日志

༄༅།།རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ནི་ང ...

已有 380 次阅读2018-3-27 08:28 |系统分类:娱乐


༄༅།།རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ནི་ང་ཚོ་མདུན་སྐྱོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན།       
 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 

—— ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་གླེང་ཐེངས་གཉིས་པ།
     “ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་མོའི་འབད་འཐབ་ཁྲོད་སྐྱེད་སྲིང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱུང་བའི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ཀྱིས་ཀྲུང་གོ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་བཏོན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཀྲུང་ཧྭ་མི་རིགས་ལ་བསྟོད་གླུ་ཆེན་པོ་ཕུལ་ཏེ་ཀྲུང་གོའི་མི་དམངས་ལ་བརྩེ་བ་ཆེན་པོས་བསྔགས་བརྗོད་གནང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ལ་འགྲེལ་བཤད་གཏིང་ཟབ་མོ་ཞིག་བསྐྱོན་གནང་ཡོད། རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་ཀྱིས་མི་དམངས་དུང་ཕྱུར་དུ་མས་བསམ་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་མཛེས་སྡུག་དཔེ་རིས་ཤིག་བཀོད་དེ་ཀྲུང་ཧྭའི་བུ་ཕྲུག་གིས་དུས་རབས་གསར་པར་འོད་སྟོང་འཕྲོ་བའི་བྱས་རྗེས་གཏོད་པའི་བརྗིད་ཆེའི་བློ་སྟོབས་ཤིག་ཀུན་ལ་བསྒྲགས་ཡོད། 
     མི་དམངས་ནི་ལོ་རྒྱུས་གསར་སྐྲུན་མཁན་དང་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་སྐྱེད་པར་བྱེད་མཁན་ཞིག་ཡིན། ལོ་ངོ་སྟོང་ཕྲག་རིང་ཀྲུང་ཧྭའི་བུ་ཕྲུག་གིས་དཀའ་སྤྱད་ལས་བརྩོན་ངང་མི་རབས་ནས་མི་རབས་བར་རྒྱུན་འཛིན་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་རྒྱུན་ཆད་མྱོང་མེད་པའི་ཤེས་དཔལ་འབའ་ཞིག་གསར་གཏོད་བྱས་ཡོད། རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་དེ་མཁས་པའི་ལྟ་གྲུབ་མི་འདྲ་བ་དང་རྩོམ་རིག་སྙན་ཚིག་རོལ་དབྱངས་སོགས་ནང་ཁྱབ་པ་མ་ཟད། རི་ཀླུང་མཛེས་ཤིང་ཞིང་ས་ཡངས་མོ་ནས་ལེགས་པར་མངོན་ལ། མི་རིགས་ང་དྲུག་ཕན་ཚུན་མཉམ་འདྲེས་དང་བློ་གཅིག་སེམས་གཅིག་ངང་ཕུགས་འདུན་དོན་གཉེར་དང་མངོན་འགྱུར་བྱ་ཕྱིར་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་པ་ལས་ཀྱང་ལེགས་པར་མཚོན་གྱི་ཡོད། 
     དུས་རབས་ནི་སྙིང་སྟོབས་ལ་ཚད་འཇལ་བྱེད་ཅིག་ཡིན། གསར་བརྗེའི་ལོ་རབས་སུ་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་དང་རྡོག་རྩ་གཅིག་སྒྲིལ་བྱས་ནས་མི་རིགས་ཆགས་འཇིག་གི་གནས་ལས་གྲོལ་བར་བྱས་ཏེ། མེས་རྒྱལ་སྲུང་སྐྱོང་དང་ཕྱི་དགྲ་འགོག་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་ལས་བརྩོན་དང་འབད་འཐབ་ལྷོད་མེད་བྱས་ཏེ་དུས་ཐུང་ལོ་ངོ་བཞི་བཅུའི་ནང་ནུབ་ཕྱོགས་རྒྱལ་ཁབ་ལ་ལོ་བརྒྱ་གྲངས་ཁ་ཤས་འགོར་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་འཛམ་གླིང་གི་གར་སྟེགས་དབུས་མར་གོམ་ཞེང་ཆེན་པོས་སྤོས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཀྲུང་གོ་མི་དམངས་ཀྱིས་ཕུགས་འདུན་འཆང་བ་དང་རྩེ་མོར་འཛེག་ཕོད་པའི་ངང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར་བྱས་པ་བཅས་ཀྲུང་ཧྭ་མི་རིགས་ཡར་ལངས་དང་ཕྱུག་འགྱུར་ནས་སྟོབས་ཆེར་གྱུར་པའི་རླབས་ཆེན་གྱི་འཕོ་འགྱུར་ཆེན་པོ་ཞིག་བསུས་ཡོད། 
