博客西藏在最高处过一种生活

日志

༄༅།།ཞི་ཅིན་ཕིང་དང་གྲོགས་པོ་ཆུང་ཆུང་ཚོ། ... ...

已有 81 次阅读2018-6-2 07:26 |系统分类:娱乐


༄༅།།ཞི་ཅིན་ཕིང་དང་གྲོགས་པོ་ཆུང་ཆུང་ཚོ།
ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ། 

      བྱིས་དུས་ནི་མཛེས་སྡུག་ལྡན་ཞིང་བརྗེད་ཐབས་བྲལ་བ་ཞིག་ཡིན་ལ། མི་ཞིག་གི་མི་ཚེ་གང་པོར་ཡང་ཡང་དྲན་པ་ཞིག་རེད།

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ཆུང་བྱིས་པ་ཚོའི་འཚར་ལོངས་དང་སློབ་གསོའི་གནད་དོན་ཐད་ལ་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད། ཁོང་གིས་ན་ཆུང་བྱིས་པ་ཚོར་ཆུང་དུས་ནས་ཕུགས་འདུན་ཡོད་དགོས་ལ། སློབ་སྦྱོང་དང་ངལ་རྩོལ། མེས་རྒྱལ་བཅས་ལ་དགའ་ཞེན་ཡོད་དགོས་པ་དང་། ནར་སོན་རྗེས་མེས་རྒྱལ་འཛུགས་སྐྲུན་གྱི་ཆེད་དུ་བྱས་རྗེས་ཡོད་པའི་མི་འཇོན་པོ་ཞིག་བྱེད་དགོས་ཞེས་གསུངས་མྱོང་།

      དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ང་ཚོས་མཉམ་དུ་ཞི་ཅིན་ཕིང་གིས་བྱིས་པ་ཚོར་བཅངས་བའི་རེ་འདུན་དང་ཞི་ཅིན་ཕིང་ནས་བྱིས་པ་ཚོ་དང་མཉམ་དུ་བཞུགས་པའི་འདས་དོན་ལ་ཕྱིར་དྲན་བྱེད།

      ཞི་ཅིན་ཕིང་གིས་བྱིས་པ་ཚོ་དང་མཉམ་དུ་བྱིས་པའི་དུས་ཆེན་བཏང་ཞིང་མ་འོངས་པར་རེ་བ་བཅངས།

      ཞི་ཅིན་ཕིང་གིས་ཀྲུང་གོའི་ཕུགས་འདུན་ཞེས་པ་ནི་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ལ་གོ་བ་བླངས་ཆོག་ཅེས་གསུངས་མྱོང་ཞིང་། དེ་དག་མངོན་འགྱུར་ཡོང་བ་བྱེད་དགོས་ན་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན།2013ལོ་ནས2016ལོའི་བར། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྔ་གཞུག་ཏུ། ན་ཆུང་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་བསྐུར་བའམ་ཡང་ན་བྱིས་པ་ཚོ་དང་མཉམ་དུ་ཁོ་ཚོར་དབང་བའི་དུས་ཆེན་བཏང་གནང་ཡོད།

      2013ལོའི་ཟླ5བའི་ཚེས29ཉིན། ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ལོ་ཆུང་བྱིས་པའི་ཕོ་བྲང་དུ་སྤྲོ་སྣང་ལྡན་པའི་བྱིས་དུས་སུ་ཕུགས་འདུན་སྙེག་པ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོའི་ནང་ཞུགས་ཤིང་། ཁོང་གིས་རང་བྱུང་ཁམས་ཆེན་མོ་ནི་སྤྲོ་སྣང་གིས་ཁེངས་ཤིང་། མཛེས་སྡུག་འགྲན་ཟླ་བྲལ་བས། རང་བྱུང་ཁམས་ལ་དགའ་ཞེན་ཆེ་བ་ནི་གོམས་གཤིས་ཡག་པོ་ཞིག་ཡིན་ལ། ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་མི་སོ་སོའི་འོས་འགན་ཡིན་པས། ན་ཆུང་བྱིས་པ་ཚོས་དེའི་ཐད་ལ་བདག་པོ་ཆུང་ཆུང་གི་ནུས་པ་འདོན་དགོས་ཞེས་གསུངས།

