博客西藏在最高处过一种生活

日志

༄༅།།རྨ་ལྷོ་ཁུལ་སྐབས་གསུམ་པའི་དབྱར་སྟོན་ར ...

已有 139 次阅读2018-7-24 08:43 |系统分类:文化


༄༅།།རྨ་ལྷོ་ཁུལ་སྐབས་གསུམ་པའི་དབྱར་སྟོན་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཀྲུང་གོ་བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གྱི་འགོ་རྩོམ་མཛད་སྒོ་ཐུན་རིན་རྫོང་དུ་བསྡུས།ཡོང་ཁུངས། 
ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ། གསར་འགོད་པ། རྡོ་རྗེ་བསམ་འགྲུབ། མཁའ་འགྲོ་ཚེ་བརྟན། 


      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། རྡོ་རྗེ་བསམ་འགྲུབ། མཁའ་འགྲོ་ཚེ་བརྟན།)  དབྱར་གྱི་སྒེག་མོའི་འཛུམ་གྱི་འདབ་མ་གྲོལ།  །བཀྲ་ཤིས་གླུ་ཡིས་དབྱར་སྟོན་དུས་ཆེན་བསུ།  །གསེར་གྱི་ས་ལ་སྒྱུ་རྩལ་ལོ་ཏོག་སྨིན།  །མཛེས་པའི་ཕུགས་འདུན་སྒྱུ་རྩལ་ཐབས་ཀྱིས་བསྐྲུན།  །རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་དངོས་འབེབ་དོན་འཁྱོལ་བྱ་ཆེད་དང་། སྔར་ལས་ལྷག་པར་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དང་ཚོང་རྟགས་སྙན་གྲགས་མཐོར་འདེགས་སུ་གཏོང་བ། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་གསུམ་པའི་དབྱར་སྟོན་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཀྲུང་གོ་བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གཟའ་འཁོར་གྱི་འགོ་རྩོམ་མཛད་སྒོ་ཟླ7པའི་ཚེས23ཉིན་གྱི་སྔ་དྲོར་ཐུན་རིན་རྫོང་རེབ་གོང་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས།


00DSC_6410.jpg

     རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུའམ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཀྲི་ཅོན་གྱིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱེད་བཞིན་པ།


00DSC_6426.jpg

      མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲུའུ་ཞང་ཏུང་གིས་བྱ་འགུལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

      སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་བཅས་ཀྱིས་འགན་སྒྲུབ་བྱས། ཁུལ་ཏང་ཨུའི་རྒྱུན་ཨུའམ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཀྲི་ཅོན་གྱིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲུའུ་ཞང་ཏུང་གིས་བྱ་འགུལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིེང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ལུའུ་ཞ། རིག་གནས་དང་ཡུལ་སྐོར་པུའུ་ཐོན་ལས་ཟིའི་ཀྲུའུ་རེན་ཐེན་ཀྲིན། ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡན་གོ་ལེང་བཅས་དང་། བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་རིག་གནས་ཡུལ་སྐོར་སྡེ་ཁག་གི་སྐུ་མགྲོན་དང་། ཁུལ་ཡོངས་ཀྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མི་དང་རོང་འབྲོག་མང་ཚོགས་ཀྱི་འཐུས་མི། ཁེ་ལས་པའི་འཐུས་མི། སློབ་གྲྭ་ཆུང་འབྲིང་གི་འཐུས་མི་སོགས་མི4000ལྷག་འགོ་རྩོམ་མཛད་སྒོར་ཞུགས།


00DSC_6451.jpg

       བོད་རང་སྐྱོང་ལྗོངས་ལྷ་མོ་ཟློས་གར་ཚོགས་པས་སྣང་ས་འོད་འབུམ་འཁྲབ་བཞིན་པ།

       དབྱང་ཀྲི་ཅོན་གྱིས་མཛད་སྒོར་འགོ་འཛིན་བྱེད་སྐབས་བསྟན་དོན། རྨ་ལྷོ་ཁུལ་གྱིས་དབྱར་སྟོན་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་གར་སྟེགས་འདི་བརྒྱུད་ནས་རྒྱལ་ཡོངས་དང་ཞིང་ཆེན་ཕྱི་ནང་ལ་ཁྱོན་ཡོངས་ནས་རྨ་ལྷོའི་ཁྱད་འཕགས་ཀྱི་རིག་གནས་དང་འཚར་སྡུག་འོད་སྟོང་འབར་བའི་དམངས་སྲོལ་རིག་གནས་མངོན་པར་བཀྲམས་ནས། སྔར་ལས་ལྷག་པར་རྨ་ལྷོར་རྒྱུས་ལོན་དང་རྨ་ལྷོར་དགའ་མོས་བྱེད་དུ་འཇུག་པ་དང་། དུས་མཚུངས་སུ་གོ་སྐབས་འདིར་བསྟུན་ནས་སྤུན་ཟླ་ཁུལ་དང་ཁུལ་བར་ཕན་ཚུན་ལ་འབྲེལ་འདྲིས་དང་སློབ་སྦྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་།  སྔོན་ཐོན་གྱི་དེང་རབས་རིག་གནས་ཀྱི་གྲུབ་འབྲས་བསྡུ་ལེན་དང་སློབ་སྦྱོང་བྱས་ནས་ཧུར་བརྩོན་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་བསྐྲུན་པ་དང་། གོ་སྐབས་དམ་འཛིན་གྱིས་རིག་གནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་བསམ་པའི་རིག་གནས་ཀྱི་སྒུལ་ཤུགས་འདོན་སྤྲོད་བྱ་རྒྱུ་ཡིན།

