博客西藏在最高处过一种生活

日志

༄༅།།རྒྱལ་ཡོངས་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ ...

已有 139 次阅读2018-7-13 09:01 |系统分类:娱乐


༄༅།།རྒྱལ་ཡོངས་སྲིད་གྲོས་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ནས་ཆེད་དོན་རྟོག་ཞིབ་བྱས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཉིས་ཉིན་ནས་ཚེས་ལྔ་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་འབྲེལ་ཡོད་བཞུར་རྒྱུན་ཁུལ་ཁོངས་ཀྱི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་བཅས་ཐད་ནས་ཆེད་དོན་རྟོག་ཞིབ་བྱས། རྟོག་ཞིབ་སྐབས་སུ། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་བྱ་བའི་ངོ་སྤྲོད་ལ་ཉན་པ་མ་ཟད་བཞུགས་མོལ་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས། ཀྲིན་ཅན་པང་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་ལིས་ཧུའེ་ཏུང་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་པའོ་ཅུན། ཀོས་ཀྲིག་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀོས་ཀྲིག་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཧྲི་ཅེ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

      ཀྲིན་ཅན་པང་གིས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཀྱི་ལྕགས་རི་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་འགོ་ཁུངས་ཡིན་ལ། རང་རྒྱལ་གྱི་ཆུ་བསྐྱིལ་ས་དང་ཤན་ཤུགས་ཁྱབ་ཁོངས་ཆེས་ཆེ་བའི་སྐྱེ་ཁམས་རྩོལ་ནུས་ཁུལ་ཡིན་པ་དང་། དེའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་རྒྱལ་ཡོངས་རང་བཞིན་དང་ཐ་ན་འཛམ་གླིང་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ནི་དུས་ཡུན་རིང་ཞིང་དཀའ་ཁག་ཆེ་བའི་རྒྱལ་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འགལ་ཟླ་འབུར་དུ་ཐོན་པ་དང་། སྐྱེ་ཁམས་གནས་སྤོར་བྱས་པའི་མང་ཚོགས་དང་ས་དེར་གཞིས་སྡོད་བྱེད་པའི་མང་ཚོགས་དབུལ་ཐར་བྱེད་དཀའ་བ། རྨང་གཞིའི་སྒྲིག་ཆས་ཐད་ཀྱི་བུ་ལོན་མང་བ་སོགས་ཐག་གཅོད་བྱེད་དགོས་པའི་གནད་དོན་མང་པོ་གནས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལ་རྒྱུན་མཐུད་ངང་འགན་སྲུང་བྱེད་པའི་དཀའ་ཁག་ཧ་ཅང་ཆེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆབ་སྲིད་ལངས་གནས་མཐོ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་སྤྱི་ཁོག་གི་ཇུས་གཞིའི་གྲོས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཉམས་མྱོང་རྩ་ཆེན་བསྡུ་གསོག་བྱས་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཏན་ཏན་ཏིག་ཏིག་བཞིའི་མཛུབ་སྟོན་དགོངས་དོན་གྱི་སྣེ་ཁྲིད་འོག གོམ་པ་རེ་རེ་བཞིན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱ་བ་མང་པོ་བསྒྲུབས་ཟེར།

      ལིག་ཉིང་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་གྱི་མངག་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ནས། ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་སོགས་མཚོ་སྔོན་དུ་ཡོང་བར་སེམས་གཏིང་ནས་དགའ་བསུ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་རྐྱེན་སྲོལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འགན་སྲུང་གལ་ཆེན་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཀྲུའུ་ཞི་གཞོན་པ་ཀྲིན་ཅན་པང་གིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་མཚོ་སྔོན་གྱི་སྐྱེ་ཁམས་འཛུགས་སྐྲུན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་ཐད་ནས་རེ་བ་ཞིབ་མོ་བཏོན། དེས་ང་ཚོས་རིགས་ལམ་ཇེ་གསལ་དུ་གཏོང་བ་དང་གཙོ་གནད་འབུར་ཐོན་བྱེད་པ། བྱེད་ཐབས་ཇེ་ལེགས་སུ་གཏོང་བ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་ཟེར།

      བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དང་གྲོས་གཞིའི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནགས་ལས་ཐིན། ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་དོ་དམ་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

      རྟོག་ཞིབ་སྐབས་སུ། ཀྲིན་ཅན་པང་སོགས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཡུལ་དངོས་སུ་སོང་ནས་ལྟ་ཞིབ་བྱས་པ་དང་། སྔ་གཞུག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུའི་འགོ་ཁུངས་སྡེ་གསར་དང་རྨ་ཆེན་རྫོང་གློག་ཚོང་རྟེན་གཞི། རྟ་བོ་ཞང་། གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ། མཚོ་སྔོན་ཞིང་ཆེན5369སྐྱེ་ཁམས་ཕྱུགས་ལས་ཚད་རྩལ་ཚད་ཡོད་ཀུང་ཟི་སོགས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པའི་སྔོན་གྱི་འཚོལ་ཞིབ་དང་ཉམས་མྱོང་བྱེད་ཐབས་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད་བརྗེ་རེས་དང་ཞིབ་སྡུར་བྱས།

      མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། ཀྲིན་ཅན་པང་གིས་ཀྲུང་གུང་ཀྲུང་དབྱང་གིས་ལྔ་གཅིག་འབོད་ཚིག་བསྒྲགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་ཆེད་དོན་སྙན་ཞུ་ཕུལ་བ་དང་། རྡོ་རྗེ་རབ་བརྟན་གྱིས་འགོ་འཛིན་བྱས་པ་དང་ལིག་ཉིང་ཚོགས་འདུར་ཞུགས།

      མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་དང་ཧྲིན་ཀྲང་གཞོན་པ་ཡཱང་ཧྥིན་ཁྲུན། ཐེན་ཅིན་ཁྲིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཏུའུ་ཏི་ཀྲི་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-15 08:08 , Processed in 0.279854 second(s), 21 queries .

返回顶部