日志

༄༅།།རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་གས ...

已有 376 次阅读2018-3-17 09:15 |系统分类:娱乐


༄༅།།རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་དྲུག་ལྷག་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་སྐྱུར་རྩྭ་འདེབས་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་བྱུང་རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་དང་རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་རྣམ་པ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཆེད། མིག་སྔར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་སྐྱུར་རྩྭ་འདེབས་བཟོ་སྐྲུན་ཐད་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་བརྒྱད་ཁྲི་དགུ་བཏང་།

     མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་མ་དངུལ་དག་གཙོ་བོར་རྩྭ་ར་མུའུ་ས་ཡ་དགུ་ལ་ར་བསྐོར་བ་དང་ཉམས་ཞན་དུ་གྱུར་བའི་རྩྭ་ས་མུའུ་འབུམ་བདུན་དང་ཁྲི་བདུན་ལེགས་བཅོས་བྱེད་པ། མིས་བཟོས་གཟན་རྩྭ་ཁུལ་མུའུ་ཁྲི་ལྔ་འཛུགས་སྐྲུན་བྱེད་པ། ས་ནག་ཐང་མུའུ་འབུམ་གཅིག་བཅོས་སྐྱོང་བྱེད་པ་སོགས་ཀྱི་ཐད་བཀོལ་རྒྱུ་རེད། མིག་སྔར། བཟོ་སྐྲུན་འཛུགས་སྐྲུན་ལས་འགན་དང་དངུལ་གཏོང་འཆར་གཞི་ལས་གཞིའི་རྫོང་སོ་སོར་བགོ་བཤའ་བརྒྱབ་ཡོད། ལས་གཞི་ལག་བསྟར་བྱས་པ་དེས། སྔར་ལས་ལྷག་པའི་སྒོ་ནས་ལས་གཞིའི་ཁུལ་གྱི་རྩྭ་སའི་སྤང་ཤུན་ཉམས་གསོ་བྱེད་ཐུབ་པ་དང་སྤང་ཤུན་ཁེབས་ཚད་དང་གཟན་རྩྭ་ཐོན་ཚད་མཐོར་འདེགས་སུ་བཏང་སྟེ་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཚུལ་སྒྱུར་བྱེད་ཐུབ། གོ་རིམ་རྗེས་མར། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་མགྱོགས་མྱུར་སྒོས་ཞིང་ཆེན་རིམ་པའི་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱེད་རྒྱུ་ཡིན་པར་མ་ཟད། ས་ཁུལ་སོ་སོས་དུས་ཚོད་དམ་འཛིན་སྒོས་རྫོང་རིམ་པའི་ལག་བསྟར་འཆར་གཞི་སྒྲིག་བཟོ་བྱེད་པར་སྐུལ་སྤེལ་བྱས་ཏེ་ལས་གཞི་སྔ་མོ་ནས་ལས་འགོ་རྩོམ་པ་དང་འཛུགས་སྐྲུན་ལས་འགན་ལག་བསྟར་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་འཛུགས་སྐྲུན་སྔ་མོ་ནས་ལེགས་འགྲུབ་བྱུང་སྟེ་བྱེད་ནུས་འདོན་པར་ཡར་སྐུལ་བྱེད་རྒྱུ་རེད།  །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-15 10:36 , Processed in 0.068831 second(s), 20 queries .

返回顶部