博客西藏在最高处过一种生活

日志

༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས ...

已有 149 次阅读2018-2-1 09:57 |系统分类:娱乐


༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་རྒྱལ་ཁའི་ངང་གྲོལ་བ།
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 

     རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་སྟེ་ཟླ་1ཚེས་30ཉིན་གྱི་ཕྱི་དྲོ་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ།
     ཚེས་30ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་སྟེ་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།
     ཚོགས་འདུར་འཐུས་མི་439ཕེབས་དགོས་པ་དང་དངོས་སུ་འཐུས་མི་410ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལེགས་མཆོག་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
     མཇུག་འགྲིལ་ཚོགས་འདུ་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་རེད།
     རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུའེ་ཁྲེང་ཚང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
     ཀྲུང་དབྱང་རྩ་འཛུགས་པུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་དང་རྟེན་འབྲེལ་ཞུས་གནང་བ་རེད།
     ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། རང་སྐྱོང་ལྗོངས་ཀྱི་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་གཞིའི་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་ཀྱི་2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2018ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་རེད།
      ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། ཀྲུང་དབྱང་རྩ་འཛུགས་པུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་ཞིབ་ཚགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་བཅས་ཀྱི་འོག་ཚོགས་ཞུགས་བློ་མཐུན་ཚོས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཚེས་30ཉིན་བར་ཚང་མ་ལེགས་གྲུབ་བྱུང་བ་རེད། ད་རེས་ཀྱི་ཚོགས་ཆེན་ནི་མཐུན་སྒྲིལ་དང་སྲོལ་གསར་ལྡན་པ་ཞིག་འཚོགས་པ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དུས་རབས་གསར་པའི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་སྐུལ་མ་ཐེབས་ངེས་ཡིན་པ་རེད། ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་གནང་བ་རེད།
     ཝུའུ་དབྱིང་ཅེས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《རྩ་ཁྲིམས་ཀྱི་ནང་དོན་འགའ་ཤས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་དང་། ཞིབ་འཇུག་གཏིང་ཟབ། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཕྱོགས་10ཡི་ཐད་ནས་ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱེད་ཐབས་ཁག་46ཁ་གསལ་སྟོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་རིམ་ཁག་ཏང་ཡོན་ལས་བྱེད་པར་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ཡོད་པ་དང་། སྲ་ཞིང་བརྟན་པའི་ཕུགས་བསམ་དང་དད་སེམས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་བར་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས་པ་དང་། དཔལ་འབྱོར་ལས་དོན་ཐད་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང“འབྲེལ་བ་ཆ་བཅུ་གསུམ”ཡང་དག་ངང་ཐག་གཅོད་ཡག་པོ་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་འབད་རྩོན་ཆེན་པོས་སྐྱོད་དགོས་པ། བརྟན་ལྷིང་ལས་དོན་ཐད་མ་བྱུང་སྔོན་འགོག་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ་དང་། དོན་ཆེན་མ་ཐོན་སྔོན་འགོག་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་བ་བཅས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྐུལ་འདེད་གཏོད་དགོས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་གོ་སྐབས་འཚོལ་མཁས་པོ་བྱས་ནས་རྩྭ་ལས་འཚམ་སར་རྩྭ་ལས་དང་ནགས་ལས་འཚམ་སར་ནགས་ལས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་ཡོད་པའི་ས་གནས་ཀྱིས“ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་དབུལ་སྐྱོར་གནས་སྤོ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་བྱེད་པ་དང་། ཐོན་སྐྱེད་ཀྱི་དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་པོ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་པ་དང་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས། ཕ་ཡུལ་ནས་ཁ་མི་བྲལ་བ་དང་རང་ཡུལ་ནས་ཁ་མི་བྲལ་བ། ལས་ཀ་བྱེད་ཐུབ་པ་དང་ལས་ཀ་བྱེད་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་དུ་ཐོན་ཁུངས་གསར་སྤེལ་དང་ས་གནས་དེ་གའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱས་ཏེ་བོད་དུ་ཐོན་ཁུངས་གསར་སྤེལ་བྱེད་མཁན་གྱི་ཀྲུང་དབྱང་ཁེ་ལས་ཀྱིས་10%ཡི་བསྡུར་གྲངས་གཞིར་བཟུང་གནས་ཡུལ་གྱི་མང་ཚོགས་དབུལ་པོར་ཆ་སྒྲིག་རོགས་སྐྱོར་བྱས་ནས་ངལ་རྩོལ་ནུས་ཤུགས་ལྡན་པའི་ཁྱིམ་ཚང་ལ་ཉུང་མཐར་ཡང་མི་1ཀྲུང་དབྱང་ཁེ་ལས་སུ་ལས་ཞུགས་བརྟན་པོ་ཐུབ་པའི་འགན་ལེན་བྱེད་པ་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་བྱ་ཡུལ་གྱི་ཤིན་ཏུ་དབུལ་བའི་རྫོང་གི་མི་འབོར་དབུལ་པོ་10%དབུལ་སྒྲོལ་ཐུབ་པའི་འགན་གཙང་བླངས་ནས་རོགས་སྐྱོར་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། ཆོས་ལུགས་ལས་དོན་ཐད་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཀྱི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“མཐའ་ཚད་གསུམ”ནན་པོ་སྲུང་བ་དང་། ཆོས་ལུགས་ལ་དད་དྲགས་པ་དང་ཆོས་ལུགས་ཐལ་དྲགས་པའི་གནས་ཚུལ་སྔོན་འགོག་བྱས་ཏེ་དད་ལྡན་མང་ཚོགས་ཚོར་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མཐའ་མཚམས་ལས་དོན་ཐད“མཐའ་མཚམས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི”གཙོ་རྐང་དེར་དམིགས་ཏེ་དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་འཛིན་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་དམག་དམངས་མཉམ་འདྲེས་གཏིང་ཟབ་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། མི་རིགས་མཐུན་སྒྲིལ་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅིའི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་མཛུབ་སྟོན་གལ་ཆེན་ལ་གཞིགས་ནས་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། སྒོ་འབྱེད་དང་། དགའ་བསུ། ཁོག་ཡངས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མཐུན་སྒྲིལ་ཐུབ་རིགས་ཀྱི་སྟོབས་ཤུགས་ཚང་མར་མཐུན་སྒྲིལ་བྱེད་དགོས་པ། སྒྱུར་བཅོས་ཟབ་གཏོང་ཐད་ཇི་ཙམ་སྒྱུར་བཅོས་བྱས་པ་དེ་ཙམ་གྱིས་ལེགས་པ་དང་། ཇི་ཙམ་སྒྱུར་བཅོས་བྱས་པ་དེ་ཙམ་གྱིས་དོན་དངོས་དང་འཚམ་པ། ཇི་ཙམ་གྱིས་སྒྱུར་བཅོས་བྱས་པ་དེ་ཙམ་གྱིས་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ནས་ལྷུག་གཏོང་དང་། དོ་དམ། ཞབས་ཞུ་བཅས་སྒྱུར་བཅོས་བྱེད་རིང་ལས་སྒོ་བྱང་ཆུབ་པའི་ལས་བྱེད་པ་མཉམ་དུ་གཞི་རིམ་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་ལ་སྦྲེལ་མཐུད་ཡག་པོ་བྱེད་རོགས་བྱེད་དགོས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱེད་དགོས་པ་བཅས་སྔ་རྗེས་སུ་བཏོན་ཡོད། ལས་ཀའི་བླང་བྱ་དང་བྱ་ཐབས་གལ་ཆེན་དེ་དག་ཏང་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ་དང་བོད་ཀྱི་ལས་ཀའི་དོན་དངོས་དང་མཐུན་པས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཁས་ལེན་གང་ལེགས་ཐོབ་ཡོད། ང་ཚོས་ངེས་པར་དུ་མགོ་ནས་མཇུག་བར་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
      ཝུའུ་དབྱིང་ཅེས། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་སླད་ཕྱིན་ལོ་ལྔའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དེས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ལ་གྱུར་པ་རེད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན། དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱིས་བཅོལ་བའི་རེ་འདུན་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། “བློ་བརྟན་འགྱུར་མེད་ལྔ”དང“འགན་ལེན་ལྔར”དམིགས་པ། རང་འགན་གཙང་སྒྲུབ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་དུས་རབས་གསར་པར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
