博客西藏在最高处过一种生活

日志

༄༅།།མདོ་དབུས་མཐོ་སྒང་ནི་འབྱུང་ཁུངས་ཆེན་པ ...

热度 1已有 95 次阅读2018-5-16 09:01 |系统分类:文化


༄༅།།མདོ་དབུས་མཐོ་སྒང་ནི་འབྱུང་ཁུངས་ཆེན་པོ་ལྔའི་ལྟེ་བ་ཡིན།






རྩོམ་ཁུངས།  མཚོ་སྔོན་པོ་དྲ་བ།


རྩོམ་པ་པོ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱི་སྐུ་པར།


  མདོ་དབུས་མཐོ་སྒང་ནི་ཀྲུང་ཧྭའི་ཆུ་མཛོད་སྟེ། འཁྱག་རོམ་གྱི་འབྱུང་ཁུངས། ཆུ་བོའི་འབྱུང་ཁུངས། སྐྱེ་ཁམས་ཀྱི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་ཁུངས། ཤེས་རིག་གི་འབྱུང་ཁུངས་བཅས་འབྱུང་ཁུངས་ཆེན་མོ་ལྔའི་ལྟེ་བ་ཡིན།
  དང་པོ། འཁྱགས་རོམ་གྱི་འབྱུང་ཁུངས།
  མདོ་དབུས་མཐོ་སྒང་གི་ཆ་སྙོམས་མཚོ་ངོས་ལས་སྨི4500ཡས་མས་འདུག དྲོད་དབུགས་ཅུང་དམའ་ཞིང་། ཕལ་ཆེར་ལོ་རེ་མཚོ་དཔག་ཡར་འཕར་བའམ་མར་བབས་པ་དང་བསྟུན་ནས་ལོ་རེར་དྲོད་དབུགས་མར་བབས་པའི་རྒྱ་ཁྱོན་གྱིས་མདོ་དབུས་མཐོ་སྒང་གི་ཕྱེད་ཀ་ཟིན་ཡོད་ལ། སྤྱི་ཟླ་དང་བོར་ས་ཆ་མང་ཆེ་ཤོས་སུ་བརྒྱ་ཆའི་གོར་ཐོག་མན་གྱི10ལས་དམའ་བ་དང་། ཟླ་བ་བདུན་པ་ནི་ཆེས་དྲོ་བའི་དུས་ཚིགས་ཏེ། མདོ་དབུས་མཐོ་སྒང་གི་མཚོ་སྔོན་ལྷོ་ཕྱོགས་དང་བོད་བྱང་ཐང་ས་ཁུལ་གྱི་ཆ་སྙོམས་དྲོད་དབུགས་བརྒྱ་ཆའི5མ་གཏོགས་མེད། མདོ་དབུས་མཐོ་སྒང་ནི་མཚོ་དཔག་མཐོ་ལ་མཁའ་དབུགས་ནང་ཆུའི་གྲུབ་ཆ་ཉུང་ཞིང་། འབག་བཙོག་ཉུང་ལ་དྭངས་ཚད་མཐོ། ཉི་མའི་ཚ་གདུག་ཆེ་བ་དང་མཐོ་སྒང་དབུགས་རླུང་ཉུང་བས་ལྟོས་འཇོག་གིས་བཤད་ན་མཁའ་དབུགས་དྲོད་གྲང་གི་འགྱུར་ལྡོག་མཚོ་དཔག་དམའ་སའི་ས་ཁུལ་གྱི་ཐང་ཆེན་ཁུལ་དང་བསྡུར་ན་ལྡབ་གཅིག་གིས་མཐོ། དེའི་ཕྱིར། མདོ་དབུས་མཐོ་སྒང་གི་དགུན་གཞུང་རིང་མོ་ནི་འཁྱགས་རོམ་འབྱུང་ཁུངས་དང་གྲང་འཁྱག་མཐོ་ཁུལ་དུ་གཏོགས་པས་ཨེ་ཤ་ཡ་གླིང་གི་དབུགས་གནོན་དང་དབུགས་དྲོད། རླུང་། འབབ་ཚད་སོགས་ལ་ཤན་ཤུགས་ཟབ་མོ་ཐེབས་ཡོད། མདོ་དབུས་མཐོ་སྒང་ནི་སའི་གོ་ལའི་སྣེ་གསུམ་པ་སྟེ། ནུབ་སྣེ་དང་བྱང་སྣེ་ལ་བརྟེན་ནས་ལྟོས་འཇོག་གིས་འཁྱགས་རོམ་གྱི་འབྱུང་ཁུངས་སུ་གྲགས། 
