日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤ ...

已有 299 次阅读2018-4-9 07:46 |系统分类:娱乐


༄༅།།མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཇུས་འགོད་བྱ་བ་སྒྲུབ་འགོ་བརྩམས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཇུས་འགོད་བྱ་བ་བཟང་བོར་སྒྲུབ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཇུས་འགོད་བྱ་བ་སྒྲུབ་འགོ་རྩོམ་པའི་ཚོགས་ཆེན་བསྡུས། གྲོང་ཁྱེར་དང་ཁུལ་དྲུག་གི་སྲིད་གཞུང་དང་ཐིན་ཅུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་སོ་བརྒྱད་དང་ཆེད་དུ་གདན་དྲངས་པའི་ཆེད་མཁས་པ་བརྒྱད་བཅས་ཚོགས་འདུར་ཞུགས།

      གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་དམིགས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་ཆོས་ཉིད་དང་མཁར་གྲོང་འབྲེལ་བའི་འགྱུར་ལྡོག་གི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། ཞིང་བ་དུང་ཕྱུར་མང་པོའི་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྒུག་དང་བསྟུན་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལས་འགན་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བའི་ཞིང་གསུམ་བྱ་བའི་དར་ཆ་གསར་བ་དང་སྤྱིའི་བྱ་བ་གཙོ་བོ་ཡང་ཡིན། ཐེངས་འདིའི་ཚོགས་ཆེན་བདེ་བླག་ངང་ཚོགས་པ་ལས་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ཇུས་འགོད་བྱ་བ་ཁྱོན་ཡོངས་ནས་འགོ་རྩོམ་པ་མཚོན་ཡོད།

      གྲོས་ཚོགས་སྟེང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཇུས་འགོད་ཚན་ཆུང་བཙུགས་པའི་སྐོར་གྱི་བརྡ་ཐོ་ཁྱབ་སྒྲོག་བྱས་པ་དང་། ཚན་ཆུང་བགོས་ཏེ་ཇུས་འགོད་བྱ་བའི་ཇུས་གཞི་དང་ཇུས་འགོད་བྱ་བའི་བསམ་ཕྱོགས་ལ་གྲོས་བསྡུར་བྱས་པར་མ་ཟད། ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ཀྱིས་དེའི་ཐད་ལ་བསམ་འཆར་བརྗེ་རེས་བྱས། རྒྱུས་ལོན་བྱུང་བ་ལྟར་ན། གོ་རིམ་རྗེས་མར་ཇུས་འགོད་ཚན་ཆུང་གིས་རྩ་འཛིན་ཇུས་འགོད་བྱེད་པ་དང་ལས་འགན་བགོ་བ། བསམ་འཆར་བསྡུ་ལེན། རྟོག་ཞིབ་དང་བཞུགས་མོལ་བྱེད་པ། ཇུས་གཞི་འགོད་པ་བཅས་ཀྱི་བྱ་བ་མྱུར་དུ་བསྒྲུབ་རྒྱུ་རེད།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-20 02:21 , Processed in 0.025734 second(s), 20 queries .

返回顶部