博客西藏在最高处过一种生活

日志

༄༅།།མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲ ...

已有 169 次阅读2018-3-11 09:26 |系统分类:娱乐

༄༅།།མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་མུ་མཐུད་དུ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་སྲིད་གཞུང་བྱ་བའི་སྙན་ཞུ། ཞིབ་བཤེར་འཆར་གཞི། སྔོན་རྩིས་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས8ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་སྲིད་གཞུང་བྱ་བའི་སྙན་ཞུ། ཞིབ་བཤེར་འཆར་གཞི། སྔོན་རྩིས་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཚོགས་འདུར་ཞུགས་ནས་གཏམ་བཤད། ཝང་གོ་ཧྲིན་དང་ཝང་ཅན་ཅོན། ཐིན་ཅ་ཚའེ། ཝང་ཡུས་པོ། ཀྲང་ཀོང་རུང་སོགས་འཐུས་མི་རྣམས་ཀྱིས་སོ་སོར་གཏམ་བཤད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཝང་ཅོན་ཚོགས་འདུར་ཞུགས་ནས་བསམ་འཆར་བཏོན།

      ཁྲིན་ཞི་ཡིས་བཤད་རྒྱུར། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་མོས་མཐུན་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། རྩ་ཁྲིམས་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་དུ་མཛུབ་སྟོན་གོ་གནས་གལ་ཆེན་ཟིན་པའི་གནས་བབ་གཏན་འཁེལ་བྱས་པར་མོས་མཐུན་མཐའ་གཅིག་ཏུ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བཙོན་ལེན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་པ་རྩ་ཁྲིམས་ཁྲོད་བཀོད་པར་མོས་མཐུན་མཐའ་གཅིག་ཏུ་ཡོད་ཅིང་། དེ་ནི་མི་དམངས་ཡོངས་ཀྱི་ཁྲོད་ནས་ཏང་གི་འགོ་ཁྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཕན་པ་ཆེ་བར་མ་ཟད། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་ཀྱི་བྱ་བའི་གོ་རིམ་ཡོངས་དང་ཕྱོགས་སོ་སོའི་ཁྲོད་ནས་དངོས་འབེབས་བྱེད་པར་ཕན་པ་ཆེ། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་འགན་འཁུར་ཚད་ལ་བཟོ་བཅོས་གཏོང་བའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་མོས་མཐུན་མཐའ་གཅིག་ཏུ་ཡོད་ལ། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཆེ་བར་མ་ཟད། རྒྱལ་ཁབ་འགོ་ཁྲིད་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་སྔར་ལས་སྟོབས་ལྡན་དུ་བསྒྱུར་བར་ཕན་པ་ཆེན་པོ་ལྡན་ཞིང་། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དགེ་མཚན་དང་ལམ་ལུགས་དགེ་མཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཟེར།