1122917848_15277460293351n.jpg

      ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ལོ་ཆུང་བྱིས་པའི་ཕོ་བྲང་དུ་སྤྲོ་སྣང་ལྡན་པའི་བྱིས་དུས་སུ་ཕུགས་འདུན་སྙེག་པ་ཞེས་པས་བརྗོད་བྱ་བྱས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོ་ལ་ཞུགས་པ།

      2014ལོའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྔ་རོལ་དུ། ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཁུལ་མི་རིགས་སློབ་ཆུང་དུ་ཕེབས་ཤིང་། ཁོང་གིས་སློབ་གྲོགས་རྣམས་ཀྱི་གོམ་སྟབས་བདེ་རྩལ་ལྡན་ཞིང་། བརྗིད་ཉམས་ཀྱི་དམ་བཅའ་འཇོག་པ་མཐོང་དུས་སེམས་ཡོངས་རེ་བས་ཁེངས་ཀྱི་འདུག ན་ཆུང་བྱིས་པ་ཚོ་ནི་ང་ཚོའི་རླབས་ཆེ་བའི་མེས་རྒྱལ་གྱི་རེ་བ་ཡིན་པ་དང་། ང་ཚོའི་རླབས་ཆེ་བའི་མི་རིགས་ཀྱི་རེ་བ་ཡང་ཡིན། སློབ་གྲོགས་ཚོས་དེ་རིང་བཏབ་པའི་ས་བོན་དེ་ལ་མ་འོངས་པར་འབྲས་བུ་གཡུར་དུ་ཟ་བ་སྨིན་པ་བྱ་དགོས་ཞེས་གསུངས། 

      2015ལོའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་སུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་བྱིས་པ་ཚོར་ཕུགས་འདུན་ནི་མི་ཚེ་གཅིག་གི་ཁ་ཕྱོགས་ཡིན་པ་དང་། ཕུགས་འདུན་ལ་རིགས་སྣ་མང་པོ་ཡོད། ཕུགས་འདུན་དེ་ཆུང་དུས་སུ་རབ་རིབ་ཅིག་ཡིན་ནའང་། ང་ཚོས་ཆེས་གལ་ཆེ་བ་དེ་དམ་འཛིན་བྱ་དགོས།  ཆེས་གལ་ཆེ་བ་དེ་ནི་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་འབད་དགོས་པ་དེ་རེད། དེ་ནམ་ཡང་བརྗེད་མི་རུང་ཞེས་བསླབ་བྱ་གནང་། 

1122917848_15277460295581n.jpg

      2015ལོའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་སུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་བྱིས་པ་ཚོར་བཀའ་སློབ་གནང་བ།

      2016ལོར། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྔ་རོལ་དུ་ཏྭ་ཁྲེན་གླིང་ཕྲན་གྱི་གསར་སྦོལ་རུ་མིའི་ཕྱི་རབས་པ་དང་། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅའོ་ཅང་སློབ་ཆུང་གི་སློབ་མ་ ༡༢ ལ་འཕྲིན་ལན་བསྐུར་ནས། ཕྲུ་གུ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་དུས་ཆེན་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས།  ཁོང་གིས་ཁྱེད་ཚོས་སྤོ་བོ་དང་རྨོ་བོ་རྣམས་ལ་སློབ་སྦྱོང་བྱས་ཏེ།  ཏང་ལ་དགའ་ཞེན་ཆེ་ཞིང་མེས་རྒྱལ་ལ་དགའ་ཞེན་ཆེ་བ། མི་དམངས་ལ་དགའ་ཞེན་ཆེ་བ་ཞིག་དང་། ཡོན་ཏན་ཆེ་ཞིང་ཀུན་སྤྱོད་བཟང་བ། བྱས་རྗེས་ཡོད་པའི་མི་རབས་གསར་བའི་འཛུགས་སྐྲུན་པ་ཞིག་ཏུ་འགྱུར་བར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་གྲ་སྒྲིག་བྱ་དགོས་ཞེས་གསུངས་ཡོད།

