博客西藏在最高处过一种生活

日志

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཞུགས་མོ ...

已有 120 次阅读2018-8-26 08:08 |系统分类:娱乐


               ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཞུགས་མོལ་ཚོགས་འདུའི་སྟེང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་བླང་བྱ་བཏོན།
                                                ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 


                                  ༡.jpg

           པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལྷོ་ཁ་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ། 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཚེས18 ཉིན་ལྷོ་ཁ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བཞུགས་མོལ་གནང་སྐབས “ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཞིག་ཡིན་པའི་ཆ་ནས་ཆོས་གསུངས་པའི་བརྒྱུད་རིམ་ཁྲོད་ངེས་པར་དུ་མང་ཚོགས་དང་འབྲེལ་འདྲིས་ཡག་པོ་བྱེད་པ་དང་། དད་ལྡན་མང་ཚོགས་ཀྱི་རང་ལུས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་བྱེད་ཐབས་ལ་མཐོང་ཆེན་བྱས་ནས་གོ་བདེ་ཞིང་ཤེས་སླ་བ་བྱེད་པར་བརྩོན་ལེན་བྱེད་དགོས”ཞེས་ནན་བཤད་བྱས།

      པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཤད་རྒྱུར། ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་དང་། ལྷོ་ཁའི་དགོན་སྡེ་དང་གྲུབ་མཐའ་ཁག་གི་འཐུས་ཚབ་མི་སྣ་རྣམས་ཀྱི་གཏམ་བཤད་ཁྲོད་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་བོད་བརྒྱུད་ནང་བསྟན་གྱིས་བཏོན་པའི་ནུས་པ་གལ་ཆེན་ལ་རྒྱུས་ལོན་བྱེད་ཐུབ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་དང་མི་རིགས་ཀྱི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་སྟེ་འབྲེལ་ཡོད་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཞིག་ཡིན་པའི་ཆ་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་ཞེས་བཤད།


                     ༢.jpg

      འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལྷོ་ཁ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་གཏམ་བཤད་གནང་བར་གསན་པ་མ་ཟད་ཟིན་ཐོ་ཡག་པོ་འགོད་བཞིན་པའི་ཚུལ་ཡིན། 

      པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཤད་རྒྱུར། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཞིག་ཡིན་པའི་ཆ་ནས་སྔོན་ལ་ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ཁག་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་འགྲེལ་བཤད་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ་། དོན་འཁྱོལ་ཡག་པོ་ཡོང་བ་བྱ་དགོས་ཤིང་།  དེ་ནས་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱི་བསམ་ཚུལ་དང་དཀའ་ངལ་གོང་རིམ་སྡེ་ཁག་ལ་ཇི་མ་ཇི་བཞིན་དུ་ཞུས་ཏེ་ཏང་དང་དད་ལྡན་མང་ཚོགས་བར་གྱི་འབྲེལ་ཟམ་ཡག་པོ་བྱ་དགོས་ཞེས་བཤད།

      ཁོང་གིས་དེའི་རྗེས་ནས་བསྟན་དོན། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ནང་བསྟན་གཞུང་ལུགས་ཀྱི་ཤེས་བྱར་སློབ་སྦྱོང་དང་ཤེས་རྟོགས་བྱུང་བར་མཐོང་ཆེན་བྱས་ཏེ་རང་སྟེང་གི་ཆོས་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ནང་བསྟན་གྱི་དགོངས་པ་དང་རིགས་པའི་གཞུང་ལུགས་ཀྱི་ཐད་ནས་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་ཡག་པོ་བྱེད་པ་དང་། ཆོས་སློབ་པའི་རིམ་པ་ཆེན་པོ་གསུམ་སྟེ་ཐོས་བསམ་སྒོམ་གསུམ་ནས་དེང་རབས་ཀྱི་ཚན་རིག་རིག་གནས་དང་། ཆབ་སྲིད། བཅའ་ཁྲིམས་ཚང་མར་སློབ་སྦྱོང་དང་རྒྱུས་ལོན་ཡག་པོ་བྱ་དགོས་པར་མ་ཟད། ད་དུང་ཆོས་ཡག་པོ་བཤད་དེ་རང་ངོས་ཀྱི་བློ་སྒོ་འབྱེད་པ་དང་རྟོགས་ཟིན་པའི་རྨང་གཞིའི་སྟེང་དད་ལྡན་མང་ཚོགས་ལ་ཡག་པོ་བཤད་པ་དང་། འགྲོ་བ་ཀུན་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་བཤད་ནས་དད་ལྡན་མང་ཚོགས་ཀྱིས་ཆོས་ལ་ཉན་རྗེས་གཤིས་རྒྱུད་དེ་བས་བཟང་བ་དང་། སྔར་བས་ཧུར་བརྩོན་དང་བློ་རིག་ཇེ་གསལ་དུ་ཡོང་བར་འཇུག་དགོས།

