日志

༄༅།།བོད་ཀྱི་འབྲུ་རིགས་ཐོན་འབབ་ལོ་གསུམ་བས ...

已有 388 次阅读2018-3-27 08:18 |系统分类:娱乐


                               ༄༅།།བོད་ཀྱི་འབྲུ་རིགས་ཐོན་འབབ་ལོ་གསུམ་བསྟུད་མར་ཏུན་ཁྲི་བརྒྱ་ལས་བརྒལ་བ།
                                              ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།

                                                 

           
      ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ཀྱི་ན་ནིང་གི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་103.2ཟིན་ནས་ལོ་གསུམ་བསྟུད་མར་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པ་དང་། དེ་དག་ལས་ནས་ཀྱི་ཐོན་འབབ་ལོ་གསུམ་བསྟུད་མར་ཏུན་ཁྲི་70ལས་བརྒལ་ནས། ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་དེ་ཐོན་འབབ་འཕར་བ་ནས་སྤུས་ཀ་ལེགས་སུ་གཏོང་བའི་ཕྱོགས་སུ་འགྱུར་བཞིན་ཡོད་པ་རེད།
      གསར་འགོད་པར་ཚེས་16ཉིན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་གསལ། ལྗོངས་ཡོངས་ཀྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་བྱས་པ་བརྒྱུད། ནས་སོན་གསར་པ་ཁྱབ་གདལ་དང“གཉིས་འཕར”བྱ་སྤྱོད་ལག་བསྟར་བྱས་ཤིང་། ན་ནིང་ལོ་ཧྲིལ་པོར་ཞིང་འབྲོག་ལས་ཐད་མ་དངུལ་སྒོར་དུང་ཕྱུར་60ཙམ་བཏང་བས། ནས་ཀྱི་ཐོན་འབབ་ཏུན་ཁྲི་79.5དང་སྔོ་ཚལ་གྱི་ཐོན་འབབ་ཏུན་ཁྲི་90ཟིན་པ་མ་ཟད། ས་གནས་དེ་གའི་ནས་ཀྱི་སྣེ་ཁ་གསར་སྒྱུར་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།
      བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཏུའུ་ཅེ་ཡིས“རང་བྱུང་ས་ཁམས་དང་སྣོད་བཅུད་ཁོར་ཡུག་སོགས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་བོད་ཀྱི་རྨོ་ཞིང་རྒྱ་ཁྱོན་ཆུང་བ་དང་རྨོ་ཞིང་སྤུས་ཚད་ཞན་ཙམ་ཡོད་པ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ད་དུང་འགྲན་སློང་འཕྲད་པས་འདི་ལོ་ནས་བཟུང་ང་ཚོས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན”ཞེས་གསུངས་པ་རེད།
      འདི་ལོ་བོད་ཀྱིས་ཞིང་འབྲོག་ཁུལ་སྒྱུར་བཅོས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་ཞིང་འབྲོག་ཁུལ་དུ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་འདི་ལོ་འཆར་གཞི་ལྟར་ན་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་བསྡོམས་འབོར་མུ་མཐུད་ཏུན་ཁྲི་100ཡན་ཟིན་པ་བྱ་རྒྱུ་རེད། དེ་དག་ལས་ནས་ཀྱི་ཐོན་འབབ་ཏུན་ཁྲི་80.5ཡན་དང་སྔོ་ཚལ་ཐོན་འབབ་ཏུན་ཁྲི་93ཡན་ཟིན་པ་བྱ་རྒྱུ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-15 10:24 , Processed in 0.051642 second(s), 20 queries .

返回顶部