       ཞི་ཅིན་ཕིང་གིས་ན་ཆུང་བྱིས་པ་ཚོར་ཐུགས་ཁུར་ཟབ་མོ་གནང་བ་དུས་ཆེན་གྱི་སྨོན་འདུན་དང་བྱིས་པ་ཚོ་དང་དུས་ཆེན་མཉམ་དུ་གཏོང་གནང་བ་ལས་མཚོན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཡི་ལས་འགན་འཁུར་བ་ནས་བཟུང་། བརྟག་དཔྱད་ཞིབ་འཇུག་དང་གནོད་ཁུལ་མང་ཚོགས་ལ་གཟིགས་པར་ཕེབས་སྐབས་ཀྱང་བྱིས་པ་ཚོའི་སློབ་སྦྱོང་དང་འཚོ་བའི་ཐད་ལ་ནམ་ཡང་ཐུགས་འཁུར་གནང་བ་ལས་མཚོན་གྱི་ཡོད།

1122917848_15277460296451n.jpg

      2013ལོའི་ཟླ5བའི་ཚེས21ཉིན། ཞི་ཅིན་ཕིང་གིས་སི་ཁྲོན་ལུའུ་ཧྲན་གནོད་ཁུལ་གྱི་སློབ་མར་གཟིགས་པ་དང་། ལུང་མིན་ཡུལ་ཚོ་ལུང་ཞིན་ལྟེ་བའི་སློབ་གྲྭ་རུ་ཞི་ཅིན་ཕིང་གིས་ན་གཞོན་ཞིག་ཡིན་ན་ཕུགས་འདུན་ཡོད་དགོས། ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ནས་ཧྥན་ཨེར་ནའི་ཚན་རིག་འཆར་ཡན་བརྩམས་སྒྲུང་བར། འཕུར་གྲུ་དང་ཆུར་འཛུལ་དམག་གྲུ་ད་ལྟ་དངོས་སུ་བཟོས་ཡོད་པ་མིན་ནམ། ཕུགས་འདུན་ཡོད་རྗེས་ད་དུང་ཏན་ཏན་ཏིག་ཏིག་གིས་སློབ་སྦྱོང་ཡག་པོ་བྱས་ན་ད་གཟོད་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ཅེས་གསུངས།

      2015ལོའི་ཟླ་དང་པོར། ཡུན་ནན་ལུའུ་ཏན་ས་ཡོམ་གནོད་འཚེ་ཁུལ་གྱི་ཀན་ཅ་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ས་ཚིགས་སུ་རྟོག་ཞིབ་བྱེད་པར་ཕེབས་པའི་ཞི་ཅིན་ཕིང་བྱིས་པ་ཚོའི་དཀྱིལ་དུ་ཕེབས་ནས། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།

བྱིས་པ་ཚོའི་སེམས་སུ་ཞི་ཅིན་ཕིང་ནི་བློ་གྲོས་དང་ཤེས་རབ་ལྡན་པའི་གྲོགས་པོ་ཆེན་པོ་ཞིག་དང་འདྲ་ལ། ངང་རྒྱུད་འཇམ་ཞིང་བརྩེ་བ་ལྡན་པའི་སྤོ་བོ་ཞི་ལགས་ཀྱང་ཡིན།

      2013ལོའི་ཟླ5བའི་ཚེས29ཉིན། ཞི་ཅིན་ཕིང་པེ་ཅིན་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་སྐབས།  ང་རང་ཅི་ཞིག་གི་ངོས་ནས་ཁྱེད་ཚོ་དང་མཉམ་དུ་བསྡད་ན་འགྲིག་གམ། ཁྱེད་ཚོའི་གྲོགས་པོ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ན་ཅི་འདྲ་འདུག་ཅེས་གསུངས་ཤིང་། གྲོགས་པོ་ཆེན་པོ་ཞེས་པའི་ཚིག་དེས་ཞི་ཅིན་ཕིང་དང་བྱིས་པ་ཚོའི་བར་ཐག་དེ་མ་ཐག་ཏུ་ཇེ་ཉེར་གྱུར།

1122917848_15277460297411n.jpg

      ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྱི་བྱིས་པའི་ཕོ་བྲང་དུ་ཕེབས་ཏེ་སྤྲོ་སྣང་ལྡན་པའི་བྱིས་དུས་ཀྱི་རེ་བ་ཞེས་པས་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོར་ཞུགས་པ།