      ཝང་གོ་ཧྲིན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཁྱོན་ཡོངས་ནས་འདས་པའི་ལོ་ངོ་ལྔའི་རིང་གི་བྱ་བར་སྤྱི་སྡོམ་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བཀོད་འདོམས་འོག་ནས། ང་ཚོ་ཡང་དག་པའི་ཁ་ཕྱོགས་དང་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱས་ཤིང་། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་དར་སྤེལ་བཏང་བར་མ་ཟད། སྔོན་ཐོན་རང་བཞིན་འབུར་དུ་ཐོན་པར་བྱས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ངང་ཚུལ་གྱིས་རྒྱ་ཆེ་བའི་ཏང་ཡོན་རྣམས་ཀྱིས་ཏང་གི་ལས་དོན་ལ་འབད་འཐབ་བྱེད་པར་སྐུལ་ལྕག་བཏང་ཞིང་། ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་ཕན་པའི་དྲང་ཕྱོགས་ཀྱི་ནུས་ཤུགས་ཡོད་རྒུ་གཅིག་བསྡུས་བྱས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནས་བཟུང་། ང་ཚོས་ཆབ་སྲིད་བསམ་བློ་འཛུགས་སྐྲུན་བྱ་རྒྱུ་ནི་ཆེས་གཞི་རྩ་དང་ཆེས་མིག་རྒྱང་རིང་བ། ཆེས་རྨང་གཞི་བཅས་སུ་བརྩིས་ཏེ། བར་མ་ཆད་པའི་སྒོ་ནས་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཤིང་། མཚོ་སྔོན་གྱི་ཏང་འཛུགས་བྱ་བར་དགའ་འོས་པའི་གྲུབ་འབྲས་དང་འགྱུར་ལྡོག་བྱུང་བ་དང་། གཞི་རིམ་ལས་བྱེད་པའི་མི་དམངས་ལ་ཞབས་འདེགས་ཞུ་བའི་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་ཕྱིན་པར་མ་ཟད། ཕྱུག་འགྱུར་སྣེ་ཁྲིད་པ་མང་པོ་ཞིག་རིམ་པར་བྱུང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འབོད་སྐུལ་བྱེད་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་ལས་གཞན། ཏང་ནང་དུ་ཞུགས་པའི་མི་སྔར་ལས་ཇེ་མང་ནས་ཇེ་མང་དུ་འཕེལ་བར་བླང་བྱ་བཏོན་པ་དང་། རྒྱ་ཆེ་བའི་ཏང་ཡོན་གྱི་སྔོན་ཐོན་དཔེ་ལེགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དགོངས་དོན་གྱི་འདུ་ཤེས་ཉིད་ད་ཡོད་ལག་ལེན་དངོས་སུ་བསྒྱུར། ལོ་ངོ་ལྔའི་རིང་ལ། དཔལ་འབྱོར་དང་སྤྱི་ཚོགས། མི་དམངས་ཀྱི་འཚོ་བ་བཅས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་བྱུང་ཡོད་ཅིང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་སྐྱིད་ཇེ་ལེགས་སུ་ཕྱིན་པར་མ་ཟད། ཚང་མ་ཏང་གི་དར་ཆའི་འོག་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་བྱས་ཡོད་ཟེར།

      ཝང་ཅན་ཅོན་གྱིས་བཤད་རྒྱུར། འཆར་གཞིའི་སྙན་ཞུ་ནི་རྒྱལ་ཁབ་ཀྱི་ལོ་ཧྲིལ་བོའི་འཕེལ་རྒྱས་གཞི་རྩ་ཡིན་པ་དང་། སྔོན་རྩིས་སྙན་ཞུ་ནི་རྒྱལ་ཁབ་ཀྱི་ལོ་ཧྲིལ་བོའི་འགྲོ་སྒོ་དང་ཡོང་སྒོའི་རྩིས་ཁྲ་ལྟ་བུའང་ཡིན། སྙན་ཞུ་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དངོས་འབེབས་བྱེད་པ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་ལས་དོན་སྤྱིའི་གདངས་དབྱངས་གཙོ་བོ་དང་མཁྲེགས་གཏོར་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་གཅིག་བསྡུས་བྱེད་པ་སོགས་ཀྱི་འོས་འགན་གཙོ་བོ་ཡིད་ལ་དམ་པོར་ཉར་ནས། ད་ལོའི་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད་བྱ་བར་མ་ལག་རང་བཞིན་ལྡན་པའི་སྒོ་ནས་འཆར་འགོད་དང་བཀོད་འགྲེམ་བྱས་ཤིང་། དེས་ཆབ་སྲིད་ཀྱི་གོ་གནས་མཐོ་ཞིང་གནད་དོན་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བཟོ་བ། སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་བ། འོས་འགན་བླང་བྱ་ཞིབ་ཅིང་ཕྲ་བ། བྱ་བའི་བྱེད་ཕྱོགས་བདེན་པ་ཡིན་པ་བཅས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཡོད། དེར་ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་དྲག་པོ་ལྡན་ལ། སྲིད་གཞུང་བྱ་བའི་སྙན་ཞུས་གཏན་འབེབས་བཟོས་པའི་དམིགས་འབེན་འགན་འཁྲི་དངོས་འབེབས་དོན་འཁྱོལ་ཡོང་བར་འདེགས་སྐྱོར་དང་འགན་ལེན་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱས་ཡོད་པས། ང་རང་ངོས་ནས་དེར་མོས་མཐུན་མཐའ་གཅིག་ཏུ་ཡོད་པར་མ་ཟད། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ནས། ཁྱོན་ཡོངས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཞིབ་བཤེར་འཆར་གཞི། སྔོན་རྩིས་སྙན་ཞུ་བཅས་དངོས་འབེབས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