  གཉིས་པ། ཆུ་བོའི་འབྱུང་ཁུངས། 
  (1)མདོ་དབུས་མཐོ་སྒང་གི་ཆུ་བོའི་འབྱུང་ཁུངས་སྤྱིའི་ཚད་ལ་སྨི་གྲུ་བཞི་མ་དུང་ཕྱུར5463.4དང་། དེ་ལས་ཞི་བདེ་རྒྱ་མཚོའི་ཆུའི་ཚད་ལ་སྨི་གྲུ་བཞི་མ་དུང་ཕྱུར2548དང་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཆུའི་ཚད་ལ་སྨི་གྲུ་བཞི་མ2500ཡོད་པའི་ནང་སྐམ་སའི་ས་ཁུལ་གྱི་ཆུ་ཚད་ལ་སྨི་གྲུ་བཞི་མ་དུང་ཕྱུར515ཡོད་པ་དང་ས་འོག་ཆུ་བོའི་ཐོན་ཁུངས་ཕལ་ཆེར་སྨི་གྲུ་བཞི་མ1568 ཡོད་ལ། ཧ་ལམ་སྨི་གྲུ་བཞི་མ1301.3དང་ས་ངོས་ཀྱི་ཆུ་ནི་བསྐྱར་བགྲང་བྱས་པ་རེད། མདོ་དབུས་མཐོ་སྒང་གི་ཆུ་བོའི་ཐོན་ཁུངས་སྤྱིའི་ཚད་དང་། ས་སྟེང་ཆུ་བོའི་ཐོན་ཁུངས་སྤྱིའི་ཚད་ལ་ཆ་སྙོམས་ཀྱི་རྒྱལ་ཡོངས་ཀྱི་ལྔ་ཆའི་གཅིག་ལྷག་ཟིན་ཡོད། འབབ་ཆུ། ཀྲུང་གོ་ལས་གཞན་དུ་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་གླིང་གི་གཙང་བོ་ཆེན་པོ་དང་ཆུ་བོ་ཆེན་པོ་མཐའ་དག་གི་འབྱུང་ཁུངས་ནི་མདོ་དབུས་མཐོ་སྒང་ཡིན། རང་རྒྱལ་དུ་རྒྱལ་སྤྱིའི་འབབ་ཆུ་གཙོ་བོ15ཡོད་པ་ལས་མདོ་དབུས་མཐོ་སྒང་གིས8ཟིན་ཡོད། ལོ་རེ་བཞིན་གནས་འདི་ནས་རྒྱལ་མཚམས་བརྒལ་བའི་ཆུའི་ཚད་ཕལ་ཆེར་སྨི་གྲུ་བཞི་མ་དུང་ཕྱུར4000ཡོད་པས་རྒྱལ་མཚམས་བརྒལ་བའི་ཆུའི་ཚད་ཀྱི་སུམ་ཆའི་གཉིས་ཟིན་ཡོད། ཞི་བདེ་རྒྱ་མཚོ་ཆེན་པོའི་ནང་ལ་འབྲི་ཆུ་དང་རྨ་ཆུ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོ་བཅས་འདུ། ཧུན་རྡུ་རྒྱ་མཚོའི་ཆུའི་ནང་ལ་ཡར་ཀླུང་གཙང་བོ་དང་རྫ་ཆུའམ་ཟླ་ཆུ། ཧིན་རྡུ་གཙང་བོའི་སྟོད་རྒྱུད་གྱི་སྐམ་སའི་ནང་གི་ཆུ། ཚྭ་འདམ་གཤོང་དང་ཆི་ལེན་རི་རྒྱུད་དང་ནང་གི་སྐམ་སའི་ཆུ་ལག་བཅས་སོ།། 