      2014ལོའི་ཟླ11ཚེས1ཉིན། ལོ་ན7ལ་སོན་པའི་ཙའུ་རུའེ་ཉིང་གིས་ཉིན་ཐོའི་ནང་། སྤོ་བོ་ཞི་ལགས་ཀྱིས་ན་བཟའ་གྲལ་འགྲིག་ཅིང་། རྫིག་ཉམས་དོད་པ། སྐུ་གཟུགས་ཆེ་ལ་ཞལ་ནས་འཚེར་སྣང་ཞིག་མངོན་ཡོང་གི་འདུག ཁོང་གིས་བྱམས་བརྩེའི་ངང་ངའི་ཁྱིམ་གང་དུ་ཡོད་དམ་ཞེས་དྲིས་བྱུང་། དེར་ངས་ལན་བཏབ་པ་ཡིན་ཞེས་བྲིས་ཡོད།  ཉིན་དེར།  ཞི་ཅིན་ཕིང་ཧྥུ་ཅན་དུ་ཕེབས་ནས་རྟོག་ཞིབ་གནང་ཡོད་ཅིང་། ཙའུ་རུའེ་ཉིང་ཚུད་པའི་སློབ་ཆུང་སློབ་མ་བཅུ་ལྷག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཡོད་པ་རེད།

      བྱིས་པ་རྣམས་ཀྱི་གྲོགས་པོ་ཆེན་པོ་དང་སྤོ་བོ་ཞི་ལགས་ཏེ་ཞི་ཅིན་ཕིང་གིས་བྱིས་པ་ཚོ་དང་སྤེལ་རེས་གནང་སྐབས་འདྲིས་བདེ་གཤིབ་བདེའི་སྣང་བ་ངང་གིས་སྦྱིན།

      2013ལོའི་ཟླ12ཚེས28ཉིན། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་གཡོད་ཐན་བྱང་ལམ་གྱི་ཆིང་ཧྥེང་ཤ་མོག་ཟ་ཁང་དུ་གུང་ཟས་བཞེས་སྐབས། ནང་མི་དང་ལྷན་དུ་ཟ་མ་བཟའ་བཞིན་པའི་གྲོགས་པོ་ཆུང་ཆུང་ཡོན་པའོ་ཞི་ཅིན་ཕིང་གི་མདུན་དུ་རྒྱུག་ཡོང་སྟེ།  སྤོ་བོ་ཞི་ལགས་སྐུ་ཁམས་བཟང་ཞེས་ཤོད་སྐབས།  ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་ཁྱེད་ལོ་ག་ཚོད་ཡིན་ཞེས་དྲིས་གནང་བར། ཡོན་པའོ་ཡིས་དེའི་ལན་དུ་ང་ལོ་ལྔ་དང་ཟླ་བརྒྱད་ཡིན་ཞེས་ལན་བཏབ། ཞི་ཅིན་ཕིང་གིས་གཟུགས་པོ་འདི་འདྲའི་རིང་བ་ལ། སྟོབས་ཆེན་ཞིག་རེད།  འདིར་ཤོག འདྲ་པར་ཞིག་རྒྱག་ཟེར་ཞོར་ཡོན་པའོ་གམ་དུ་བོས་ནས་འདྲ་པར་ཁ་ཤས་བླངས།

      2013ལོའི་ཟླ5པའི་ཚེས21ཉིན། ཞི་ཅིན་ཕིང་སི་ཁྲོན་ལུའུ་ཧྲན་གྱི་ས་ཡོམ་གེགས་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་སྐབས།  ལོ་གཅིག་དང་ཕྱེད་ཀ་ལས་སོན་མེད་པའི་བྱིས་པ་ལུའོ་ཅུན་ཁྲེང་གིས་བྱིས་སྐད་ངག་ངོག་གི་སྒོ་ནས་སྤོ་བོ་ལགས་ཞེས་བོས་ཤིང་ཞི་ཅིན་ཕིང་ལ་འོ་བྱེད་རྩིས་བྱེད་སྐབས། ཞི་ཅིན་ཕིང་གིས་བཞད་མོ་བཞད་བཞིན་དུ་ལུའོ་ཅུན་ཁྲེང་གི་ངོ་གདོང་ཆུང་ཆུང་ལ་བྱིལ་བྱིལ་གནང་ཞིང་ཁོ་ལ་འོ་ཞིག་གནང་།

