博客西藏在最高处过一种生活

日志

༄༅།།མཚོ་ལྷོ་ཁུལ་གྱིས་རྩ་ཁྲིམས་དྲིལ་སྒྲོག ...

已有 61 次阅读2018-5-7 09:00 |系统分类:娱乐


༄༅།།མཚོ་ལྷོ་ཁུལ་གྱིས་རྩ་ཁྲིམས་དྲིལ་སྒྲོག་དགོན་སྡེ་རུ་སྐྱོད་པའི་བྱ་འགུལ་སྤེལ་བ།





རྩོམ་ཁུངས།མཚོ་སྔོན་པོ་དྲ་བ།



     སྤྱི་ཟླ4པའི་ཚེས26ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་ཨུའི་འཐབ་སྒྲིལ་པུའུ་དང་། ཁུལ་ཁྲིམས་འཛིན་ཅུའུ། གསེར་ཆེན་རྗོང་ནང་བསྟན་མཐུན་ཚོགས་བཅས་ཀྱིས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་གསེར་ཆེན་རྫོང་ཁོངས་ཀྱི་ཇོ་སྐོར་དགོན་པར་སོང་ནས་རྩ་ཁྲིམས་སྒྲོག་འགྲེལ་གྱི་བྱ་འགུལ་སྤེལ། དགོན་པའི་དོ་དམ་ལས་བྱེད་དང་དམངས་གཙོའི་དོན་དམ་ཨུ་ལྷན་གྱི་ཀྲུའུ་རིན་གཙོ་བྱས་པའི་གྲྭ་བཙུན30ལྷག་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས་པ་རེད།
     ཚོགས་འདུའི་སྟེང་ཁུལ་ཁྲིམས་འཛིན་ཅུའི་ཅུའུ་ཀྲང་གཞོན་པ་ཉིན་ཕྱུག་རྒྱལ་གྱིས་རྩ་ཁྲིམས་སྒྲོག་འགྲེལ་གྱི་གལ་ཆེའི་རང་བཞིན་སྐོར་ནས་གསུང་བཤད་གནང་ཞིང་། བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་བཅའ་ཁྲིམས་གཏན་འབེབ་དང་། གཟབ་ནན་གྱི་སྒོ་ནས་བཅའ་ཁྲིམས་ལག་བསྟར་བྱེད་པ། སྲིད་ཁྲིམས་དྲང་གཞག་ཡིན་པ། ཐམས་ཅད་ཀྱིས་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་བཅས་ཀྱི་སྲིད་ཇུས་གསར་བ་ལག་བསྟར་བྱེད་དགོས་པར་བསྟན་པ་བརྒྱུད་རིམ་པ་སོ་སོའི་ལས་སྒོའི་ཁྱབ་ཁོངས་སུ་ཚ་ཚ་འུར་འུར་གྱིས་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་ལེན་བྱེད་མགོ་བརྩམས་པ་ནི་དགའ་འོས་པའི་དོན་བཟང་ཞིག་རེད་ཟེར།
     དེ་དང་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན》སྐོར་ནས་སྒྲོག་འགྲེལ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་དཔར་གཞི་གསར་མ》ཡི་ནང་དོན་ལ་སློབ་སྦྱོང་བྱས་པ་མ་ཟད། རྒྱ་བོད་ཡིག་རིགས་ཟུང་འབྲེལ་གྱི《རྩ་ཁྲིམས》 དང《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིད་དེབ》 《མི་དམངས་བར་འདུམ་རིས་འགྲེལ་རི་མོ》《བཅའ་ཁྲིམས་རོགས་སྐྱོར་གྱི་སྲོལ་ཡིག》 《ཁྲིམས་སྐྱོང་དྲིལ་བསྒྲགས་ལག་དེབ》《མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》《མི་དམངས་གྱོད་དོན་འདུམ་འགྲིག》སོགས་དཔེ་ཆ440དང་དཔེ་སྒམ1  གཙང་ཤོག་སྒམ300  ཤོག་ཕོར100བཅས་གྲྭ་བཙུན་རྣམས་ལ་གནང་སྦྱིན་བྱས།
     ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་རིགས་མི་སྣའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སློབ་གསོ་ཇེ་དྲག་ཏུ་བཏང་ཞིང་། རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་བརྩི་སྡོམ་སྲུང་གི་བསམ་བློའི་འདུ་ཤེས་མཐོ་རུ་བཏང་བ་མ་ཟད། དགོན་པའི་དོ་དམ་ཁྲིམས་སྐྱོང་ཅན་གྱི་བྱ་བའི་རྨང་གཞིའི་སྟེང་གྲྭ་བཙུན་རྣམས་ཀྱི་ཀུན་སྤྱོད་དང་། བཅའ་ཁྲིམས། སྡོམ་ཁྲིམས་བཅས་ གསུམ་བར་གྱི་འབྲེལ་བ་ཁ་གསལ་བཟོས་ཤིང་། ཁོ་ཚོའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཤུགས་ཆེ་རུ་སོང་བ་རེད།

     ཅེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-28 01:37 , Processed in 0.286871 second(s), 21 queries .

返回顶部