博客西藏在最高处过一种生活

日志

༄༅།།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁ ...

已有 46 次阅读2018-6-29 08:11 |系统分类:娱乐


༄༅།།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བཟོ་འགོད་སྐོར་གཉིས་པར་མ་དངུལ་སྒོར་དུང་ཕྱིར100ལྷག་བཏང་ནས་གྲུབ་འབྲས་མངོན་གསལ་བླངས།
ཡོ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐོར་གཉིས་པ་ལག་བསྟར་བྱས་པའི་ལོ5རིང་། རྒྱལ་ཁབ་ཀྱིས་ས་གནས་འདི་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཙམ་བཏང་ཡོད།

      མིག་སྔར།  ས་གནས་དེའི་སྐྱེ་ཁམས་བརྟན་བརླིང་ངང་སླར་གསོ་བྱུང་བཞིན་ཡོད་པས། ཕན་འབྲས་མངོན་གསལ་བླངས་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་ཡོད་པ་དང་། གནས་དེ་ནི་འབྲི་ཆུ་དང་། རྫ་ཆུ། རྨ་ཆུའི་འབྱུང་ཡུལ་དང་ཆུ་ཁུངས་གསོག་ཉར་བྱེད་ས་ཡིན། དུས་རབས་ཉི་ཤུའི་མཇུག་ལ། མིའི་རིགས་ཀྱི་བྱ་སྤྱོད་དང་མཁའ་དབུགས་འགྱུར་ལྡོག་སོགས་ཀྱི་དབང་གིས། གནས་དེའི་སྐྱེ་ཁམས་རིམ་མཞིན་ཉམས་ཞན་དུ་གྱུར། 2005 ལོར། རྒྱལ་ཁབ་ཀྱིས་དུས་ཡུན་ལོ9རིང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་སྐོར་དང་པོ་ལག་བསྟར་བྱས་ལ། བསྡོམ་པས་མ་དངུལ་སྒོར་དུང་ཕྱུར76.5བཏང་སྟེ། གནས་དེའི་སྐྱེ་ཁམས་ཞན་འགྱུར་གྱི་རྣམ་པར་ཐོག་མའི་འགོག་བཅོས་ཐོབ། 2014 ལོའི་ཟླ1པོར། མ་དངུལ་གཏོང་ཚད་སྔར་ལས་མང་བ་དང་། ཚད་གཞི་སྔར་ལས་ནན་ཏན་ཡིན་པའི་སྐོར་གཉིས་པའི་བཟོ་འགོད་འགོ་བརྩམས་ཤིང་། སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི39.5 ལ་སླེབས། 

      ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར7ལྷག་བཏང་ནས། ས་ནག་ཐང་བཅོས་སྐྱོང་དང་རྩྭ་ཐང་གི་གནོད་སྐྱོན་སྐྱེ་དངོས་སྔོན་འགོག བྱེ་ཐང་དུ་འགྱུར་བ་བཀག་འགོག་སོགས་ཀྱི་ལས་གཞི་ཐད་བཀོལ་ཡོད།  ད་ལྟའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐོར་གཉིས་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར104.11ལྷག་བཏང་ཡོད། རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་ཆེས་གསར་བའི་མཇུག་འབྲས་ལས་མངོན་པ་ལྟར་ན། སྐོར་གཉིས་པའི་བཟོ་འགོད་ལག་བསྟར་བྱས་ནས་ད་བར་དུ། ས་གནས་དེའི་བྱེ་འགྱུར་ས་ཁུལ་གྱི་སྔོ་ཤུན་ཁེབས་ཚད་ནི་33.36%ནས40%འཕར་ཞིང་། བརླན་སའི་སྔོ་ཤུན་ཁྱབ་རྒྱའི་འཕར་ཚད4%ལས་བརྒལ་བ་དང་། རྩྭ་སའི་སྔོ་ཤུན་ཁེབས་ཚད74%སླེབས་ལ། གཟན་རྩྭའི་ཐོན་ཚད་སྤྱི་ཆིང་རེར་སྤྱི་རྒྱ3082སླེབས་པདང་། ལྗོན་ཤིང་དང་རྩི་ཤིང་གི་ཁེབས་ཚད་དང་གསོག་ཉར་བྱེད་ཚད་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད། 

      མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཞའོ་ནན་གྱིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་རིམ་བཞིན་བརྟན་རླིང་ངང་སླར་གསོ་འབྱུང་བཞིན་ཡོད་པ་དང་། ཆུའི་ཁུངས་གསོག་ཚད་དང་ས་ཆུ་ནུས་པའང་མངོན་གསལ་གྱིས་མཐོར་འདེགས་སུ་སོང་ཡོད། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན། ས་གནས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཡང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།  ནམ་རྒྱུན་མཐོང་དཀའ་བའི་གསའ་དང་། ཆུ་སྲམ་སོགས་ཀྱི་རི་སྐྱེས་སྲོག་ཆགས་དག་ཉེ་བའི་ལོ་འགའི་རིང་མི་རྣམས་ཀྱི་མིག་ལམ་དུ་ཡང་ཡང་དུ་མངོན་བཞིན་ཡོད་ཟེར། །  (ལྟ་སྦྱོང་སློབ་མ་ཀརྨ་འཇམ་དབྱངས་སེང་གེས་བསྒྱུར།)

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-7-19 13:48 , Processed in 0.275081 second(s), 21 queries .

返回顶部