      རེབ་འདིའི་འགོ་རྩོམ་མཛད་སྒོ་ནི་དབྱར་སྟོན་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དབུ་ཁྱུད་ལྟ་བུ་ཡིན་པས། རྨ་ལྷོ་ཁུལ་གྱི་རིག་རྩལ་ཚོགས་པའི་རྐང་འཛིན་ལས་བྱེད་རྣམས་ཀྱིས་བོད་ཁམས་ཡོངས་ཀྱི་འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་སྐོར་ཞིག་དང་མཉམ་དུ། རྨ་ལྷོའི་ཕུན་སུམ་ཚོགས་པའི་ས་གནས་ཀྱི་རིག་གནས་དང་ཁྱད་ལྡན་ཐོན་ཁུངས་རྒྱབ་ལྗོངས་སུ་བྱས་ཤིང་། དགའ་སྟོན་དང་ངོ་མཚར། གཟབ་རྒྱས་ཀྱི་གར་སྟེགས་ཀྱི་ཕན་འབྲས་དམིགས་འབེན་དུ་བྱས་པའི་གླུ་གར་གྱི་དགོང་ཚོགས་ཆེན་མོ་ཞིག་བསྡུས་པ་བརྒྱུད་ནས། གཟའ་འཁོར་གཅིག་དང་འགྲན་བསྡུར་གཉིས། དུས་ཆེན་བཞིའི་སྒོ་མོ་ཡངས་པོར་ཕྱེས་ཡོད།


00DSC_6557.jpg

      ཐེངས་འདིའི་བྱ་འགུལ་དེ་ཟླ7པའི་ཚེས23ཉིན་ནས་ཟླ9བའི་ཚེས22ཉིན་སྤེལ་རྒྱུ་ཡིན་ལ། བྱ་འགུལ་གྱི་ནང་དོན་གཙོ་བོ་ལ། རྨ་ལྷོ་ཁུལ་དབྱར་སྟོན་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དང་སྐབས་ཐོག་མའི་ཀྲུང་གོའི་བོད་ཀྱི་ཟློས་གར་གཟའ་འཁོར་འགོ་རྩོམ་པའི་མཛད་སྒོ་དང་། སྐབས་ཐོག་མའི་ཀྲུང་གོའི་བོད་ཀྱི་ཟློས་གར་སྒྱུ་རྩལ་གཟའ་འཁོར། སྐབས་ཐོག་མའི་ཨ་མདོའི་དམངས་གླུ་འགྲན་བསྡུར་ཆེན་མོ། སྐབས་བཞི་བའི་ཀྲུང་གོ་རེབ་གོང་ཐང་ག་འབྲི་བཞེངས་འགྲན་བསྡུར་ཆེན་མོ། རྫོང་བཞིའི་ཁྱད་ལྡན་དུས་ཆེན་གྱི་བྱ་འགུལ། རྨ་ལྷོ་ཁུལ་དབྱར་སྟོན་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དང་གཅན་ཚ་རྫོང་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་བསྡུར་བཅས་འདུས་ཡོད།


00DSC_6721.jpg

00DSC_6692.jpg

      དབྱར་སྟོན་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་ནི་རྨ་ལྷོ་ཁུལ་གྱི་ལོ་རེའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་བྱ་བ་གཙོ་བོ་ཡིན་པ་དང་། ཚོང་རྟགས་ཀྱི་ངེས་གནས་ཆེས་མཐོ་ཞིང་དུས་སྟོན་གྱི་འཆར་འགོད་ལ་ཆེས་ཁྱད་ཆོས་ལྡན་པ། བྱ་འགུལ་གྱི་ནང་དོན་ཆེས་ཕུན་སུམ་ཚོགས་ཤིང་། སྤེལ་ཡུན་གྱི་དུས་ཚོད་ཆེས་རིང་བའི་སྣ་མང་ཚོགས་འདུས་ཀྱི་རིག་གནས་བྱ་འགུལ་ཞིག་ཡིན། ལྷག་པར་དུ་རྨ་ལྷོ་ཁུལ་རིག་གནས་སྡེ་ཁག་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་བཏོན་པའི་འཐབ་ཇུས་ཆེན་པོ་གཉིས་ལག་བསྟར་བྱེད་པ་དང་དཔེ་སྟོན་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་རིག་ལམ་ལག་ལེན་གཏིང་ཟབ་བྱས་ཏེ། ནུབ་ཡུལ་དཔལ་གྱི་ཞིང་ཁམས་དང་ངོ་མཚར་གཡང་གི་རྨ་ལྷོའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གསར་སྐྲུན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དང་བྱེད་ཐབས་གཙོ་བོའང་ཡིན་པ་རེད། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-16 05:27 , Processed in 0.266936 second(s), 21 queries .

返回顶部