  (2)མཚོ་དང་མཚེའུ། རྒྱ་ཁྱོན་རྨིད་གྲུ་བཞི་མ་གཅིག་ཡན་གྱི་མཚོ་དང་མཚེའུ1126ཡོད་ཅིང་། སྤྱིའི་རྒྱ་ཁྱོན་གྱི་སྨི་གྲུ་བཞི་མ39207 ཟིན་ཡོད་ལ། རྒྱལ་ཡོངས་ཀྱིས་མཚོ་དང་མཚེའུ་གྲངས་ཀ་བརྒྱ་ཆའི40ལ་ཉེ་བ་དང་རྒྱ་ཁྱོན་གྱི་བརྒྱ་ཆའི49ཟིན་ཡོད་པས། འཛམ་གླིང་སྟེང་ཆེས་ཆེ་བའི་མཐོ་སྒང་གི་མཚོ་དང་མཚེའུ་མང་སའི་ས་ཁུལ་ཞིག་ཡིན། མཚོ་དང་མཚེའུ་ཡིས་ཆུ་གསོག་ཚད་སྨི་གྲུ་བཞི་མ་དུང་ཕྱུར5182ཟིན་ལ། ཆུའི་གསོག་ཚད་ལ་སྨི་གྲུ་བཞི་མ་སྟོང2035 ཡོད་པས་རྒྱལ་ཡོངས་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ13877.5དང་། མཐོ་སྒང་གི་མཚོ་དང་མཚེའུ་རྒྱ་ཁྱོན་ལ་བརྒྱ་ཆའི35.4བཟུང་ཡོད་པ་དང་། མཐོ་སྒང་གི་མཚོ་དང་མཚེའུ་ཁྲོད་དུ་ཆ་སྙོམས་གྱི་སྐམ་སའི་ནང་གི་མཚོ་ཆུ་དང་ཚྭ་མཚོ་སྐྱ་རེངས་བཅས་ཀྱིས་ཆ་སྙོམས་བྱས་ན་མདོ་དབུས་མཐོ་སྒང་གི་བརྒྱ་ཆའི90བཟུང་ཡོད།
  (3)འཁྱགས་རོམ། མདོ་དབུས་མཐོ་སྒང་གི་འཁྱགས་རོམ་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་བཞི་མ50672དང་། གསོག་ཚད་ལ་སྨི་གྲུ་བཞི་མ་ཁྲི་སྟོང་བཞི་ཡོད་པས། འབབ་ཆུའི་ཚད་ཤུགས་མི་འདྲ་བའི་རིགས་གཞིར་བཟུང་སྟེ་རིགས་གསུམ་དུ་དབྱེ་བ་ལྟར་ན། རྒྱ་མཚོ་ཆེན་པོར་འབྲེལ་བའི་འཁྱགས་རོམ་གཙོ་བོ་བོད་ལྗོངས་ཤར་བྱང་དང་ལྷོའི་རྒྱུད་དུ་འདུ་ཞིང་། སྐམ་ས་ཆེན་པོས་སྣེ་དང་འབྲེལ་བའི་འཁྱགས་རོམ་གཙོ་བོའི་ཁྱབ་སྟངས་ནི་མཐོ་སྒང་ནུབ་རྒྱུད་དུ་འདུའོ།། 
  (4)བརླན་གཤེར་ས་ཁུལ། སྤྱིའི་རྒྱ་ཁྱོན་ལ་ཆ་སྙོམས་གྱི་སྨི་ཁྲི570རིགས་ཆེན་པོ་བཞི་རུ་དབྱེ་ཡོད། རྩ་རྫོང་བརླན་གཤེར་ནི་ཆེས་ཁྱབ་རྒྱ་ཆེ་ཞིང་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་ན་འདམ་བརླན་ཁུལ་རེད། མཛོ་དགེ་རྩྭ་ཐང་གི་ན་འདམ་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ4000ཟིན་པ་དེ་དང་རང་རྒྱལ་གྱི་ཆེས་ཆེ་བའི་རྩི་ཤིང་ན་འདམ་གྱི་ཁྱབ་རྒྱ་ཆེ་བ་ཞིག་རེད། ནགས་ཚལ་ས་གཤིས་དང་མཁའ་དབུགས་ཀྱི་དབང་གིས་བརླན་ཁུལ་ཁྱབ་སྟངས་ལ་བཀག་རྒྱ་ཐེབས་མོད་སྐྱེ་ཁམས་ལ་ཕན་པའི་སྣེ་གཙོ་བོ་ཡིན་ལ། འབབ་ཆུ་དང་མཚོ་དང་མཚེའུ་ནི་མཐོ་སྒང་གི་སྐྱེ་ཁམས་དང་འབྲལ་ཐབས་མེད་པའི་ཁ་སྣོན་ཞིག་ཡིན་མོད་ཚབ་མཚོན་བྱས་ཆོག་པའི་ནུས་པ་མི་འདུག