     འབྱུང་འགྱུར་ལ་ལྟ་སྐབས། རླབས་ཆེན་བསྐྱར་དར་གྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ལ་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ཀྱིས་འདེགས་སྐྱོར་བྱེད་དགོས། དུས་རབས་གསར་པར་སླེབས་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་སྐབས། ལོ་རྒྱུས་ཡུན་རིང་ལྡན་ཞིང་དེང་རབས་ཅན་དུ་འགྱུར་བའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་ཀྲུང་གོ་འདི་ཉིད་གསོན་ཤུགས་རྒྱས་པ་དང་དགེ་མཚན་འབུམ་གྱིས་ཕྱུག་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱི་ཐད་སྐྱེ་སྟོབས་ཀྱི་དཔལ་འབར་ནས་ཀྲུང་ཧྭ་ས་གཞི་ཆེ་མོར་ངོ་མཚར་རྒྱུན་ཆད་མེད་པར་ཐོན་དང་ཐོན་བཞིན་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་འཕྲད་པའི་འགྲན་སློང་ད་དུང་ཧ་ཅང་མང་པོ་ཡོད་པས་དཀའ་སྤྱད་འབད་བརྩོན་སྔར་བས་མང་བ་བྱེད་དགོས། ང་ཚོས་གསར་གཏོད་ལ་བརྟེན་ནས་མི་ཡུལ་གྱི་ངོ་མཚར་སྔར་ལས་མང་བ་གཏོད་དགོས་པ་དང་། འབད་འཐབ་ལ་བརྟེན་ནས་མི་དམངས་ལ་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་བརྟེན་ནས་བློ་ཁོག་ཆེན་པོས་མདུན་སྐྱོད་བྱེད་པ་དང་ཞུམ་མེད་སྙིང་སྟོབས་སྐྱེད་དགོས་པ། ཕུགས་འདུན་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་སྤོ་རྒྱུར་ལྕག་སྐུལ་གཏོང་དགོས་པ་བཅས་ཡིན་པས། ང་ཚོས་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་བ་དང་། ང་ཚོར་མི་དམངས་ཀྱི་རྒྱབ་སྐྱོར་དང་མི་དམངས་ཞུགས་རྒྱུ་ཐོག་མཐའ་བར་གསུམ་དུ་ཡོད་པ་བྱས་ཚེ། སྒྲོལ་མི་ཐུབ་པའི་དཀའ་གནད་གཅིག་ཀྱང་མེད་ལ་ཁྱད་བསད་མི་ཐུབ་པའི་དཀའ་ངལ་དང་འགྲུབ་མི་ཐུབ་པའི་རླབས་ཆེན་བྱ་གཞག་ཀྱང་གཏན་ནས་མེད། 
     དུས་རབས་གསར་པའི་དྲོད་རླུང་ལྡང་ནས་ཀྲུང་གོའི་ཕུགས་འདུན་གྱི་འོད་ཟེར་འཕྲོ། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ཀྲུང་གོའི་མི་དམངས་ཀྱིས་སྔར་བས་རང་ཡིད་རང་ཆེས་དང་། རང་བཀུར་རང་གཅེས། རང་སྟོབས་རང་སྤེལ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཚེ། ཀྲུང་གོའི་གསོན་ཤུགས་དང་འཛད་མཐའ་མེད་པའི་བློ་གྲོས་འདོན་ཐུབ་པ་དང་། ཀྲུང་གོའི་མདུན་ལམ་དང་འབྱུང་འགྱུར་ལ་དཔག་ཏུ་མེད་པ་མ་ཟད། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་ཕུགས་འདུན་བསྣམས་པའི་ཀྲུང་ཧྭའི་གྲུ་གཟིངས་མདུན་གྱི་རླབས་གཤགས་ནས་རེ་བས་ཁེངས་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ངེས་རེད། 
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-15 10:12 , Processed in 0.057917 second(s), 20 queries .

返回顶部