1122917848_15277461592661n.jpg

      ཞི་ཅིན་ཕིང་གིས་རང་ཉིད་ཆུང་དུས་ཀྱི་ལོ་རྒྱུས་བརྒྱུད་རིམ་གླེང་ནས་ལོ་ཆུང་བྱིས་པར་རང་དཔེ་གཞན་སྟོན་དང་སྐུལ་མ་བཏང་གནང་བ།

      བྱིས་པའི་དུས་ནི་མི་ཚེའི་ནང་གི་དུས་ཚོད་རྩ་ཆེན་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར་ཆུང་དུས་ནས་མི་ཡག་པོ་བྱ་རྒྱུ་དང་། ཆུང་དུས་ནས་ཕུགས་བསམ་འཛུགས་པ།   ཆུང་དུས་ནས་གསར་གཏོད་ཇི་ལྟར་བྱེད་དགོས་ཚུལ་སློབ་སྦྱོང་ཡག་པོ་བྱས་ཏེ། དགེ་རྒན་ཡག་པོའམ་རང་དཔེ་གཞན་སྟོན་གྱི་མི་བཟང་ཞིག་བྱེད་དགོས་པའི་སྐོར་གསུངས་མྱོང་།

      བྱིས་པ་ཚོ་དང་མཉམ་དུ་བཞུགས་རིང་། ཞི་ཅིན་ཕིང་གིས་རང་ཉིད་ཀྱི་བྱིས་པའི་དུས་ཀྱི་བརྒྱུད་རིམ་ཚང་མ་ཁོ་ཚོར་གསུངས་ཤིང་།   བཀའ་མོལ་གྱི་གནས་ལུགས་དག་བྱིས་པ་ཚོས་ག་ལེར་གོ་བ་ལེན་དུ་འཇུག་གནང་གི་ཡོད། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཁུལ་མི་རིགས་སློབ་ཆུང་ནང་། ཞི་ཅིན་ཕིང་གིས་རང་ཉིད་ཀྱི་བྱིས་པའི་དུས་ཀྱི་གཏམ་རྒྱུད་གཉིས་སློབ་མ་ཚོར་གསུངས།

      ཞི་ཅིན་ཕིང་གིས་ང་ནི1959ལོར་སློབ་གྲྭར་ཞུགས་པ་དང་། 1960ལོར་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པ་ཡིན་ཞེས་དང་། ལོ་ན་ཅུང་ཆུང་བའི་རྐྱེན་གྱིས་ཁག་དང་པོའི་ནང་ཚུད་མ་བྱུང་། སྐབས་དེར་ང་རང་ངུ་ཡང་ཤོར་བྱུང་ཞེས་གསུངས་རྗེས། བྱིས་པ་ཚོ་དགད་མོ་ཤོར། དེ་རྗེས་ཞི་ཅིན་ཕིང་གིས་སྐབས་དེ་དུས་གདོང་ལེན་རུ་ཁག་ནང་ཞུགས་དུས་སྙིང་མཆོངས་ལྡིང་བྱེད་ཅིང་སེམས་པ་ཧ་ཅང་དགའ་པོ་འདུག ཁྱེད་ཚོར་ཚོར་བ་འདི་འདྲ་འདུག་གམ་ཞེས་གསུངས་པར།  ཕྲུ་གུ་ཚོས་འདུག་ཅེས་ལན་བཏབ། ཞི་ཅིན་ཕིང་གིས་ རྒྱུ་མཚན་གང་ཡིན་ཞེ་ན། འདི་ནི་གཟི་བརྗིད་ཅིག་ཡིན་པས་རེད། ངས་ཁྱེད་ཚོའི་ངོ་གདོང་ནས་རེ་བ་མཐོང་བྱུང་། མེས་རྒྱལ་དང་མི་རིགས་ཀྱི་རེ་བ་མཐོང་བྱུང་། དེ་ཡང་དམ་ཚིག་ཏུ་བཤད་པ་ལྟར། ནམ་ཡང་གྲ་སྒྲིག་བྱས་ཏེ་འབྱུང་འགྱུར་གྱི་རྒྱུད་འཛིན་པ་བྱེད་དགོས་ཞེས་གསུངས།

      ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་ནི་མི་ཚེ་གང་པོའི་རེ་སྙེག་བྱེད་ཡུལ་ཡིན།

      ཞི་ཅིན་ཕིང་གིས་ཕྲུ་གུ་ཚོས་བྲིས་པའི་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དྲིན་འཇལ་བ་ཞེས་པའི་ཡིག་འབྲུ་བཞི་པོ་གཟིགས་སྐབས།   ང་རང་ལ་ཆུང་དུས་ནས་ཡིག་འབྲུ་འདི་དག་གིས་ཤུགས་རྐྱེན་ཐེབས་མྱོང་། ལོ་བཞི་ལྔར་སོན་སྐབས་ཨ་མས་བྱིས་པའི་ཀློག་དེབ་ཉོས་ཏེ་ང་རང་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དྲིན་འཇལ་བ་དང་། ཡུའེ་ཧྥེ་ཡི་ཨ་མས་ཡི་གེ་གཙག་པའི་གཏམ་རྒྱུད་གསུངས་བྱུང་། ངས་ཨ་མ་ལགས་ལ་ཡི་གེ་གཙག་དུས་ན་ཚ་གཏོང་གི་མེད་དམ་ཞེས་དྲིས་པར། ཨ་མས་ན་ཚ་ཡོད་མོད། འོན་ཀྱང་ཡུའེ་ཧྥེ་ཡི་སེམས་ཁོངས་སུ་ནམ་ཡང་ཡལ་བ་མེད་པར་གནས་སྲིད་ཅེས་གསུངས་བྱུང་། དེ་ངས་ད་ལྟ་ཡང་བརྗེད་མེད། ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་ནི་ངའི་མི་ཚེ་གང་གི་དམིགས་ཡུལ་ཡིན་ཞེས་གསུངས།

      ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཁུལ་མི་རིགས་སློབ་ཆུང་དུ་ཕྲུ་གུ་ཚོས་ཡིག་གཟུགས་སྦྱོང་བར་གཟིགས་པ།

1122917848_15277461290881n.jpg

      གཟུགས་པོ་ཡག་པོའི་རྨང་གཞི་ནི་ཆུང་དུས་ཀྱི་ལུས་རྩལ་སྦྱོང་བརྡར་ཡིན།

      ཞི་ཅིན་ཕིང་གིས་ལུས་པོ་ནི་མི་ཚེའི་འབད་འཐབ་མཐའ་དག་གི་མ་རྩ་ཡིན་པ་དང་།  ལོ་ཆུང་བྱིས་པས་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པར་དོ་སྣང་བྱ་དགོས་ཞེས་གསུངས་པ་དང་། ད་དུང་རང་གི་ཉམས་མྱོང་བརྒྱུད་ནས་ལོ་ཆུང་བྱིས་པ་ཚོར་ལུས་རྩལ་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བསྔགས་སྐུལ་གནང་། 

2016ལོའི་ཟླ9པར་ཞི་ཅིན་ཕིང་ཁོང་གི་མ་ཡུམ་སློབ་གྲྭ་པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་འབྲིང་དུ་ཕེབས་སྐབས། ལུས་རྩལ་ཐང་ཆེན་ཐོག་ཞི་ཅིན་ཕིང་གིས་སྦྱོང་བརྡར་བྱེད་བཞིན་པའི་སྤོ་ལོ་རྒྱག་མཁན་ཆུང་ཆུང་ཞིག་ལ།  ལོ་༥༠ ཡི་གོང་དུ་ང་རང་གནས་འདི་རུ་རྐང་གྲུག་རྩེ་མྱོང་། སྐབས་དེར་ལུས་རྩལ་ཐང་འདི་ད་དུང་ས་རྐྱང་རྐྱང་ཅན་ཞིག་ཡིན་ཞེས་དང་། ད་ལྟ་ངའི་ལུས་པོ་ཡག་པོ་འདི་འདྲ་ཡོད་ཡང་་ཆུང་དུས་ལུས་རྩལ་སྦྱོང་བརྡར་བྱས་་པ་ལས་བྱུང་།  སྤྱོད་ཤེས་ལུས་མཛེས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར། དེའི་ཁྲོད་ལུས་རྩལ་ཀྱིས་སེམས་རྒྱུད་དང་བློ་སྟོབས་སྦྱོང་བརྡར་བྱེད་པར་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཅེས་གསུངས་ཡོད།