  གསུམ་པ། སྐྱེ་ཁམས་ཀྱི་འབྱུང་ཁུངས། 
  མཚོ་བོད་མཐོ་སྒང་ནི་སའི་གོ་ལའི་མཚོ་ངོས་ལས་ཆེས་མཐོ་བའི་རང་བྱུང་གི་གནས་ཁུལ་ཅིག་སྟེ། སྔར་ན་འཛམ་གླིང་གི་ཡང་རྩེ་ཞེས་པའི་མིང་ཐོབ་ཡོད། དེའི་རང་བྱུང་གི་ཁྱད་མཚར་དང་ཕན་ནུས་མི་འདྲ་བ་ནི་སའི་གོ་ལའི་སྟེང་ཁྱད་པར་ཅན་གྱི་རང་བྱུང་གི་གནས་བརྒྱད་ཀྱི་ཁག་ཅིག་ཀྱང་ཡིན། ས་ཁམས་རིག་པ་དང་སྐྱེ་དངོས་རིག་པས་དབུ་འཛུགས་སའི་བང་མཛོད་དང་ཐོན་ཁུངས་ཁོར་ཡུག་ཞིབ་འཇུག་གི་གནམ་གཤིས་ཚོད་ལྟ་ཁང་ཡང་ཡིན། གནས་འདི་ནས་ཁོར་ཡུག་མཐུན་ཐབས་སྒྲུབ་པ་དང་ཞོར་དུ་འཕེལ་རྒྱས་བྱུང་བའི་འཛམ་གླིང་སྟེང་གནམ་གཤིས་མཚོ་ངོས་ལས་ཆེས་མཐོ་བའི་ཁྱིམ་གཞིས་ཆགས་སའི་གནས་སུ་གྱུར། ས་དེ་ཉིད་ཡངས་ཤིང་རྒྱ་ཆེ་ལ། ཐོན་ཁུངས་ཕུན་སུམ་ཚོགས་པ། རི་ལུང་དཔལ་གྱིས་སྒེག་པ་རང་བྱུང་ཐོན་ཁུངས་རྒྱས་པ། མཐའ་ཡས་པའི་འཕེལ་རྒྱས་མདུན་ལྗོངས་ཀྱི་ས་མཛོད་དེ་རང་རྒྱས་གྱི་མ་འོངས་འཕེལ་རྒྱས་ཀྱི་གཞུག་མཐུད་སྟོབས་ཤུགས་ཤིག་རེད། མདོ་དབུས་མཐོ་སྒང་ནི་རང་རྒྱལ་སྐྱེ་ཁམས་ཁོར་ཡུག་གི་ཁྲོད་ཚོར་སྣང་ཆེས་སྤྲོ་སྣང་ལྡན་ཞིང་ཆེས་སྟོབས་ཆུང་བའི་ས་ཁུལ་ཁག་གི་གྲས་ཡིན་ལ། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་གཏན་འབེབ་མཛད་པའི་སའི་གོ་ལ་ཡོངས་ཀྱི་ཐོན་དངོས་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་ཞེས་པའི་ཆེས་སྔོན་ཐོནགྱི་ས་ཁུལ་ཞིག་ཀྱང་ཡིན། སྐྱེ་ཁམས་ཁོར་ཡུག་གི་འབབ་རྒྱུད་ཀྱི་གཙང་ཆུ་དངོས་པོའི་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ས་ཁུལ་གྱི་འཆམ་མཐུན་རིང་འགྲོས་ལ་གཙོ་ཆེ་བའི་ད་ལྟའི་དོན་དངོས་ཀྱི་སྙིང་བོ་རྫོང་མཐུག་པོ་ཞིག་བཏོན་ཡོད། དེ་དང་ལྷན་དུ་མཚོ་བོད་མཐོ་སྒང་གི་ལྷོ་ནུབ་འགྲམ་དུ་མཐོན་པོར་ཟུག་ཅིང་། དེའི་དབུས་ཆེན་འབབ་རྒྱུད་གྱི་རྒྱུན་ལྡན་འགུལ་སྐྱོད་ཀྱི་སྒྲིབ་ཁྲིམས་ལ་གཏོར་བརླག་བཟོ་བ་དང་། ཤར་ཡ་གླིང་ནས་སའི་གོ་ལ་ཡོངས་ཁྱབ་ཀྱི་གནམ་གཤིས་དང་མཁའ་དབུགས་ཚང་མར་སྙོམས་པའི་ལམ་ལུགས་དང་ཤན་ཤུགས་ཐེབས་སུ་བཅུག་པ་དང་། མཐོ་རུ་ཡར་འཕགས་པའི་ཧ་ཅང་ཆེ་བའི་མཐོ་སྒང་གི་ཚ་གྲང་མཁའ་དབུགས་ཀྱི་བཅས་ལྷོ་བྱང་བརྗེ་རེས་ཀྱི་བཀག་འགོག་བྱས། བྱང་ཕྱོགས་འཁྱག་པའི་མཁའ་དབུགས་ལྷོ་རུ་བརྒྱུད་མི་ནུས་ལ་སོག་པའི་མཐོ་སྒང་གི་ཤར་བྱང་གི་དུས་རླུང་ཤན་ཤུགས་ཨེ་ཤ་ཡ་ལྷོ་མར་མི་ཐོན། དེ་རུ་དགུན་གཞུང་གི་ཚ་གྲང་ཧ་ཅང་སྙོམས་ཤིང་དབྱར་གཞུང་དུ་ཧིན་རྡུ་རྒྱ་མཚོ་ཆེན་མོས་ཤར་དུ་རླུང་འགོག་པ་དང་། ཚ་གྲང་སྙོམས་པའི་མཁའ་དབུགས་ནུབ་ཏུ་ཞིན་ཅང་དང་ཀན་སུའུ་ས་ཁུལ་སོགས་སུ་རྒྱུ་མི་ཐུབ་པར་དེས་རང་རྒྱལ་གྱི་ནུབ་བྱང་སྐམ་ཐག་ཏུ་འགྱུར་ངེས་ཡིན།

  བཞི་བ། ཚེ་སྲོག་གི་འབྱུང་ཁུངས། 
  ཆུ་ནི་དངོས་པོ་ཁྲི་འབུམ་གྱི་ཚེ་སྲོག་གི་འབྱུང་ཁུངས་ཏེ། ཆུ་ཡོད་པའི་ད་གཟོད་མིའི་རིགས་ཀྱིས་འཚོ་གནས་སྐྱེ་འཕེལ་བྱས་ཆོགས་ལ་མདོ་དབུས་མཐོ་སྒང་གི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་ཁྲི་མ་འབུམ་སྟོང་གསོ་སྐྱོང་བྱས་པ་མ་ཟད། གཙང་བོ་ཆེན་པོ་དང་ཆུ་ཀླུང་ཆེན་པོ་བཅུ་ཚན་གྱིས་བགྲོད་འགྲོས་མི་ལྷོད་པར། རང་རྒྱལ་དང་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་གྱི་གཙོ་བོའི་འབབ་ཆུའི་ཁུངས་གནས་དང་ཆུ་འགོ་བརྒྱུད་ཁུལ་ཡིན། མིའི་རིགས་འཕེལ་རྒྱས་གྱི་བྱུང་རིམ་ཁྲོད་མཐོ་སྒང་དང་། དེའི་ཡངས་ཤིང་ཆེ་བའི་ས་རྒྱའི་པང་ནས་གསོ་སྐྱོང་བྱས་པ་ནི་གནའ་བོའི་འབྲི་ཆུའི་འབབ་རྒྱུད་ཀྱི་ཤེས་རིག་དང་ཧིན་རྡུ་ཆུ་བོའི་འབབ་རྒྱུད་ཀྱི་ཤེས་རིག་ཡིན། གནའ་ནས་ད་བར་དུ་མདོ་དབུས་མཐོ་སྒང་གི་ཁོར་ཡུག་གི་ཕན་འབྲས་ཀྱིས་སྔར་བཞིན་ཀྲུང་ཧྭ་མི་རིགས་དང་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ལྷོ་ཤར་གྱི་མི་དམངས་མ་ཟད། ཐད་ཀར་དུ་ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་འཕེལ་རྒྱས་ཀྱི་ཕྱོགས་ལ་ནུས་པ་ཐོན་ཡོད་ཅིང་། དེ་ལས་བརྒལ་ཏེ་ཨེ་ཤ་ཡ་ལྷོ་ཤར་གྱི་མི་དམངས་ཀྱི་མ་འོངས་དང་འཕེལ་རྒྱས་ལ་ཐུག་ཡོད། ཁོར་ཡུག་གི་རིན་ཐང་ཐད་ནས་གླེང་ཚེ། མདོ་དབུས་མཐོ་སྒང་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་དང་། ལྷོ་ཤར་མི་དམངས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཀྱང་རེད།
