博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ ...

已有 38 次阅读2018-5-15 10:27 |系统分类:娱乐


༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་བར་ཆེད་དོན་ཞིབ་འཇུག་བྱས་ཏེ་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་བར་བླང་བྱ་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

      ཝང་ཅན་ཅོན་གྱིས་བླང་བྱ་བཏོན་དོན། དབུལ་ཐར་མཁྲེགས་གཏོར་ལས་དོན་རྒྱལ་ཁ་ཐོབ་པར་བྱེད་པ་ལ་ཅིས་ཀྱང་སྤྱོད་ལམ་མཁྲེགས་གཏོར་བྱ་བ་དམ་པོར་འཛིན་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་འཛུགས་སྐྲུན་བྱ་བ་གནད་སར་བཟུང་ནས། གནད་དོན་ཁ་ཕྱོགས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འགན་འཁྲི་དང་ཁག་འཁུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཆེད་དམིགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། སྤྱོད་ལམ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཕན་འབྲས་ལོན་པར་སྐུལ་འདེད་བཏང་སྟེ། སྐྱོན་ཆ་དུས་ལྟར་བསྒྱུར་བ་དང་ལམ་ལུགས་འཛུགས་སྐྲུན་གཉིས་གཞི་གཅིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་ནན་འཛིན་དང་། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་བྱེད་ཕྱོགས་ལོ་འཁོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཁ་མིན་དོན་གྱིས་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་བྱེད་ཕྱོགས་དངོས་འབེབས་དང་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་བསམ་འཆར་འབུར་ཐོན་ཅན་ཐག་བཅད་དེ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་ཕན་པའི་སྤྱོད་ལམ་གྱི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

      ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པའི་ལས་དོན་ནི། གནད་ཕིགས་དབུལ་ཐར་ལས་དོན་ལ་ཕན་འབྲས་ལོན་མིན་དང་ཐད་ཀར་འབྲེལ་ཡོད། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་ཆབ་སྲིད་ཀྱི་གོ་གནས་དང་ངོས་ཟིན་ཇེ་མཐོར་གཏོང་བ། གནད་དོན་མང་པོར་དམིགས་ཚད་ལེགས་པོ་བཟུང་ནས། བླང་བྱ་ནན་འཛིན་དང་ལག་བསྟར་དངོས་འབེབས་ཡོང་བར་སྐུལ་འདེད་གཏོང་དགོས། ཟླ་ལྔ་བ་ནས་ཟླ་བཅུ་གཅིག་པའི་བར་དུ་གནད་དོན་ཚང་མ་གཅིག་ཏུ་བསྒྲིལ་ནས་ལེགས་སྒྲིག་དང་། གནད་དོན་ཚང་མར་རྩ་ལག་མཉམ་བཅོས་བྱེད་རྒྱུ་ཡིན། ཉེ་ལམ། རྟོག་ཞིབ་ཚན་ཁག་བཞི་གྲུབ་པར་བྱས་ཏེ། མངོན་གསལ་དོད་པའི་སྒོ་ནས་རྟོག་ཞིབ་བྱེད་པ་དང་ལྐོག་ནས་འདྲི་རྩད་བྱེད་པ་གཉིས་གཞི་གཅིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་དང་ཁུལ་སོ་སོ་ནས་རྟོག་ཞིབ་དང་ལྟ་སྐུལ་ལེགས་སྒྲིག་བྱ་བ་སྤེལ་ཏེ། ལེགས་སྒྲིག་མཇུག་འབྲས་སྤྱི་ཚོགས་ཡོངས་ལ་ཁྲོམ་བསྒྲགས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཡིན་ཟེར།

      གྲོས་ཚོགས་ལས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ལམ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱས་པའི་གནས་ཚུལ་བསྒྲགས་པར་མ་ཟད། མཚོ་ཤར་གྲོང་ཁྱེར་དང་མགོ་ལོག་ཁུལ། སྡོད་ཁང་འཛུགས་སྐྲུན་ཐིན་བཅས་ཀྱིས་བསམ་ཚུལ་བརྗེ་རེས་བྱས། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-28 01:29 , Processed in 2.802529 second(s), 21 queries .

返回顶部