      ད་ལྟའི་དུས་ཚོད་གཅེས་སྤྲས་བྱས་ནས་དཀའ་ཐུབ་གཤིས་གསོ་སྐྱོང་དང་སྦྱོང་བརྡར་བྱེད་དགོས།

      2017ལོའི་ཟླ2པའི་ཚེས24ཉིན། ཞི་ཅིན་ཕིང་གིས་པེ་ཅིང་ཝུ་ཁེ་སུང་ལུས་རྩལ་ལྟེ་གནས་སུ་གཞོན་ནུ་ལོ་ཆུང་གི་འཁྱགས་འདྲེད་སྤོ་ལོ་དང་གར་སྟབས་འཁྱག་ཤུད་སྦྱོང་བརྡར་ལ་གཟིགས་པ་མ་ཟད་ཁོང་རང་ཉིད་ཆུང་དུས་འཁྱག་ཤུད་ལ་རོལ་བར་ཕྱིར་དྲན་གནང་། སྐབས་དེ་དུས་དགུན་ཁ་ཧྲིན་ཧྲ་ཧའེ་(什刹海)ཡི་འཁྱག་པའི་ཐོག་ནས་མ་གཏོགས་འཁྱག་ཤུད་གཏོང་ས་མེད། གལ་ཏེ་སྒོར50ཅན་གྱི་འཁྱགས་ལྷམ་ཆ་གཅིག་ཉོ་ཐུབ་ན་དེ་ནི་རྒྱས་སྤྲོས་སུ་བརྩི་ཆོག ཁོང་གི་གཅུང་པོ་འཁྱགས་འདྲེད་སྤོ་ལོ་རྒྱག་པར་དགའ་བས་སྤོ་ལོ་དེ་རྒྱག་སྐབས་གྱོན་པའི་ལྷམ་ཉོ་འདོད་པ་དང་། ཁོང་རང་འཁྱགས་ཤུད་ལ་དགའ་བས་ཤུད་ལྷམ་ཉོ་འདོད་མོད། ཕ་མས་ལྷམ་གཅིག་ལས་ཉོ་མ་ཐུབ་པས་ཁོང་གིས་རང་ཉིད་ཀྱི་གཅུང་པོས་ཉོ་འདོད་པའི་ལྷམ་དེ་ཉོ་རུ་བཅུག ཞི་ཅིན་ཕིང་གིས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཕྲུ་གུ་རྣམས་ལ་ད་ལྟའི་ཆ་རྐྱེན་ལ་གཅེས་སྤྲས་དང་། ལུས་རྩལ་སྦྱོང་བར་བརྟེན་ནས་དཀའ་ཐུབ་གཤིས་ཀ་གསོ་སྦྱོང་བྱ་དགོས་པའི་སློབ་སྟོན་གནང་།

      ཞི་ཅིན་ཕིང་གིས་འཁྱགས་འདྲེད་སྤོ་ལོའི་རུ་མི་ཆུང་ཆུང་དང་ཕན་ཚུན་ཕྲག་པ་གཏུག་ནས་འཚམས་འདྲི་གནང་བ།

1122917848_15277460298141n.jpg

      ལོ་ཆུང་བྱིས་པར་འཚར་ལོངས་ཆ་རྐྱེན་དང་ཁོར་ཡུག་སྔར་བས་ཡག་པ་བསྐྲུན་པ།

      ཞི་ཅིན་ཕིང་གིས་བྱིས་པར་ཐུགས་ཁུར་གནང་བ་དེ་ནན་ཏན་གྱི་སློབ་སྟོན་དང་། རང་གིས་མིག་དཔེ་སྟོན་པ། བར་ཐག་མེད་པའི་བསམ་བློ་བརྗེ་རེས་སོགས་ཀྱི་ལམ་ནས་མཚོན་པ་མ་ཟད། ལྷག་པར་དུ་ལོ་ཆུང་བྱིས་པ་ཚོར་འཚར་ལོངས་ཀྱི་ཆ་རྐྱེན་དང་ཁོར་ཡུག་སྔར་བས་ཡག་པ་བསྐྲུན་པའི་ཐོག་ནས་མཚོན། 

