博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐ ...

已有 99 次阅读2018-6-10 07:54 |系统分类:娱乐


༄༅།།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་ནས་ཚོགས་པ་དང་ཝང་ཅན་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 


       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་ལྔ་བཞིའི་འཐབ་ཇུས་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཐོན་ལས་དེ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་དགོས་ཟེར།

      ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་སྔོན་གྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་གནས་གསལ་བོར་ཤེས་པར་བྱེད་དགོས། གནས་སྐོར་ལས་རིགས་དེ་དེང་རབས་ཞབས་ཕྱིའི་ལས་རིགས་ཀྱི་ཐོན་ལས་གཙོ་བོར་གསར་སྐྲུན་བྱེད་རྒྱུ་ནི་མཚོ་སྔོན་གྱི་གནས་སྐོར་ཐོན་ལས་ངེས་པར་དུ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཡིན་ལ། དེ་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབས་བྱེད་པའི་འགན་འཁྲི་ཡང་ཡིན། ཞིང་ཆེན་ནང་ཁུལ་དུ་ཀུན་གྱིས་གནས་སྐོར་བྱེད་པ་དང་ཞིང་ཆེན་གཞན་པས་སྤུས་ཚད་མཐོ་བའི་གནས་སྐོར་བྱེད་རྒྱུ་ནི་མཚོ་སྔོན་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གཏན་གནས་ཡིན། དེ་ནི་རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འདོན་སྤྲོད་ཕྱོགས་དང་དགོས་མཁོ་ཕྱོགས་ནས་མགོ་ཚུགས་ཏེ། ང་ཚོས་གནས་སྐོར་མཁན་ལ་ཇི་འདྲའི་གནས་སྐོར་ཐོན་རྫས་འདོན་སྤྲོད་བྱེད་ཐུབ་པ་དང་གནས་སྐོར་བ་མཚོ་སྔོན་དུ་ཡོང་སྟེ་གནས་སྐོར་ཇི་འདྲ་ཞིག་བྱེད་པར་བརྡར་ཤ་གཅོད་རྒྱུ་དེ་ཡིན། ང་ཚོས་གཏན་གནས་ལྟར་མཚོ་སྔོན་གྱི་གནས་སྐོར་བ་རྣམས་ཀྱི་དགོས་མཁོ་ཡོངས་སུ་སྐོང་བར་གྲ་སྒྲིག་བཟང་བོ་བྱེད་དགོས་ཟེར།

      ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་སྔོན་གྱི་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་མྱུར་དུ་གཏན་འཁེལ་བྱེད་དགོས། བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། རིམ་པ་མཐོ་བའི་ཇུས་འགོད་བྱེད་པ་དང་ཞིང་ཆེན་རིམ་པའི་གཅིག་གྱུར་སྒོས་དོ་དམ་བྱེད་པར་ཤུགས་སྣོན་དགོས་ལ། བྱ་བའི་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་དོ་དམ་སྒྲིག་སྲོལ་གཏན་འཁེལ་བྱས་ནས། གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས། སྲིད་གཞུང་གིས་མ་དངུལ་གཏོང་བའི་ཁྲིད་སྟོན་ནུས་པ་དང་ཞིང་ཆེན་རིམ་པའི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཐེབས་རྩའི་རོགས་འདེགས་ནུས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ཁྲོད་དུ་ཞུགས་པའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། གནས་སྐོར་ཐོན་ཁུངས་མ་རྩ་ཅན་དང་རྒྱུ་ནོར་མ་རྩ་ཅན། མ་རྩ་མ་དངུལ་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་ནས། གནས་སྐོར་དངུལ་གཏོང་གི་གསོན་ཤུགས་ཇེ་ཆེར་གཏོང་དགོས། གནས་སྐོར་དང་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ལས་དང་ཁྱད་ཆོས་བཟོ་ལས། ཞབས་ཕྱིའི་ལས་རིགས་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། གནས་སྐོར་ལས་རིགས་རང་སྟེང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་པ་དང་ཐོན་ལས་གཞན་པའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

      ཡན་ཅིན་ཧེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཡོངས་ཀྱི་གནས་སྐོར་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་གྲོས་བསྡུར་མ་ཡིག་ལ་གསལ་བཤད་བྱས་པ་དང་ཡུས་ཚོན་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

      ཚོགས་ཐོག་ནས་སྔོན་ཐོན་ལས་ཁུངས་བཅུ་གཅིག་དང་སྔོན་ཐོན་མི་སྒེར་སུམ་ཅུ་ལ་གཟེངས་བསྟོད་བྱས། ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཞིང་ཕྱུགས་ཐིན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་སོགས་ཀྱི་འབྲེལ་ཡོད་མི་སྣས་ཚོགས་ཐོག་ནས་གཏམ་བཤད།

      མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་འགོ་ཁྲིད་ཚན་ཁག་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། དེ་མིན་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར། སྐོར་དང་པོའི་ཞིང་ཆེན་གནས་སྐོར་ལྗང་མདོག་འཕེལ་རྒྱས་ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གི་འཐུས་མི་སོགས་ཚོགས་འདུར་ཞུགས། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-12-19 11:53 , Processed in 0.287297 second(s), 21 queries .

返回顶部