博客西藏在最高处过一种生活

日志

༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ ...

已有 103 次阅读2018-6-6 07:46 |系统分类:娱乐


༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་བདེ་ཐང་ཡར་བརྩོན་གྱི་མི་གཞུང་ཁོར་ཡུག་ཧུར་ཐག་གིས་བསྐྲུན།
ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།


      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་ཡིས་ཧུར་ཐག་གིས་བདེ་ཐང་ཡར་བརྩོན་གྱི་མི་གཞུང་ཁོར་ཡུག་བསྐྲུན་པའི་སྐོར་གྱི་འབྲེལ་ཡོད་བྱ་འགུལ་སྤེལ་ཏེ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

      བྱ་འགུལ་ཁྲོད། གུང་ཧོ་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་ཡིས་ཁུལ་གསུམ་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པར་སྐུལ་འདེད་དང་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་མཉམ་དུ་རང་ས་གནས་ཀྱི་རིག་གནས་དགེ་མཚན་ལ་རྐང་བཙུགས་ཏེ་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སློབ་རའི་རིག་གནས་དང་གཞིས་ཁུལ་རིག་གནས། ཁེ་ལས་རིག་གནས་སོགས་འཕེལ་རྒྱས་སུ་བཏང་སྟེ་མང་ཚོགས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་བྱ་འགུལ་གྱི་མིང་རྟགས་འཛུགས་སྐྲུན་བྱས། དེ་མིན། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པ་དང་མང་ཚོགས་ཀྱི་གར་སྟེགས་ཆེན་པོ་སོགས་རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱས་ཏེ་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་ཤུགས་རྐྱེན་དང་ཁེབས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་དང་། མི་ཚང་མས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རྒྱུས་ལོན་དང་མཐོང་ཆེན་བྱེད་པ་དང་། ཚང་མ་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཁྲོད་ཞུགས་པའི་རྣམ་པ་བཟང་བོ་གྲུབ་པར་བྱས།

     དེ་དང་མཉམ་དུ། གུང་ཧོ་རྫོང་གི་སྡེ་ཁག་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་དོན་སྙིང་གལ་ཆེན་དྲིལ་སྒྲོག་བྱས་པ་དང་། རྣམ་པ་མང་པ་དང་མང་ཚོགས་ཞུགས་འདོད་ཆེ་བའི་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱ་འགུལ་སྤེལ་ཏེ་བདེ་ཐང་ཡར་བརྩོན་གྱི་མི་གཞུང་ཁོར་ཡུག་དང་བདེ་སྡོད་ལས་བརྩོན་གྱི་འཚོ་བའི་ཁོར་ཡུག་བསྐྲུན་ཏེ་རྒྱལ་ཁོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་ཐད་བྱས་རྗེས་མི་དམན་པ་བཞག

     ཞེས་རོང་ཆེན་ལྷ་་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-18 21:48 , Processed in 0.274370 second(s), 21 queries .

返回顶部