      ཐིན་ཅ་ཚའེ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་བྱེད་ཕྱོགས་གནད་དོན་ལ་ཆེད་དམིགས་ལེགས་བཅོས་སྤེལ་དགོས་པར་གདམས་པའི་སྐོར་གྱི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ལག་བསྟར་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ལམ་མི་ལེགས་པའི་དཔེ་མཚོན་གནད་དོན་འགའ་ཞིག་ཐག་གཅོད་ནན་མོ་བྱས་ཏེ། དེ་འབྲེལ་གྱི་བྱེད་ནུས་མི་དམན་པ་ཐོབ། ད་ལོ་ནས་བཟུང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བསྟུད་མུར་ལོ་གསུམ་གྱི་རིང་ལ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་བྱེད་ཕྱོགས་མི་ལེགས་པའི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱས་ཏེ། རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་གྱི་ལམ་ལུགས་ཕན་ཁེ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན་པ་དང་། བར་མ་ཆད་པའི་སྒོ་ནས་སྤྱོད་བཟང་སྒྲིག་ནན་སྒོས་རུལ་སུངས་ལ་ངོ་རྒོལ་དང་ཁྲིམས་ཆད་ནན་མོ་བཅད་དེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་དབུལ་ཐར་དམིགས་འབེན་མངོན་དུ་འགྱུར་བར་སྒྲིག་ཁྲིམས་ཀྱི་འགན་ལེན་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

      ཝང་ཡུས་པོ་ཡིས་བཤད་རྒྱུར། འཆར་གཞི་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་མོས་མཐུན་ཆེན་པོ་ཡོད། གཅིག་ནས་སློབ་གསོ་དང་མི་དམངས་ལ་སྣེ་སྟོན་བྱེད་རྒྱུ་གལ་འགངས་ཆེ་ཤོས་སུ་འཛིན་དགོས། གཉིས་ནས་མ་འོངས་པའི་འཛམ་གླིང་གི་འགྲན་རྩོད་ལྟེ་བ་ནི་མིའི་འགྲན་རྩོད་ཡིན་པར་གོ་བ་ཡང་དག་འདྲོངས་དགོས། གསུམ་ནས་གནད་ཕིགས་མ་ནོར་བའི་སྒོ་ནས་ནོར་སྲིད་མ་དངུལ་ལ་དོ་དམ་དང་བཀོལ་སྤྱོད་བྱེད་དགོས། མདོར་ན་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་གཞུང་གི་དངུལ་གཏོང་ལས་གཞིར་བཀོད་སྒྲིག་བྱེད་དགོས་པའི་གྲོས་གཞི་བཏོན། 

      ཀྲང་ཀོང་རུང་གིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུས་སྲིད་གཞུང་བྱ་བའི་སྙན་ཞུའི་བདེན་དོན་དང་བདེན་གནས། ཚུགས་ཐུབ། ཁ་གསལ་གོ་བདེ་བཅས་ཀྱི་རྣམ་པ་བཟང་བོ་ཚུར་སྣང་བྱས་ཡོད་པས་ང་རང་ངོས་ནས་མོས་མཐུན་ཆེན་པོ་ཡོད་ཟེར།

      ཚོགས་ཐོག་ནས་ད་དུང་ཁྲིན་ལིས་ཧྥིན་དང་ཀྲང་ཡུང་ལིས། ཨ་ཧྲིན་ཆིན། མིན་ཧེ། པད་རྒྱལ་བཀྲ་ཤིས་སོགས་འཐུས་མི་སོ་སོས་ཀྱིང་རིམ་པར་གཏམ་བཤད་བྱས།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲང་གོ་བོད་བོད་ཀྱི་དྲ་བ་ལས་བཏུས་སོས།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-6-22 09:32 , Processed in 0.277484 second(s), 21 queries .

返回顶部