཀར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ། ཐེངས་འདིའི་གྲོས་ཚོགས་ཀྱི་བླང་བྱ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ་གནས་བབ་གསར་པའི་འོག་མི་རིགས་ཡིག་སྒྱུར་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཏང་ཀྲུང་དབྱང་གིས་མི་རིགས་ཡིག་སྒྱུར་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པ་དང་ལས་འགན་གསར་པ་བཅས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་བ་རེད། 

      ཚུའེ་ཡུས་ཧྥེང་གིས་ཐོག་མར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་དེ་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ནས་ཕེབས་པའི་འགོ་ཁྲིད་དང་ཆེད་རམས་པ་རྣམས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུས་ཤིང་།དཀར་མཛེས་ཁུལ་གྱི་འོད་སྟོང་ལྡན་པའི་ལོ་རྒྱུས་དང་།སྲིད་འབྱོར་རིག་གསུམ་དང་སྐྱེ་ཁམས་སོགས་འཕེལ་རྒྱས་གཏོང་བའི་ཐད་ལ་ཐོབ་པའི་གྲུབ་འབྲས། དུས་ཡུན་རིང་པོའི་ནང་དུ་དཀར་མཛེས་ཁུལ་གྱི་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་སོགས་དང་འབྲེལ་ནས་ཤིས་ཚིག་ཕུལ་བ་རེད། 

      འཚོག་ཡུན་ཉིན་གཉིས་རིང་ལ། ས་གནས་སོ་སོ་ནས་ཡོང་བའི་རྒྱ་བོད་ལོ་ཙཱའི་ཆེད་རམས་པ་སུམ་ཅུ་ལྷག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱི་ཁྲོད་དུ་ལུང་དྲངས་པའི་རྒྱ་ཡིག་གི་གཏམ་རྒྱུད་གཏམ་དཔེ་དང་སྙན་ཚིག་༡༧༠ལ་གྲོས་ཞིབ་བྱས་པ་རེད།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཁམས་པའི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-20 04:32 , Processed in 0.341583 second(s), 21 queries .

返回顶部