博客西藏在最高处过一种生活

日志

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོ ...

已有 102 次阅读2018-7-13 08:54 |系统分类:娱乐


༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དབྱང་ཁྲོན་ཐང་གིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་ཆེད་དོན་རྟོག་ཞིབ་བྱས།
ཁོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དབྱང་ཁྲོན་ཐང་གིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། “གྲོང་གསེབ་ཀྱི་གཞུང་ལམ་ལེགས་པོ་བཞིའི”འཛུགས་སྐྲུན་དང་འགྲིམ་འགྲུལ་དབུལ་སྐྱོར་སོགས་བྱ་བའི་ཐད་ནས་ཆེད་དོན་རྟོག་ཞིབ་སྤེལ། དེའི་ཁྲོད་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་བྱ་བ་མཚམས་སྦྱོར་བྱས་པར་ཉན་ཞིང་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོ་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

     དབྱང་ཁྲོན་ཐང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་འཛིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་བར་གྱི་མཉམ་ལས་ཇེ་དམ་དུ་བཏང་ནས། པུའུ་དང་ཞིང་ཆེན་མཉམ་ཤུགས་ཀྱིས་འགྲིམ་འགྲུལ་གནད་འཁེལ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཏན་ཏན་ཏིག་ཏིག་གིས“གྲོང་གསེབ་ཀྱི་གཞུང་ལམ་ལེགས་པོ་བཞིའི”འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་སྔོན་ལ་འཕེལ་རྒྱས་སུ་བཏང་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཡང་བསྐྱར་རྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱེད་དགོས་ཟེར།   

      དབྱང་ཁྲོན་ཐང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་བཏོན་པ་དང་། འདི་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཐད་བཅངས་པའི་རེ་བ་ཡིན་ལ། དུས་རབས་གསར་བའི་འགྲིམ་འགྲུལ་མི་སྣ་ཡོངས་ཀྱིས་འབད་བརྩོན་བྱ་དགོས་པའི་འགན་འཁྲི་གསར་བ་ཡང་ཡིན་པས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་པ་དང་། འགོ་ཁྲིད་གཙོ་བོས་དངོས་སུ་བཅོས་སྒྱུར་དམ་འཛིན་བྱེད་པ། ལས་གཞི་འཛུགས་སྐྲུན་གལ་ཆེན་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། ཤུགས་ཆེན་པོས་འགྲིམ་འགྲུལ་དབུལ་སྐྱོར་གྱི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱས་པས། ཕྱོགས་སོ་སོའི་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། གོ་རིམ་རྗེས་མར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་མཚོ་སྔོན་ཞིང་ཆེན་བར་དུ་མཉམ་ལས་གཏིང་ཟབ་བྱས་ཏེ་མུ་མཐུད་དུ་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་རྒྱུ་ཡིན་ཟེར། 

      མཚོ་སྔོན་དུ་སྡོད་པའི་སྐབས་སུ། དབྱང་ཁྲོན་ཐང“ལིག་ཕན་རི་བོ་ས་ཁུལ་སྲིད་གྲོས་ཀྱི་གནད་འཁེལ་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་ཚོགས་འདུའི”འགོ་རྩོམ་ཚོགས་ཆེན་ལ་ཞུགས། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཞའོ། ཡུས་ཚོང་ལི། མྰ་ཅི་ཞའོ། ཉིའོ་ཁྲིན་ཡུན། ཝང་ཞའོ་ཡུང་བཅས་སོ་སོར་འབྲེལ་ཡོད་རྟོག་ཞིབ་བྱ་འགུལ་ལ་ཞུགས།  །

             ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-19 11:35 , Processed in 0.282900 second(s), 21 queries .

返回顶部