博客西藏在最高处过一种生活

日志

༄༅།།དཔལ་དགེ་ལུགས་པའི་ཉེར་མཁོའི་ཆོས་སྤྱོད ...

热度 1已有 47 次阅读2018-7-8 21:57 |系统分类:文化


                             ༄༅།།དཔལ་དགེ་ལུགས་པའི་ཉེར་མཁོའི་ཆོས་སྤྱོད་ཕྱག་ལེན་ལས་སྤྱན་འདྲེན་བཞུགས་སོ།


                        

                                         རོང་བོ་གསེར་ཁྲི་ཚང ༧ ཨ་ལགས་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་རིན་པོ་ཆེ་ལ་ན་མོ།

     ༄༅།།མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་།།བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ།།དངོས་རྣམས་མ་ལུས་ཡང་དགམཁྱེན་གྱུར་པའི།།བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།།བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ།།འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་།།སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ།།ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན།།དེ་ཕྱིངས་ཆོས་ཉིད་ཕོ་བྲང་ལྷུན་གྲུབ་ནས།།རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་།།མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར།།ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ།།ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ།།བཙོ་མའི་གསེར་གྱི་མདོག་འདྲ་ཞིང་།།ཉི་མ་ལས་ལྷག་གཟི་བརྗིད་ཆེ།།དད་པས་སྤྱན་ནི་དྲང་བར་བགྱི།།ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ།།དུལ་ཞིང་བསམ་ལྡན་ས་ལ་བཞུགས།།ཆོས་རྣམས་ཡེ་ཤེས་ཆགས་བྲལ་བ།།ཀུན་ཏུ་མི་ཟད་ནུས་པར་ལྡན།།ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ།།ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན།།ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི།།མཆོད་པས་འདིར་ནི་གཤིགས་སུ་གསོལ།།འདིར་ནི་གཟུགས་དང་ལྷན་གཅིག་ཏུ༑༑འགྲོ་བའི་དོན་དུ་བཞུགས་ནས་ཀྱང་།།ནད་མེད་ཚེ་དང་དབང་ཕྱུག་དང་།།མཆོག་རྣམས་ལེགས་པར་སྩལ་དུ་གསོལ།།བཅོམ་ལྡན་འདིར་ནི་བྱོན་པ་ལེགས།།བདག་ཅག་བསོད་ནམས་སྐལ་བར་ལྡན།།བདག་གི་མཆོད་ཡོན་བཞེས་ནས་ཀྱང་།།ཐུགས་ལ་དགོངས་ཤིང་གནང་བར་མཛོད།།བདག་ཀྱང་འགྲོ་ལ་ཐུགས་བརྩེའི་ཕྱིར།།ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི།།ཇི་སྲིད་མཆོད་པ་བདག་བགྱིད་ན།།དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ།།  །།

      ༀ་གཎྜྷ་ར་བྷིནྡྷ་ར་སྭཱ་ཧཱཿརཊྣ་ཤ་ཀྵོ་ན་ཏ་ཐཱ་ག་ཏ་ཡ་ཧྲི་ཏདྱ་ཨ་ནི་ག་ཏེ་ༀ་ཀུརུཾ་ཀུ་ནི་སྭཱ་ཧཱཿ  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ཏདྱཐཱཿཔཉྩནྡྲི་ཡ་ཨ་བོ་ངྷ་ནི་སྭཱ་ཧཱཿ   ཞེས་འབུམ་འགྱུར་སྔགས་སོགས་མཇུག་ཏུ་སྦྱར་ནས་སྤྱན་འདྲེན་འདི་ཅི་ནུས་བཟློས་བརྗོད་བྱ་བར་རྩེ་གཅིག་ཏུ་དམིགས་ནས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཀྱི་ཆབ་གཞོང་དར་ཐང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ་སོར་བཅུའི་མེ་ཏོག་སྤྱི་བོར་བཀོད་ནས་སྒོ་གསུམ་དད་པས་ཕུལ་བ་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག། 

发表评论 评论 (4 个评论)

回复 pari 2018-7-13 06:26
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།
——ཐོག་མའི་གཏམ་དུ།
回复 pari 2018-7-13 06:27
བོད་ཆགས་འཇིག་གི་གནས་སུ་ལྷུང་དགོས་དོན་དེ་ཆོས་ལུགས་ཀྱི་སྐྱོན་མ་རེད། ཆོས་པ་དང་ཁོ་ཚོའི་རྗེས་འབྲངས་པ་ཚོས་ཆོས་ལུགས་དང་མང་གཙོ་བེད་སྤྱོད་ལོག་པར་བཏང་བའི་རྐྱེན་ལས་བྱུང་པ་རེད། མདོར་ན་ཆོས་པ་དང་ཁོ་ཚོའི་རྗེས་འབྲངས་པ་ཚོས་ཆོས་ལུགས་དང་མང་གཙོ་བེད་སྤྱོད་ཡང་དག་པར་གཏོང་གི་མེད་པ་རེད། གལ་སྲིད་ཆོས་པ་ཆོས་པའི་སར་བསྡད་ན་སྐྱོན་མེད་པ་རེད། དཔེེར་ན་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཨང་དང་པོ་ཉི་ཧོང་དང་ཨ་རི་སོགས་ལ་ཆོས་ལུགས་ཡོད་ཡོད་པ་རེད། ཆོས་ལུགས་ཀྱི་སྐྱོན་མ་རེད། ཡིན་ནའང་བོད་ཀྱི་ས་ཆ་དང་།  ལྷ་དར་དཀར་པོ་ངོས་མི་ཟིན་པའི་ལྐུགས་པ་ཚོའི་རྐྱེན་གྱིས་རེད།
回复 ljh8520035 2018-7-13 08:40
pari 2018-7-13 06:26
མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།
——ཐོག་མའི་གཏམ་དུ།


    
回复 ljh8520035 2018-7-13 08:40
pari 2018-7-13 06:27
བོད་ཆགས་འཇིག་གི་གནས་སུ་ལྷུང་དགོས་དོན་དེ་ཆོས་ལུགས་ཀྱི་སྐྱོན་མ་རེད། ཆོས་པ་དང་ཁོ་ཚོའི་རྗེས་འབྲངས་པ་ཚོས་ཆོས་ལུགས་དང་མང་གཙོ་བེད་སྤྱོད་ལོག་པར་བཏང་བའི་རྐྱེན་ལས་བྱུང་པ་རེད། མདོར་ན་ཆོས་པ་དང་ཁོ་ཚོའི་རྗེས་འབྲངས་པ་ཚོས་ཆོས་ལུགས་དང་མང་གཙོ་བེད་སྤྱོད་ཡང་དག་པར་གཏོང་གི་མེད་པ་རེད། གལ་སྲིད་ཆོས་པ་ཆོས་པའི་སར་བསྡད་ན་སྐྱོན་མེད་པ་རེད། དཔེེར་ན་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཨང་དང་པོ་ཉི་ཧོང་དང་ཨ་རི་སོགས་ལ་ཆོས་ལུགས་ཡོད་ཡོད་པ་རེད། ཆོས་ལུགས་ཀྱི་སྐྱོན་མ་རེད། ཡིན་ནའང་བོད་ཀྱི་ས་ཆ་དང་།  ལྷ་དར་དཀར་པོ་ངོས་མི་ཟིན་པའི་ལྐུགས་པ་ཚོའི་རྐྱེན་གྱིས་རེད།

    

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-7-19 13:33 , Processed in 0.289666 second(s), 22 queries .

返回顶部