日志

༄༅།།བོད་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ལས ...

已有 308 次阅读2018-3-17 09:28 |系统分类:娱乐


༄༅།།བོད་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་སྣེ་ཁྲིད་པ་གསོ་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་བྱ་གཞག་ལ་སྲ་བརྟན་གྱི་རྨང་གཞི་བཏིངས།
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།


      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་ཁག་བཞི་པའི་བོད་ལྗོངས་ཀྱི་དཔེ་སྟོན་ཚན་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཁག་ལྔ་པ་ལྷ་སར་འཚོགས་ནས།  ཁག་སོ་སོར་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་སོགས་དཔེ་སྟོན་ཚན་པ་བདུན་དང་ལྷོ་ཁ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་སློབ་གསོའི་རྟེན་གཞི་གཉིས་ཀྱི་སྒོ་བྱང་བཀལ་བ་རེད།

     ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དཔེ་སྟོན་ཚན་པ་ཉི་ཤུ་རྩ་གསུམ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དྲུག  བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ་བཅུ་བཅས་ཡོད།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་དང་ཡུན་རིང་སྤེལ་ནས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་སྣེ་ཁྲིད་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ།  ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གོང་འཕེལ་ཡོང་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད།  །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-20 03:39 , Processed in 0.025929 second(s), 20 queries .

返回顶部