博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུ ...

已有 89 次阅读2018-6-6 07:39 |系统分类:娱乐


༄༅།།མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་སྟེ་སྐྱེ་ཁམས་འཁོར་རྒྱུག་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 


      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུ་གཅིག་དང་བྱེ་བ་གཅིག་ས་ཡ་གཉིས་བཏང་སྟེ། སོ་སོར་སྟོང་སྐོར་དང་ཧུའུ་ཀྲུའུ། རྐང་ཚ་བཅས་རྫོང་གསུམ་དང་ གཏེར་ལེན་ཁ་གྲོང་ཁྱེར་ནས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ་ཁོངས་ཀྱི་སྐྱེ་ཁམས་འཁོར་རྒྱུག་ཞིང་ལས་ལས་གཞི་ལག་བསྟར་བྱས། དེའི་ཁྲོད། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་བཞི་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆ་སྡེབས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་ཡོད་ལ། འཛུགས་སྐྲུན་སྡེ་ཁག་གིས་མ་དངུལ་སྒོར་བྱེ་བ་ལྔ་ས་ཡ་དྲུག་གྲབས་གསོག་བྱས།

     རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་འཛུགས་སྐྲུན་ཐད་ནས་གཟན་རྩྭ་འདེབས་འཛུགས་དང་སྐྱེ་ལྡན་ལུད་རྫས་ཀྱིས་རྫས་འགྱུར་ལུད་རྫས་ཀྱི་ཚབ་བྱེད་པ། ཕྱུགས་ཟོག་དང་ཁྱིམ་བྱའི་བཤང་གཅི་ཐོན་ཁུངས་ཅན་དུ་བསྒྱུར་ནས་བཀོལ་སྤྱོད་བྱེད་པ། སོག་མ་ཐག་གཅོད་བཅས་ནང་དོན་གཙོ་བོར་བྱས་ཡོད་པ་དང་། ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལག་རྩལ་འདུས་ཚད་མཐོར་འདེགས་བྱེད་པ། སྐྱེ་ལྡན་ལུད་རྫས་བཀོལ་སྤྱོད་བྱེད་པ། སྒོ་ཕྱུགས་དང་ཁྱིམ་བྱའི་གཤང་གཅི་དང་ཞིང་ཞོར་ཐོན་རྫས་ཐད་ཀྱི་བེད་མེད་དངོས་རོ་ཡང་བསྐྱར་བཀོལ་སྤྱོད་བྱེད་པ། ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་བཙོག་ཆུ་གཙང་བསྒྱུར་བཅས་བྱེད་པ་བརྒྱུད་དེ། མཇུག་མཐར་ཞིང་ལས་ཐོན་སྐྱེད་གོ་རིམ་ཁྲོད་ཀྱི་བེད་མེད་དངོས་རོ་ཡང་བསྐྱར་བཀོལ་སྤྱོད་བྱེད་ཐུབ་པ་དང་ཕྱིར་གཏོང་མི་བྱེད་པ་མངོན་འགྱུར་བྱས།

     མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ལས་གཞི་དེ་ལག་བསྟར་བྱས་པ་དེས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ཀྱི་ཐོན་ཚད་དང་རྒྱུ་སྤུས། ཕན་འབྲས་གསུམ་མཐོན་པོ་ཡོང་བ་དང་། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་གཅིག་གྱུར་མཐོན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། ཞིང་ཕྱུགས་ལས་ཐོན་སྐྱེད་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་བོའི་ལམ་བུ་རུ་བསྐྱོད་ཐུབ་པར་བྱེད་རྒྱུ་རེད། །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-18 21:19 , Processed in 0.283642 second(s), 21 queries .

返回顶部