博客西藏在最高处过一种生活

日志

༄༅།།ལྗོངས་མི་དམངས་སྲིད་གཞུང་གིས་ལྷ་སར་ཀྲ ...

已有 93 次阅读2018-6-10 08:17 |系统分类:娱乐


༄༅།།ལྗོངས་མི་དམངས་སྲིད་གཞུང་གིས་ལྷ་སར་ཀྲུང་དབྱང་མི་རིཌ་སློབ་ཆེན་དང་ཐབས་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག
ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན། 

      

      སྤྱི་ཚེས ༥ ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྷ་སར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ཐབས་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་ནས།  ཤེས་ལྡན་པ་གསོ་སྐྱོང་དང་སློབ་གསོའི་ཚན་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་ནང་ཕྱོགས་ཡོངས་ཐབས་ཇུས་མཉམ་ལས་བྱེད་རྒྱུ་རེད། 
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཅང་དང་།  ཀྲུང་དབྱང་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སློབ་སྤྱི་ཧོང་ཐེ་ཡན་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས་གྲོས་མཐུན་ལ་མཚན་རྟགས་བཀོད་གནང་བ་རེད། 
      ཆེ་དགྲ་ལྷས་དུས་རབས་གསར་པར་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ཤེས་ལྡན་པ་དང་རིག་ནུས་ཀྱི་འདེགས་སྐྱོར་ནི་འགག་རྩ་ཡིན་པས།  ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ད་ཡོད་ཀྱི་མཉམ་ལས་རྨང་གཞི་བཟང་པོའི་ཐོག  བོད་ཀྱི་བྱ་གཞག་ཁག་ལ་སྔར་བས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ།  ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཐོག་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།  ཞིང་འབྲོག་ལས་གོང་འཕེལ་དང་སྤྱི་ཚོགས་དམངས་འཚོ་སོགས་ཐད་ཀྱི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ།  མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་འདོད་སྐོང་བ་དང་།  མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་འདྲེས།  འགྲོ་འོང་བཅས་ལ་སྐུལ་འདེད་གཏོང་རྒྱུ།  ཕྱོགས་གཉིས་པོས་འབྲེལ་གཏུག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས།  ཕྱོགས་གཉིས་པོའི་དབར་གྱི་མཉམ་ལས་མུ་མཐུད་གོང་འཕེལ་གཏིང་ཟབ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་སྦྲགས།  རང་སྐྱོང་ལྗོངས་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ།  གྲོས་མཐུན་གྱི་ནང་དོན་གནད་ལ་འཁེལ་ཏེ་ནུས་པ་འདོན་སྤེལ་ཏན་ཏིག་བཏང་བ་བཅས་བྱས་ནས་རྨང་གཞིའི་མཉམ་ལས་གྲོས་མཐུན་གྱི་གྲུབ་འབྲས་སྔ་ཙམ་ཐོན་པ་དང་གཉིས་ཕན་གོང་འཕེལ་ཡོང་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 
      ཧོང་ཐེ་ཡན་ནས།  ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་བོད་རང་སྐྱོང་ལྗོངས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་པོ་བྱེད་ཀྱི་ཡོད།  གྲོས་མཐུན་གྱི་ནང་དོན་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་དོན་དངོས་དང་དགོས་མཁོར་ཟུང་འབྲེལ་དམ་ཟབ་བྱས་ནས་ལས་དོན་དོན་འཁྱོལ་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་།  རྒྱལ་ཁབ་ཀྱི་ཐབས་ཇུས་དང་གྲངས་ཉུང་མི་རིགས།  མི་རིགས་ས་ཁུལ་གོང་འཕེལ་བཅས་ལ་ཞབས་ཞུ་ཧུར་ཐག་སྒྲུབ་སྟེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ལྗོངས་འཕྲིན་དྲ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-9-22 15:55 , Processed in 1.222715 second(s), 21 queries .

返回顶部