  ལྔ་བ། ཤེས་རིག་གི་འབྱུང་ཁུངས། 
  མདོ་དབུས་མཐོ་སྒང་འབུར་དུ་ཐོན་པའི་དུས་རབས་ནི་མི་ལོ་ཁྲི་སྟོང1000གི་སྔ་རོལ་གྱི་དུས་ཐོག་གསར་བ་ནས་མགོ་བརྩམས་ཤིང་། སྐབས་དེར་མདོ་དབུས་མཐོ་སྒང་གི་ས་ཁུལ་དེ་ནི་མཚོ་ངོས་ལས་སྨི༡༠༠༠ཡས་མས་དང་། མཁའ་དབུགས་དྲོད་གྲང་སྙོམས་ཤིང་བརླན་གཤེར་ལྡན་པ་དང་། མདོ་དབུས་མཐོ་སྒང་ནི་གནའ་བོའི་དུས་ཀྱི་མིའི་རིགས་མཐུན་ཐབས་འོང་སའི་ཁོར་ཡུག་བཟང་པོ་ཞིག་རེད་ཅེས་བཤད་ཆོག ད་བར་དུ་ཕལ་ཆེར་མི་ལོ་ཁྲི200-300བར་གདོད་མའི་མདོ་དབུས་མཐོ་སྒང་གིས་ད་གཟོད་རྒྱ་ཁྱོན་ཆེ་རུ་གྱུར་ཏེ། ད་ལྟའི་མཐོ་ཚད་འདི་བྱུང་བ་རེད། བསྡོམས་རྩིས་བྱས་ན་སྨི3500- 4000བར་ཡར་འཕགས་ཡོད་ལ། རྡོ་ཆས་རྙིང་བ་དང་། རྡོ་ཆས་གསར་བའི་དུས་རབས་རིག་གནས་ཀྱི་ཤུལ་ལྷག་ཡིན་པ་གསལ་བོར་མཐོང་ཐུབ་དང་། དེ་ལས་ཀྱང་མདོ་དབུས་མཐོ་སྒང་གི་འཚོ་གནས་ལ་བདེན་དཔང་བྱས་ཡོད་པ་ཐད་ཀར་དུ་མཐོང་ཐུབ། བོད་ལྗོངས་ཤར་ཕྱོགས་ཀྱི་རོང་བའི་ས་ཁུལ་གྱི་མཁར་རོ་མཚོན་པའི་མཁར་རོའི་རིག་གནས་དང་། ཡར་ཀླུང་གཙང་བོའི་བཞུན་རྒྱུན་ས་ཁུལ་གྱི་ལྷ་སའི་ཆོས་སྒང་རྗེས་ཤུལ་མཚོན་པའི་ཆོས་སྒང་རིག་གནས་བཅས་བོད་ལྗོངས་བྱང་མའི་མཐོ་སྒང་གི་ཕྱོགས་སུ་ཁྱབ་ནས་ཁྱད་ཆོས་ལྡན་པའི་བོད་ལྗོངས་བྱང་མའི་རྡོ་ཆས་ཆུང་ཆུང་དག་གིས་རྡོ་ཆས་གསར་བའི་དུས་རབས་རིག་གནས་ཀྱི་རྨང་གཞིའི་ཆགས་སྟངས་གྲུབ་པ་རེད། བོད་ལྗོངས་ཀྱི་ས་ཁུལ་མི་འདྲ་བའི་ནང་ནས་དཔལ་འབྱོར་གྱི་ལས་གནས་མི་འདྲ་བའི་སྒྲུབ་སྟངས་ལས་དབྱེ་ཞིབ་བྱས་ན། སྤྱི་ཚོགས་ཆེན་པོ་འདི་གསུམ་ཡོད་དེ་བོད་ལྗོངས་རིག་གནས་ཀྱི་ཆགས་སྟངས་ལ་ཐོག་མའི་རྨང་གཞི་ཚུགས་པ་རེད། བོད་ཀྱི་རྡོ་ཆས་དུས་རབས་ཀྱི་གནའ་རྫས་དཔྱད་ཞིབ་པས་བོད་ཀྱི་གདོད་མའི་རིག་གནས་ཀྱི་རིན་ཐང་མཐོང་བ་གཞིར་བཟུང