      དང་པོ། ངེས་པར་དུ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་མིག་སྔ་དང་སླད་ཕྱིན་དུས་རབས་ཤིག་རིང་ངེས་པར་དུ་དམ་འཛིན་ཏན་ཏིག་དང་དམ་འཛིན་ནན་པོ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་རྒྱུ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། “འཇོན་ཐང་བརྒྱད”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “ཉམས་སད་ཐེག་ཐུབ་པ་ལྔ”བྱེད་ཐུབ་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་དོན་འཁྱོལ་ཐུབ་པ་བྱེད་དགོས།
      གཉིས་པ། ངེས་པར་དུ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་ཆབ་སྲིད་ཆེ་ཤོས་ལ་བརྩིས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“དད་སེམས་བཞི”བརྟན་དུ་གཏོང་བ། རང་རྟོགས་ངང་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས་མགོ་ནས་མཇུག་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མགོ་ནས་མཇུག་བར་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ། མགོ་ནས་མཇུག་བར་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱེད་པའི་བྱ་སྤྱོད་དངོས་ཀྱིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
     གསུམ་པ། ངེས་པར་དུ་འགན་འཁྲི་གཙང་སྒྲུབ་བློ་ལ་བརྟན་པོ་འཆང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པའི་རྩ་བའི་བྱ་ཐབས་མཐའ་འཁྱོངས་བཅས་བྱས་ནས“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་ནུས་ལྡན་བླངས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཆོས་ལུགས་ལ་དད་དྲགས་པ་དང་ཆོས་ལུགས་ཐལ་དྲགས་པའི་གནས་ཚུལ་སྔོན་འགོག་བྱེད་པ། སྣེ་ཁྲིད་དེ་མང་ཚོགས་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར”སྔར་བས་སྐུལ་འདེད་གཏོང་དགོས། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ཡག་པོ་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས།
      བཞི་པ། ངེས་པར་དུ་རང་རྟོགས་ངང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་ཀྱི་ཚན་ཁག་ཆེ་གྲས་འགའ་ཡིས་རང་རྟོགས་ངང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་དང་ལེན་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་དགོངས་སྐོར་ཞུ་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔོན་ལ་བསྲུང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་དགོས་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་ནན་ཏན་བྱས་ནས་ཐབས་ཇུས་དམངས་གཙོ་ཅན་དང་ཚན་རིག་ཅན་ལ་སྐུལ་འདེད་གཏོང་དགོས་པ། ཕན་ཚུན་བསྟུན་མཁས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཉམ་དུ་ལས་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་བསམ་ཤེས་བྱེད་ཤུགས་ཆེ་རུ་འགྲོ་བ་དང་། ཕན་ཚུན་རོགས་རམ་བྱེད་པའི་བརྒྱུད་རིམ་ནང་བརྩེ་སེམས་ཟབ་ཏུ་འགྲོ་བ། མཐུན་སྒྲིལ་འབད་འཐབ་བྱེད་པའི་བརྒྱུད་རིམ་ནང་ཞི་མཐུན་ལ་སྐུལ་འདེད་ཐུབ་པ་བཅས་བྱེད་དགོས། རིམ་ཁག་ཏང་ཡོན་ལས་བྱེད་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ཁྲིད་དེ་རྩ་ཁྲིམས་གོང་དུ་བཀུར་བ་དང་། རྩ་ཁྲིམས་སློབ་སྦྱོང་བྱེད་པ། རྩ་ཁྲིམས་ལ་བརྩི་སྲུང་ཞུ་བ། རྩ་ཁྲིམས་སྲུང་སྐྱོང་བྱེད་པ། རྩ་ཁྲིམས་སྤྱོད་པ་བཅས་བྱས་ནས་ཁྲིམས་བཞིན་སྲིད་སྐྱོང་དང་། ཁྲིམས་བཞིན་སྲིད་འཛིན། ཁྲིམས་བཞིན་ལས་སྒྲུབ་བཅས་བྱེད་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་གནས་ཚུལ་དངོས་གསལ་རྟོགས་དང་། ཐབས་མཆོག་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས་པ། འབད་བརྩོན་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་བཅོས་སྒྲིག་བྱས་ནས་མི་དྲང་པོ་དྲང་གཞག་དང་བྱ་བ་གཙང་མ་བསྒྲུབས་ཏེ་གངས་ལྗོངས་ས་མཐོའི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་གཏོད་དགོས།