      201ལོའི་ཟླ3པར། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་གཙོ་སྐྱོང་གནང་ཞིང་།  ཚོགས་འདུའི་ཐོག་བྱིས་པའི་བདེ་ཐང་དེ་ཁྱིམ་ཚང་གི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་དང་།  བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྱུར་བཅོས་དང་གོང་འཕེལ་ཤུགས་སྣོན་རྒྱག་དགོས་པ། བྱིས་པའི་ཚན་ཁག་གི་སྨན་དོན་མི་སྣ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ།  བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ། བྱིས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཁྱབ་ཁོངས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།  མ་ལག་ཚང་བའི་སྒོ་ནས་སྒྱུར་བཅོས་ཐབས་ལམ་འདོན་པ་དང་། བྱིས་པའི་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས་ཞེས་གསུངས།

1122917848_15277461912731n.jpg

      སྤྱི་ལོ2015ལོའི་ཟླ2ཚེས14ཉིན། ཞི་ཅིན་ཕིང་གིས་ཧྲའན་ཤིས་དབྱང་ཅ་ལིན་དུ་ཕུའུ་ཀྲོའུ་ཕུགས་རེའི་སློབ་ཆུང་ལ་རྟོག་ཞིབ་གནང་བ།

      ལོ་ཆུང་བྱིས་པའི་ལུས་སེམས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་པར་སློབ་གསོ་དང་སྨན་བཅོས་གཉིས་ཀ་གལ་ཆེ་བ་དང་། 2015ལོར་ཧྲའན་ཤིས་དབྱང་ཅ་ལིན་དུ་ཕུའུ་ཀྲོའུ་ཕུགས་རེའི་སློབ་ཆུང་ལ་རྟོག་ཞིབ་གནང་སྐབས། ཞི་ཅིན་ཕིང་གིས་གསར་བརྗེའི་གནས་རྙིང་དང་དབུལ་ཕོངས་ས་ཁུལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་དགོས་ན། རྩ་བ་ནི་སློབ་གསོ་དམ་འཛིན་ཡག་པོ་བྱེད་པར་རག་ལས་པ་དང་། ཕྲུ་གུ་ཐོག་མ་ཉིད་ནས་རྗེས་ལུས་ཐེབས་སུ་འཇུག་མི་རུང་ཞེས་ནན་གསུངས་གནང་།

      ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སློབ་གསོར་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ཞིང་། ལྷག་པར་དུ་དབུས་ནུབ་རྒྱུད་ཀྱི་སློབ་གསོ་ཞན་པའི་ས་ཁུལ་དུ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་སློབ་གསོར་བཏང་བའི་མ་དངུལ་གྱི་བརྒྱ་ཆ80ཡན་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་སྤྱད། 2018ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར130མང་དུ་བཏང་སྟེ།  སྤོ་སྒྱུར་གཏོང་སྤྲོད་ལ་བརྟེན་ནས་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ། ལས་རིགས་སློབ་གསོ་བཅས་ཀྱི་ཕྱོགས་སུ་བཏང་།

1122917848_15277460298921n.jpg

      བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་། མི་རིགས་ཀྱི་རེ་བ་དང་མ་འོངས་པ་ཡིན་ཞིང་། ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་གསོ་སྐྱོང་ཡག་པོ་བྱ་རྒྱུ་ནི་འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན་པ་དང་།  དེ་ནི་ཕུགས་རྒྱང་རིང་བའི་ལས་དོན་དང་འབྲེལ་བ་ཡོད་ཅེས་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་འབྱུང་འགྱུར་ཁྱེད་ཚོའི་དུས་སུ་མངོན་འགྱུར་བྱེད་དགོས་ལ། ཁྱེད་ཚོ་ནི་འབྱུང་འགྱུར་གྱི་གཙོ་ཤུགས་དམག་དང་སྟོབས་ཤུགས་གསར་པ་ཡིན་ཞེས་ནན་གསུངས་གནང་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཡོངས་ཀྱིས་སློབ་སྦྱོང་ཡག་པོ་དང་། ཉིན་བཞིན་ཡར་རྒྱས་ཡོང་བ་བྱེད་པའི་ཐུགས་རེ་གནང་། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-6-18 07:40 , Processed in 0.277728 second(s), 21 queries .

返回顶部