་སྟེ་དབྱེ་ཞིབ་བྱས་ན། བོད་མི་རིགས་ནི་མི་རིགས་ཕྱུག་པོ་ཞིག་རེད་འདོད། དེས་ཐད་ཀར་དུ་རྡོ་ཆས་གསར་བའི་དུས་རབས་ཀྱི་གདོད་མའི་ཚོ་ཁག་ཆེན་པོ་གསུམ་གྱི་འབྱུང་ཁུངས་དང་མཉམ་འདྲེས་བྱས་ཡོད་དེ། བོད་ལྗོངས་མཐོ་སྒང་གི་ཡུལ་དེའི་རང་གི་སྡོད་མི་དང་། བྱང་གི་རྩྭ་ཐང་ས་ཁུལ་ནས་ལྷོ་རུ་གནས་སྤར་བའི་སྡོད་དམངས། ཤར་ཕྱོགས་རྨ་ཆུའི་སྟོད་རྒྱུད་ས་ཁུལ་ནས་ལྷོ་རུ་སྐྱོད་པའི་གདོད་མའི་མ་ལག་གི་སྡོད་དམངས་བཅས་འདུ། ཀན་སུའུ་ནས་མངོན་པའི་མ་ཇ་ཡོའི་རིག་གནས་དང་ཆིའུ་ཇ་རིག་གནས་ཀྱི་རྨང་གཞི་ལ་བལྟས་ནས་གདོད་མའི་ཆང་གི་རིག་གནས་དང་ཞིན་ཏེན་རིག་གནས། གཞན་ཡང་ནོ་མོ་ཧོང་རིག་གནས་ཡིན། དུས་ཀྱི་ཆ་དང་ཡང་ན་ས་ཁམས་ཁྱབ་སྟངས་ཀྱི་ཆ་གང་ནས་ཀྱང་ཚང་མས་མཐའ་གཅིག་ཏུ་ངོས་འཛིན་རྒྱུ་ནི་བོད་ཀྱི་མེས་པོ་རྣམས་ཀྱིས་གསར་སྐྲུན་བྱས་པའི་རིག་གནས་ཡོད་ཚད་ཀྱི་ཆེད་ཡིན། ཚད་ལྡན་གྱི་ཡིག་ཆ་མང་བོ་བྲིས་ཡོད་པ་ལས་གསལ་བོར་མཚོན་པ་ནི་རང་རྒྱལ་གྱི་གནའ་བོའི་ཆང་རིགས་དང་ཧྭ་ཤ་མི་རིགས་གཉིས་ཀྱི་བྱུང་བ་ནི་ཕལ་ཆེར་དུས་སྐབས་གཅིག་གི་ནང་རེད། ཧྭ་ཤ་མི་རིགས་ནི་ཆང་རིགས་བཞིན་གྲངས་ཉུང་མི་རིགས་གཞན་དང་ཕན་ཚུན་འདྲེས་པ་ལས་ཐུན་མོང་གི་ཚོགས་པ་ཞིག་གྲུབ་སྟེ། ཕར་ཚུན་ལ་འབྲེལ་འདྲེས་བྱས་པའི་ཁྲོད་མཛེས་སྡུག་འོད་སྟོང་འབར་བའི་ཧྭ་ཤ་རིག་གནས་དེ་ཐུན་མོང་གིས་གསར་སྐྲུན་བྱས་ཡོད་པ་རེད། དེའི་སྟབས་ཀྱིས་ང་ཚོས་ངེས་པར་དུ་མཚོ་བོད་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་རང་ཉིད་བཞིན་དུ་གཅེས་སྤྲས་བྱས་ནས་གཙང་བོའི་འབབ་རྒྱུན་ཇེ་རིང་དུ་བཏང་སྟེ། གཙང་བོའི་སྨད་རྒྱུད་ཀྱི་མི་དམངས་རྣམས་བདེ་བར་གནས་ཐུབ་ཅིང་ལས་ལ་བརྩོན་ཐུབ་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཏུ་འཇུག་དགོས་ཤིང་། རང་རྒྱལ་དར་སྤེལ་བྱེད་ཆེད་སྐྱེ་ཁམས་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་པར་རྒྱུན་འཛིན་བྱེད་ཐུབ་དགོས།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།


