博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2018ལོའི ...

已有 78 次阅读2018-4-23 08:51 |系统分类:娱乐


༄༅།།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2018ལོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་བྱ་འགུལ་ལ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2018ལོའི་ལོས་ཏོན་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཆེད་དམིགས་བྱ་འགུལ་ལ་བཀོད་སྒྲིག་རྒྱག་པའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧན་ཅིན་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད།

      གྲོས་ཚོགས་ལས་བསྟན་དོན། བསྟུད་མུར་སྤེལ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཆེད་དམིགས་བྱ་འགུལ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཐབ་ཇུས་བསམ་བློ་གཏིང་ཟབ་དུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲིམས་འགལ་ལུགས་འགལ་བྱ་འགུལ་ལ་རྩད་གཅོད་ནན་མོ་བྱེད་རྒྱུ་དེ་ཡིན་པར་མ་ཟད། ཁ་མིན་དོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་རྒྱུན་བཟང་བོ་བྱེད་པ་དང་། དེར་སྲུང་སྐྱོབ་ལེགས་པོ་བྱེད་པ། ལྟ་སྐུལ་དོ་དམ་གང་ལེགས་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཐོན་རྫས་སྤུས་དག་འདོན་སྤྲོད་བྱེད་རྒྱུ་དེ་ཡིན། འདས་པའི་ལོ་གཅིག་གི་རིང་ལ། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་བླང་བྱ་ལྟར་དུ། གཞི་ཁྱོན་ཆེ་ལ་ལེགས་སྒྲིག་གི་ནུས་པ་འཛོམས་པའི་ཁྲིམས་འགལ་ལུགས་འགལ་བཟོ་མཁན་ལ་འགན་འཁྲི་བདའ་འདེད་གཏོང་བའི་ཆེད་དམིགས་བྱ་འགུལ་སྤེལ་བ་བརྒྱུད། དུས་རིམ་རང་བཞིན་གྱི་ཕན་འབྲས་ལེགས་པོ་ཐོབ་ཟེར།

      གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཆེད་དམིགས་བྱ་འགུལ་ནི་ཉིས་སྟོང་བཅུ་བདུན་ལོའི་བྱ་བའི་འཕྲོ་མ་སྔར་བཞིན་གཏིང་ཟབ་དུ་སྤེལ་བ་ཞིག་ཡིན། ས་གནས་དང་སྡེ་ཁག་སོ་སོའི་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་སྟོབས་ལྡན་དུ་བསྒྱུར་བ། རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་དང་ལས་དོན་གོ་རིམ་ལྡན་ཞིང་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བ་བརྒྱུད། ཆེད་དམིགས་བྱ་འགུལ་བདེ་ལེགས་ངང་སྤེལ་བར་འགན་ལེན་བྱས་ཡོད་ཟེར།   །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-28 01:36 , Processed in 0.275796 second(s), 21 queries .

返回顶部