     ཝུའུ་དབྱིང་ཅེས། དུས་རབས་ནི་ཡིག་ཚད་ལ་འདོན་མཁན་དང་། ང་ཚོ་ནི་ཡིག་ཚད་གཏོང་མཁན། མི་དམངས་ནི་ཡིག་ཚད་ལ་སྐར་མ་རྒྱག་མཁན་བཅས་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ནམ་ཡང་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་བསྐྲུན་པའི་རླབས་ཆེན་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་ཡོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
     བློ་བཟང་རྒྱལ་མཚན་གྱིས། ད་ཐེངས་ཀྱི་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་འབྲེལ། ང་རང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་མུ་མཐུད་འཁུར་བར་འདེམས་བསྐོ་བྱས་བྱུང་། འདི་ནི་འཐུས་མི་ཚོའི་ཡིད་ཆེས་རེད་ལ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཡང་རེད། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་ཁྲིམས་བཞིན་ལས་འགན་སྒྲུབ་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་དུས་རབས་གསར་པའི་འགན་འཁྲི་གསར་པ་དང་ལས་འགན་གསར་པ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཐོག་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཡག་པོ་ཞིག་འབུལ་རྒྱུ་ཡིན། ང་ཚོས་སྲོག་ཤིང་གི་རྗེས་སུ་དམ་པོར་བསྙེགས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ཡིན། “འདུ་ཤེས་བཞི”བརྟན་པོ་འཆང་བ་དང་། ཐོག་མཐའ་བར་གསུམ་དུ“འདེང་ཚོད་བཞི”བརྟན་དུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་སྐྱོད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྩ་དོན་གལ་ཆེན་དང་ནང་དོན་གཙོ་བོ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་གཅིག་ཏུ་མཐའ་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་ལྟེ་བར་དམ་པོར་དམིགས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན། བོད་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་མཉམ་གནས་ཀྱི་དོན་དངོས་གནས་ཚུལ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་གསུམ་གྱི“དོན་ཆེན་གསུམ”ལ་དམ་པོར་དམིགས་ནས་ཉེན་ཁ་གལ་ཆེན་ལ་དོགས་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ” ཡག་པོ་རྒྱག་པ་དང་། དེ་བཞིན་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི“བརྟན་ལྷིང་གསུམ”མངོན་འགྱུར་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། འགན་ནུས་བསྐོ་འཐེན་བཅས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཁྲིམས་སྲུང་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་འཇོན་ཐང་ཆེ་བའི་ནུས་པའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་བཅས་བྱས་ནས་རླབས་ཆེན་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན། ང་ཚོས་དམངས་སེམས་དང་ཉེ་བར་བཅར་རྒྱུ་ལ་འབྲེལ་འདྲིས་དམ་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་གོང་དུ་བསྐུར་ནས་འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་རྒྱ་ཁྱབ་དང་དམ་ཟབ་བྱེད་པ། དམངས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་འདོད་འདུན་གང་ལེགས་མཚོན་པ། མི་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ། འབད་འབུངས་ཡར་བརྩོན་གྱི་ངར་ཤུགས་ལ་བརྟེན་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་དང་། དམངས་སེམས་ཐོབ་པ་དང་དམངས་འདོད་དང་མཐུན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ། མི་དམངས་འཐུས་ཚོགས་ཀྱི་དམངས་གཙོའི་ཐབས་ལམ་གལ་ཆེན་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ལས་དོན་དུས་བསྟུན་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་ཆེད་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་རྒྱུ་ཡིན། རྒྱལ་གླུའི་སྒྲའི་ཁྲོད་དུ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་རེད།
   རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།
   ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་གསར་འགྱུར་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-22 16:12 , Processed in 0.272767 second(s), 21 queries .

返回顶部