博客西藏在最高处过一种生活

日志

༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོ ...

已有 164 次阅读2018-3-11 09:20 |系统分类:娱乐


༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་འབྲེལ་ཀྲུང་ཕྱིའི་སྨྱན་སྦྱོར་ལ་སྒོ་མོ་ཕྱེ་བ།
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། 

      ཚེས8ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་ཞིབ་བཤེར་བྱས་པ་དང་འདེམས་ཤོག་ལྟ་ཞིབ་པ་བདམས་པ་རེད། མི་དམངས་འཐུས་ཚོགས་ཀྱི་བཀོད་སྒྲིག་ལྟར་ད་ཐེངས་ཀྱི་ཚོགས་འདུ་ཀྲུང་ཕྱིའི་སྨྱན་སྦྱོར་ལ་སྒོ་མོ་ཕྱེ་བས་མི་དམངས་ཉིན་རེའི་ཚགས་པར་དང་ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཧྥ་རན་སེ་གསར་འགྱུར་ཁང་། ཤང་ཀང་ཚགས་པར་སོགས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་48ཀྱི་གསར་འགོད་པ་89བཅར་འདྲིར་སླེབས་ཡོད།

     བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན་པའི་པད་མ་འཕྲིན་ལས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་སོགས་ཚོགས་འདུར་ཞུགས་པ་དང་འབྲེལ་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ་རེད།

     ཝུའུ་དབྱིང་ཅེས་གསར་འགོད་པའི་འདྲི་བར་ལན་བསྐྱོན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་དང་ནག་ཆུས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་བྱ་རྒྱུར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དེ་ལས་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་དང་། ལྷག་པར་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་སླར་ཡང་མཚོན་ཡོད།

     ཝུའུ་དབྱིང་ཅེས་ང་ཚོས་སྟོབས་ཤུགས་ཧྲག་པོ་རང་འགུལ་ངང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པའི་ནང་ཞུགས་རྒྱུར་འདེམས་གཏོང་ཧུར་ཐག་བྱས་ཏེ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་དེ་རང་ལྗོངས་ཀྱི་ཚན་ཞིབ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་ཧུར་ཐག་བསྐྲུན་རྒྱུ་དང་། མིག་སྔར་ཚན་ཞིབ་བྱེད་སྒོ་ཁག་གི་འཕེལ་རིམ་བདེ་བླག་བྱུང་བ་དེས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ཚན་རྩལ་གྱིས་འདེགས་སྐྱོར་ཆེན་པོ་བྱ་ངེས་ཡིན་པ་དང་། ནག་ཆུའི་ཤིང་འཛུགས་ལས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཤིང་འཛུགས་ཚོད་ལྟ་བྱས་པ་ཁག་གཅིག་སྐྱེ་ཚུལ་ཡག་པོ་ཡོད་ཅེས་གསུངས་པ་རེད།

      བློ་བཟང་རྒྱལ་མཚན་གྱིས་འདྲི་བར་ལན་བསྐྱོན་སྐབས། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། 2017ལོའི་ལོ་མཇུག་ཏུ། ལྗོངས་ཡོངས་སུ་དབུལ་པོ་ཁྲི་33བར་ཉུང་དུ་ཕྱིན་ཡོད། དབུལ་སྒྲོལ་འགག་སྒྲོལ་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བ་དང་སྦྲགས། ལྗོངས་ཡོངས་སུ་ཤིན་ཏུ་དབུལ་བའི་རྫོང་44དང་། ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་315 ཤིན་ཏུ་དབུལ་བའི་གྲོང་ཚོ་2440བཅས་གནད་སྨིན་དབྱེ་འབྱེད་ཐུབ་པ་དང་། ང་ཚོས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཁྲེགས་སར་གཏུགས་ཕོད་པ་བྱས་ནས་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

      ཆེ་དགྲ་ལྷས་གསུང་བཤད་གནང་སྐབས། འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཡིག་ཕྲེང་དང་ཡིག་འབྲུ་ཚང་མའི་ནང“དངུལ་ཁུག”དང“རྒྱལ་ཁབ་ཀྱི་རྩིས་ཁྲ”མངོན་པ་དང་། རྒྱལ་ཁབ་སྲིད་ཇུས་ཀྱི་སྟོན་ཕྱོགས་མངོན་པ། མང་ཚོགས་ཀྱི་རེ་སྒུག་ཟབ་མོར་ལན་བརྒྱབ་པ་བཅས་ནི་མང་ཚོགས་དང་འབྲེལ་འདྲེས་ཐུབ་པ་དང་། ནུས་པ་ལྡན་པ། དོན་སྙིང་ལྡན་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

      ཆེ་དགྲ་ལྷས་འདྲི་བར་ལན་བསྐྱོན་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཡུལ་སྐོར་ཐོན་ལས་འདི་ཉིད་རང་ལྗོངས་ཀྱི་ཀ་རྟེན་ཐོན་ལས་དང་དམངས་ཕྱུག་བོད་དར་གྱི་སྣེ་འདྲེན་ཐོན་ལས་སུ་གྱུར་ཡོད། རང་ལྗོངས་ཀྱིས་མུ་མཐུད་ཕུན་སུམ་ཚོགས་པའི་འཛམ་གླིང་རིམ་པའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ལ་གཞི་ཚུགས་ཏེ“རྒྱུད་གཅིག་ལམ་གཅིག”གི“བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”དང་ཨེ་ཤེ་ཡ་ལྷོ་མར་སྒོ་དབྱེ་བའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་པོ་བྱེད་པ་དང་། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་བསམ་བློ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་འདུ་ཤེས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་དང་ལས་ཕྱོད་མཐོར་གཏོང་གཙོ་རྐང་དུ་བྱེད་པ། “འཛམ་གླིང་གི་ཡང་རྩེ་དང་། སའི་གོ་ལའི་སྣེ་གསུམ་པ། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་བཅས”ཀྱི་མིང་བྱང་ཡག་པོ་སྤྱོད་པ། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་མཚམས་སྦྱོར་ཤུགས་ཆེན་བྱེད་པ། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་སྐོར་ལམ་འཛུགས་སྐྲུན་མགྱོགས་པོ་བྱེད་པ། ཁྱབ་ཁོངས་ཧྲིལ་པོ་དང་དུས་ཚོད་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

      འཐུས་མི་ཕུར་བུ་དོན་གྲུབ་དང་། སྐལ་བཟང་བདེ་སྐྱིད། སྒྲོལ་དཀར་སོགས་ཀྱིས་ཚོགས་འདུའི་ཐོག་སྔ་རྗེས་སུ་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་བ་རེད། འཐུས་མི་སྒོར་སྒོར་དང་། དབང་འདུས། བཀྲ་ཤིས་རྒྱལ་མཚན། སྐལ་བཟང་བདེ་སྐྱིད་སོགས་ཀྱིས་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ་རེད།   །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-6-22 09:35 , Processed in 0.283931 second(s), 21 queries .

返回顶部