博客西藏在最高处过一种生活

日志

༄༅།།མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་དགོན་ས ...

已有 90 次阅读2018-5-7 08:46 |系统分类:娱乐


༄༅།།མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་དགོན་སྡེའི་གྲྭ་བཙུན་གསོ་སྦྱོང་བྱ་བར་གྲུབ་འབྲས་བཟང་བོ་བླངས་པ།
ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

མཚོ་ལྷོ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་བཙུན་མའི་གསོ་སྦྱོང་ཐོག་མ།



དགོན་སྡེའི་བླ་སྤྲུལ་གསོ་སྦྱོང་འཛིན་གྲྭ



དགོན་སྡེའི་དམངས་གཙོའི་དོ་དམ་ཨུ་ལྷན་གྱི་ཁོངས་མི་རྣམས་ཡུལ་ཕྱི་རུ་ལྟ་སྐོར་སློབ་སྦྱོང་དུ་བསྐྱོད་པ།



གཟིགས་ཞིབ་ཏུ་ཕེབས་པའི་འགོ་ཁྲིད་ལ་གནས་ཚུལ་སྙན་སེང་ཞུ་བཞིན་པ།



མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱ་བའི་གཞི་རིམ་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ།


     རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་ནི་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་རྟེན་གཞི་ཡིན་པ་མ་ཟད། ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སློབ་གསོའི་གསོ་སྦྱོང་རྟེན་གཞིའང་ཡིན། གོང་རིམ་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག གསོ་སྦྱོང་ལྟེ་གནས་ཀྱིས་གསོ་སྦྱོང་བྱ་བར་ཁྱད་ཆོས་དམ་འཛིན་དང་། དཔེ་སྟོན་གསར་སྒྲུབ། ཕན་འབྲས་ལེགས་པོ་འབྱུང་བར་དམིགས་ཏེ་དགོན་སྡེའི་གྲྭ་བཙུན་རྣམས་ལ་གསོ་སྦྱོང་གི་འདོད་བློ་སྐོང་བར་ནུས་པ་གང་ལེགས་བཏོན།
     མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་སུ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་ཐོག་མར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། 2015ལོའི་ཟླ11པར་གསོ་སྦྱོང་སྒྲུབ་མགོ་བརྩམས་པ་ནས་བཟུང་། སྔ་རྗེས་སུ་བོད་བརྒྱུད་ནང་བསྟན་དགོན་པའི་དཔེ་ཁྲིད་དགེ་རྒན་གྱི་གསོ་སྦྱོང་དང་། དགོན་པའི་དོ་དམ་པའི་ཁོངས་མིའི་གསོ་སྦྱོང་། དགོན་བདག་བླ་མ། དགོན་སྡེའི་རྩིས་གཉེར་བའི་གསོ་སྦྱོང་། དགོན་སྡེའི་དོ་དམ་ལས་བྱེད་གསོ་སྦྱོང་། བཙུན་མའི་གསོ་སྦྱོང་། མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱ་བའི་རྐང་འཛིན་མི་སྣའི་གསོ་སྦྱོང་དང་ཏང་ཕྱིའི་མི་སྣ། གནད་འཁེལ་དབུལ་སྐྱོར་བཅས་སྤྱི་བསྡོམས་པས་གསོ་སྦྱོང་འཛིན་གྲྭ་ཐེངས60སྤེལ་ཞིང་། སློབ་མ་མི་ཐེངས4569ལྷག་གསོ་སྦྱོང་བྱས། 
     དེའི་རིང་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་སྒྲིལ་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཞིང་ཆེན་ནང་བསྟན་མཐུན་ཚོགས། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་དམངས་ཆེན། ཁུལ་སྲིད་གྲོས་སོགས་སྡེ་ཁག་གི་འགོ་ཁྲིད་གསོ་སྦྱོང་ལྟེ་གནས་སུ་ཕེབས་ནས་ལྟ་ཞིབ་མཛུབ་སྟོན་བྱས་ཤིང་། གསོ་སྦྱོང་བྱ་བར་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་གནང་བ་མ་ཟད། གསོ་སྦྱོང་རིགས་སྣ་ཚོགས་སྤེལ་ནས་ཕན་འབྲས་ལེགས་པོ་བསྐྲུན་པར་གདེང་འཇོག་ཁས་ལེན་བཟང་བོ་ཐོབ་པ་རེད།
     རྗེས་ཕྱོགས་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་ཀྱིས་མུ་མཐུད་དུ་གསོ་སྦྱོང་བྱ་བར་ཤུགས་བསྣན་ནས། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་ཆོས་ཀྱི་སྙིང་བོ་དང་རིག་གནས་ཤེས་བྱའི་སློབ་སྦྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཏང་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བྱ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ་དང་། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་ཀྲུང་དབྱང་འཐབ་སྒྲིལ་བྱ་བ་དང་། བོད་ཁུལ་བྱ་བ། མི་རིགས་ཆོས་ལུགས་བྱ་བའི་དགོངས་དོན་ལག་བསྟར་ནན་མོ་བྱས་ནས། བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བཙུན་གྱི་ཕྱོགས་ཡོངས་སྤུས་ཚད་མཐོར་འདེགས་དང་ཞབས་འདེགས་བཟང་པོ་ཞུ་བར་རང་ནུས་ཡོད་རྒུས་འབད་བརྩོན་ལྷུར་ལེན་བྱ་ངེས།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-8-15 07:03 , Processed in 0.282787 second(s), 21 queries .

返回顶部