      “བོད་བརྒྱུད་ནང་བསྟན་པ་ཞིག་ཡིན་པའི་ཆ་ནས།  རྒྱལ་གཅེས་ཆོས་གཅེས་དང་། མི་རིགས་ལ་དགའ་བ་དང་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བརྟན་པོ་ཡོང་བ་བྱ་དགོས”ཞེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བསྟན་ཞིང་།  ཉིན་འདི་དག་གི་རིང་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་ཁག་གི་དགོན་སྡེ་སོ་སོར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཏེ་ཆོས་ལུགས་ཀྱི་ལས་དོན་ཁག་དོན་འཁྱོལ་ཧ་ཅང་ཡག་པོ་ཡོང་བ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་རྣམ་པ་ཡང་ཧ་ཅང་བཟང་བ་མཐོང་སྟེ་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་པ་དང་བཟང་ཐོག་བཟང་བརྩེགས་ཡོང་བའི་རེ་བ་ཞུ་ཞེས་བཤད།

                    ༣.jpg

                                        འདི་ནི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་རེད། 


                     ༤.jpg

                           འདི་ནི་ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་གིས་གཏམ་བཤད་སྤེལ་བ་རེད། 

      ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་གིས་ཚོགས་འདུའི་ཐོག2016ལོར་ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ནས་བཟུང་དེར་ཐོབ་པའི་ལས་ཀའི་གྲུབ་འབྲས་སྙན་སེང་མདོར་བསྡུས་ཞུས་ཤིང་།  ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་མཐུན་སྒྲིལ་ངང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་སྣེ་ཁྲིད་དེ་དད་ལྡན་མང་ཚོགས་ལ་སྟོབས་ཤུགས་དེ་བས་མང་པོ་གནད་སྨིན་དབུལ་སྐྱོར་དང་། ཐོན་སྐྱེད་གོང་འཕེལ། འཚོ་བའི་ལེགས་བཅོས་སྟེང་བཀོལ་བར་སློབ་གསོ་དང་ཁྲིད་སྟོན་གནང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ནས་རང་འགུལ་ངང་ཐབས་འདོན་ཇུས་འབུལ་གནང་བར་ཧུར་ཐག་བྱ་དགོས། “ ཡོད་དགུ” དང་། “ དྲུག་བསྐྲུན” “གཅིག་ཅན་དྲུག” དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་པ་བརྒྱུད། ནུས་ལྡན་སྒོས་དགོན་སྡེའི་དོ་དམ་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། དགོན་སྡེའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ཡོང་བ་ནི་ནང་དོན་གཙོ་བོར་གྱུར་ཡོད། དེ་དང་དུས་མཚུངས་སུ། ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ཐུབ་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་དང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་མཐུན་པའི་འགྲེལ་བཤད་བྱ་དགོས་ཤིང་།  བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་སྲོལ་རྒྱུན་ཟམ་མི་ཆད་པར་དར་སྤེལ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ཕན་ཚུན་མཐུན་པར་སྐུལ་འདེད་བྱ་དགོས།  རྒྱ་ཆེ་བའི་གྲྭ་བཙུན་རྣམས་ཀྱིས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་ཀྱི་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཞིག་བསྐྲུན་པར་ཧུར་ཐག་བྱེད་དགོས།

      བཞུགས་མོལ་ཚོགས་འདུའི་ཡུལ་དངོས་སུ་ལྷོ་ཁའི་དགོན་སྡེ་དང་གྲུབ་མཐའ་ཁག་གི་འཐུས་ཚབ་མི་སྣས“ དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དང་། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ” “ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས” དང“ ཚད་གཞི་བཞིར་བརྩི་སྲུང་བྱ་བ” སོགས་ཀྱི་ནང་དོན་ཐད་གཏམ་བཤད་སྤེལ་བ་རེད།

                                        ༥.jpg

                འདི་ནི་བཞུགས་མོལ་ཚོགས་འདུར་ཞུགས་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་གཏམ་བཤད་གནང་བཞིན་པ་རེད། 


                                          

  འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་བཞུགས་མོལ་ཚོགས་འདུར་ཞུགས་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དྲན་རྟེན་གྱི་མཉམ་པར་རེད། 

                                         ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-20 03:57 , Processed in 0.300677 second(s), 21 queries .

返回顶部