博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲ ...

已有 48 次阅读2018-6-29 08:06 |系统分类:娱乐


༄༅།།མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས2017ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་འདུ་བསྡུས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས2017ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པའི་ལོ་གསུམ་འགུལ་སྐྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བ་དམ་འཛིན་ལྷོད་མེད་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་ནས་དུས་ཚོད་སྐར་ཆ་ཙམ་ཡང་འགོར་འགྱངས་བྱེད་མི་རུང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བརྩོན་སེམས་ཆེར་སྐྱེད་པ། དམིགས་འབེན་དང་མཁྲེགས་གཏོར་བྱ་བ་དམ་འཛིན་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ལ་རྒྱུགས་ལན་ཡིད་ཚིམ་པ་ཞིག་སྤྲོད་དགོས་ཟེར།

      ཝང་ཅན་ཅོན་གྱིས་བསྟན་དོན། དེ་རིང་གི་ཚོགས་འདུ་ནི་གཟེངས་བསྟོད་ཚོགས་འདུ་ཡིན་ལ། དེ་བས་ཀྱང་དབུལ་ཐར་མཁྲེགས་གཏོར་བྱ་བར་ཡང་བསྐྱར་སྐུལ་མ་གཏོང་བའི་ཚོགས་འདུ་ཡིན། དབུལ་ཐར་མཁྲེགས་གཏོར་ནི་བརྒྱ་ལོ་གཉིས་ཀྱི་དམིགས་འབེན་དང་པོ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་བཀོད་སྒྲིག་གཙོ་བོ། ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་མཁྲེགས་གཏོར་བྱ་བ་ཡིན་པས། བསམ་བློའི་ངོས་ཟིན་ཐད་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་པ་དང་དབུལ་ཕོངས་མང་ཚོགས་མྱུར་དུ་དབུལ་ཐར་བྱེད་རྒྱུ་དེ། སྲོག་ཤིང་ལ་དཔེ་ལྟ་དང་རྗེས་སྙེག སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་ཉམས་ལེན་དུ་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ལ་ཁས་བླངས་པའི་དམ་བཅའ་ལག་བསྟར་བྱེད་པར་བརྩིས་ནས། ཉམས་ཞན་དུས་རིམ་ལ་སྔར་ལས་དོ་སྣང་བྱེད་པ་དང་། དཀའ་གནད་སེལ་བ་དང་མཉམ་ཤུགས་གྲུབ་པར་སྔར་ལས་མཐོང་ཆེན་བྱེད་པ། སྤྱི་ཁོག་ནས་སྤེལ་བར་སྔར་ལས་དོ་སྣང་བྱས་ཏེ། བསམ་བློའི་གོ་རྟོགས་མཐོར་འདེགས་བྱེད་པར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་ལ་དམིགས་ནས། མུ་མཐུད་དུ་གནད་ཕིགས་དྲུག་དང་སྐོར་གཅིག་བརྒྱད། ཆེད་དོན་བཅུ་ཡི་སྟེང་ཤུགས་འདོན་པ་དང་། གནད་ཕིགས་དམིགས་འབེན་དམ་འཛིན་ལྷོད་མེད་བྱེད་པ། ཁ་གཏད་རང་བཞིན་ལྡན་པའི་རོགས་སྐྱོར་བྱེད་ཐབས་སྤྱད་དེ། གནད་ཕིགས་རོགས་སྐྱོར་བྱེད་ཐབས་དེ་སྡེ་བ་དང་ཁྱིམ་ཚང་། མིའི་སྟེང་དུ་དངོས་འབེབས་བྱེད་དགོས། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁྱོན་ཡོངས་ཀྱི་འབྱོར་འབྲིང་འགྲུབ་པར་བྱེད་ན། མི་གཅིག་ཀྱང་ཆད་ལུས་མི་བྱེད་པར་མཉམ་དུ་འབྱོར་འབྲིང་དུ་སྐྱོད་པར་ཁག་ཐེག་བྱེད་པའི་མཐོ་ཚད་དུ་འགྲེང་ནས། གསར་དུ་ཁ་བསྣན་པའི་དབུལ་ཐར་མཁྲེགས་གཏོར་མ་དངུལ་གཙོ་བོར་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་བཀོལ་བ་དང་། གསར་དུ་ཁ་སྣོན་བྱས་པའི་དབུལ་ཐར་མཁྲེགས་གཏོར་ལས་གཞི་དེ་གཙོ་བོར་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་བཀོད་སྒྲིག་བྱེད་པ། གསར་དུ་ཁ་སྣོན་བྱས་པའི་དབུལ་ཐར་མཁྲེགས་གཏོར་བྱེད་ཐབས་དེ་གཙོ་བོར་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་བཀོལ་སྤྱོད་བྱེད་པའི་རེ་བ་ལྟར། སེམས་ཤུགས་གཅིག་སྒྲིལ་གྱིས་གཡུལ་ས་གཅིག་ནས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཀའི་ཐད་ནས་རྒྱལ་ཁ་ལེན་ཐུབ་པར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དཔྱད་ཞིབ་དང་དཔྱད་འཇོག ལྟ་ཞིབ་ཚད་ལེན་ཐད་ནས་རྙེད་པའི་གནད་དོན་ལ་ཁ་གཏད་དེ། རྒྱུན་མཐུད་ངང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ནས། དག་ཐེར་ལེགས་བཅོས་བྱས་ཟིན་པའི་གནད་དོན་ཕྱིར་མི་འབྱུང་བ་དང་། གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱེད་དགོས། དག་ཐེར་ལེགས་བཅོས་ནི་སྲིད་སྐྱོང་བྱས་རྗེས་ཡིན་ལ། སྲ་བརྟན་དུ་གཏོང་རྒྱུ་དེ་ཡང་སྲིད་སྐྱོང་བྱས་རྗེས་ཡིན་པས། ང་ཚོས་དག་ཐེར་ལེགས་བཅོས་དང་སྲ་བརྟན་དུ་གཏོང་བའི་ཞོར་དུ། ཡུན་ཕན་རྐྱེན་སྲོལ་འཛུགས་དགོས། རྒྱུ་སྤུས་མཐོ་བའི་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱུ་སྤུས་མཐོ་བའི་སྒོ་ནས་དབུལ་ཐར་བྱེད་པ་དང་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་དེ་གྲངས་ཚད་ཅན་ནས་རྒྱུ་སྤུས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཅིག་ནས2020ལོར་སླེབས་དུས་ད་ལྟའི་ཚད་གཞི་འོག་གི་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཡོངས་རྫོགས་དབུལ་ཐར་བྱེད་པ་དང་། དབུལ་ཕོངས་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ། ཁུལ་ཁོངས་རང་བཞིན་གྱི་སྤྱི་ཁོག་གི་དབུལ་ཕོངས་ཐག་གཅོད་པར་ཁག་ཐེག་བྱེད་དགོས། ཕྱོགས་གཅིག་ནས་དབུལ་ཐར་མཁྲེགས་གཏོར་དེ་ཞིང་སྡེ་དར་སྤེལ་འཐབ་ཇུས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་དར་སྤེལ་དུ་གཏོང་བའི་བཟོ་སྐྲུན་ལ་ཟུང་འབྲེལ་བྱེད་པ་དང་། ཁེ་སྤོགས་ཁོ་ན་མི་སྙེག་པ་དང་དུས་ཚོད་འགོར་འགྱངས་སུ་མི་གཏོང་བར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཐད་ནས་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ན། ཏང་ཀྲུང་དབྱང་གིས་གནང་བའི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རང་སྟོབས་རང་འཕེལ་ལ་དོ་སྣང་བྱེད་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་ཤེས་ལྡན་མ་སྣའི་རྒྱབ་སྐྱོར་དང་ཚོང་རའི་སྦྲེལ་མཐུད། ངལ་རྩོལ་མཉམ་ལས། མ་དངུལ་གྱི་རྒྱབ་སྐྱོར་བཅས་གཙོ་གནད་དུ་བྱེད་པ་དང་། རྩིས་ཐོ་ལམ་ལུགས་འཛུགས་པ། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་བསྣན་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་སྤེལ་བའི་ཞིང་ཆེན་དང་གྲོང་ཁྱེར། པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁེ་ལས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་དྲིན་ལན་འཇལ་དགོས་ཟེར།

      ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཀུན་སྤྱོད་འཛུགས་སྐྲུན་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཀུན་སྤྱོད་འཛུགས་སྐྲུན་དེ་དབུལ་ཐར་མཁྲེགས་གཏོར་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པའི་བརྗོད་དོན་སློབ་གསོ་གཉིས་ཟུང་འབྲེལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་ཚུལ་མིན་སྤྱོད་ཚུལ་གཏན་ནས་ཡོ་བསྲང་བྱེད་པ། ལྷག་པར་དུ་དོན་འཁྱོལ་མི་བྱེད་པའི་བྱ་བ་དང་འགན་འཁྲི་རྩད་གཅོད་མི་བྱེད་པའི་མི་སྣ་ལ་དོ་སྣང་དང་དམ་འཛིན་བྱས་ནས། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཚད་གཞི་བཀོལ་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་གནད་འགག་གྲངས་ཉུང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། འགོ་ཁྲིད་དེ་གཞི་རིམ་དུ་སྐྱོད་པ་དང་སྤྱོད་ཚུལ་བསྒྱུར་བ། འབྲེལ་འདྲིས་ས་གནས་སུ་ལྟ་ཞིབ་ཐེངས་མང་བྱས་ནས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱེད་པ་དང་། མིག་དཔེ་སྟོན་དགོས། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་གཞི་རིམ་དུ་སྐྱོད་པ་དང་། མང་ཚོགས་དང་འབྲེལ་འདྲིས་བཟང་བོ་དང་བྱ་བ་བཟང་བོར་བསྒྲུབ་ནས། འགུལ་སྐྱོད་དངོས་ལ་བརྟེན་ནས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱེད་པ་དང་འབྱོར་འབྲིང་ལམ་དུ་བསྐྱོད་པར་རོགས་རམ་བྱེད་དགོས་ཟེར།

      མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི2017ལོའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་སྡེ་ཁག སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་ཁེལ་སྒྲོག་འདོན་བྱས།

      ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཐིན་ཅཱ་ཚེ། ཝང་ཡུས་ཡན། ཡུས་ཚོང་ལི། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཏུའུ་ཅེ། ཀྲུང་ཝུན་ཁོས། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས་སོགས་ཚོགས་འདུར་ཞུགས།

      མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟི། ཞིང་ཆེན་སློབ་གསོ་ཐིན། ཨ་ཆེན་གངས་རྒྱབ་དངོས་ལས་གསར་སྤེལ་སྡེ་ཚོགས་སོགས་ཀྱི་འགན་ཁུར་མི་སྣས་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་སྡེ་ཁག སྔོན་ཐོན་མི་སྒེར་གྱི་ཚབ་བྱས་ནས་སོ་སོར་གཏམ་བཤད་སྤེལ། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-7-19 13:50 , Processed in 0.275560 second(s), 21 queries .

返回顶部