发表评论 评论 (4 个评论)

回复 pari 2018-5-17 03:49
ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད།གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད།འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན།དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།
_________པཎ་ཆེན་རིན་པོ་ཆེས།
我会说汉语是我的能力的体现,如果我不会说汉语我也不感到羞耻,但是如果我不会藏语和藏文,那就是我的耻辱。
————十世班禅大师
སྤྱང་ཀི་དང་འདྲ་བའི་དགྲ་བོ་ལ་ང་མི་སྐྲག
ཁྱི་དང་འདྲ་བའི་གཉེན་ཉེ་ལ་ང་སྐྲག
_______༧པཎ་ཆེན་བཅུ་བ་ཆེན་པོའི་བསླབ་བྱ།
回复 ljh8520035 2018-5-17 08:20
pari 2018-5-17 03:49
ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད།གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད།འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན།དེ་ནི་ངའི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད།
_________པཎ་ཆེན་རིན་པོ་ཆེས།
我会说汉语是我的能力的体现,如果我不会说汉语我也不感到羞耻,但是如果我不会藏语和藏文,那就是我的耻辱。
————十世班禅大师
སྤྱང་ཀི་དང་འདྲ་བའི་དགྲ་བོ་ལ་ང་མི་སྐྲག
ཁྱི་དང་འདྲ་བའི་གཉེན་ཉེ་ལ་ང་སྐྲག
_______༧པཎ་ཆེན་བཅུ་བ་ཆེན་པོའི་བསླབ་བྱ།


སྤུན་ཟླ་ལགས། ཁྱེད་ཀྱི་སྐུ་ལུས་བདེ་མོ་ཡིན་ནམ། ཡུན་རིང་འབྲེལ་མཚམས་བཞག་པས་དྲན་བཞིན་འདུག      
回复 ljh8520035 2018-5-17 08:32
ས་ག་ཟླ་བའི་བཀྲ་ཤིས་བདེ་ལེགས་ཞུ།        
回复 ljh8520035 2018-5-21 08:31
མདོ་དབུས་མཐོ་སྒང་ནི་ཀྲུང་ཧྭའི་ཆུ་མཛོད་སྟེ། འཁྱག་རོམ་གྱི་འབྱུང་ཁུངས། ཆུ་བོའི་འབྱུང་ཁུངས། སྐྱེ་ཁམས་ཀྱི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་ཁུངས། ཤེས་རིག་གི་འབྱུང་ཁུངས་བཅས་འབྱུང་ཁུངས་ཆེན་མོ་ལྔའི་ལྟེ་བ་ཡིན།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-10-18 21:48 , Processed in 0.306945 second(s), 22 queries .

返回顶部