博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་ ...

已有 159 次阅读2018-2-1 09:43 |系统分类:娱乐


༄༅།།མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་སྒྲིལ།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས30ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ།

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ཀྲང་ཧྲོའུ་ཁྲེང་། གཟིམ་ཁང་། ཏུའུ་ཅེ། ཀྲང་ཝིན་ཁུའེ། མཱ་ཧའེ་དབྱིན། ཝང་ཞུན། ཏུའུ་ཏི་ཀྲི། དེ་མིན་དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཝང་ཅན་ཅུན་དང་པད་མ། རིན་ཆེན་རྒྱལ། ལིའུ་ཉིང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

     ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལྟ་སྐུལ་ཞིབ་བཤེར་ཚན་ཁག་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།

     ཚོགས་འདུར་ཨུ་ཡོན396ཞུགས་དགོས་པ་དང་། མཇུག་སྒྲིལ་བའི་ཚོགས་ཆེན་ལ་ཨུ་ཡོན380འབྱོར་བས་ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

     རྡོ་རྗེ་རབ་བརྟན་གྱིས་མཇུག་སྒྲིལ་བའི་ཚོགས་ཆེན་ལ་མགོ་འཛིན་མཛད།

     ཚོགས་ཆེན་སྟེང་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་རིམ་པ་བཞིན་གྲོས་འཆམ་བྱུང་།

     ཝང་གོ་ཧྲེང་གིས་གཏམ་བཤད་གནང་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་ལེགས་འགྲུབ་བྱུང་བ་དང་གསར་དུ་བདམས་པའི་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རྒྱུན་ལས་ཨུ་ཡོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་སྲིད་གྲོས་ཨུ་ཡོན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས། 

      ཝང་གོ་ཧྲེང་གིས་བསྟན་དོན། ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པས་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་དམ་དུ་དམིགས་ཏེ། འགན་ནུས་ལག་བསྟར་ནན་མོ་བྱས་ནས། ཕན་འབྲས་ཕུན་སུམ་ཚོགས་པའི་བྱ་བ་འབོར་ཆེན་བསྒྲུབས་པ་དང་། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་བཏོན་ཏེ། སེམས་ཤུགས་ཆེན་པོས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད། རིམ་པ་སོ་སོའི་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། གཟི་བརྗིད་ལྡན་པའི་གོམས་སྲོལ་རྒྱུན་འཛིན་བྱེད་པ་དང་། འགན་ནུས་ལག་བསྟར་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

     ཝང་གོ་ཧྲེང་གིས་བསྟན་དོན། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྲིད་གྲོས་བྱ་བར་གཅིག་གྱུར་བཀོད་འདོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། འདུ་ཤེས་བཞི་བརྟན་པོར་བཅངས་པར་དམིགས་ནས། ཏང་ཁག་ཚོགས་པ་སོ་སོ་དང་སྲིད་གྲོས་ཨུ་ཡོན། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཅངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པར་དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱེད་པ་གཙོ་བོར་བཟུང་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཇུས་གཞི་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཟུང་འབྲེལ་དང་བསྒྱུར་བཅོས་ཐད་འབད་བརྩོན་དང་ཕན་འབྲས་ཐོབ་པར་བྱེད་པ། རིགས་སོ་སོ་དང་ལས་རིགས་སོ་སོའི་བློ་གཅིག་སེམས་གཅིག་དང་། སེམས་མཐུན་ཕྱོགས་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ། ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་དངོས་འབེབས་བྱེད་ཆེད་མཉམ་དུ་འབད་བརྩོན་བྱས་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།

     ཝང་གོ་ཧྲེང་གིས་བསྟན་དོན། ལྟེ་བར་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིར་དམ་པོར་འབྲེལ་ནས་བློ་འདོན་ཇུས་འབུལ་བྱ་དགོས། འཐུས་མིའི་རང་བཞིན་དྲག་པ་དང་འབྲེལ་འདྲིས་ཀྱི་ངོས་ཆེ་བ། བཟོད་སྒོམ་རང་བཞིན་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འབྲེལ་འདྲིས་ཀྱི་ཁྱབ་ཁོངས་ཆེ་བ་དང་ཤེས་ལྡན་མི་སྣ་མང་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་དགོས། རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བཅོས་བསྒྱུར་དང་འཕེལ་རྒྱས་ལ་ཐབས་ཇུས་བཟང་བོ་འདོན་པ་དང་། བསྒྱུར་བ་བཞིར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་དངོས་འབེབ་ལ་ཡར་སྐུལ་བཏང་སྟེ། མཚོ་སྔོན་སྔར་ལས་ལྷག་པར་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ནང་ཞུགས་པར་ནུས་པ་གལ་ཆེན་འདོན་དགོས། མཐུན་སྒྲིལ་ཆེན་མོའི་མཉམ་འབྲེལ་རྒྱུན་འཁྱོངས་བྱས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་རྒྱ་ཆེར་བསྡུ་དགོས། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་གྲོས་མོལ་དམངས་གཙོའི་ལག་ལེན་ལ་ཡར་སྐུལ་གཏོང་བ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་སྐུལ། འབྲེལ་བ་མཐུན་སྦྱོར། འགལ་བ་ཐག་གཅོད་བཅས་འགན་ནུས་ལག་བསྟར་བྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་པོ་ཡོང་བར་སྐུལ་ཁྲིད་གང་ལེགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་མོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས། དམངས་གཙོ་ལྟ་སྐུལ་དེ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་སྒོས་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུན་ཆད་མེད་པར་དམངས་གཙོའི་ལྟ་སྐུལ་གྱི་བྱེད་ཐབས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་སྟེ། ལྟ་སྐུལ་བྱེད་ཕོད་པ་དང་ལྟ་སྐུལ་བྱེད་མཁས་པ། དྲང་གཏམ་ཞུ་འབུལ་བྱས་ནས། ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཇུས་འཐུས་ཚང་དུ་གཏོང་བ་དང་བྱ་བ་ལེགས་བཅོས་བྱེད་པ། དངོས་འབེབས་ལ་ཡར་སྐུལ་གཏོང་བ་བཅས་ཀྱི་ཐད་རོགས་རམ་བྱ་དགོས། མགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བ་དེ་མགོ་ཚུགས་ས་གསར་བ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་རྒྱུན་ཆད་མེད་པར་འགན་འཁྲིའི་ནུས་པ་ཇེ་མཐོར་གཏོང་དགོས། རིམ་པ་སོ་སོའི་སྲིད་གྲོས་མགོ་ཁྲིད་ཚན་ཁག་གསར་བས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཧུར་ཐག་སྒོས་མགོ་ཁྲིད་ནུས་པ་དང་ཆེད་ལས་ནུས་པ་ཇེ་མཐོར་གཏོང་དགོས་པར་མ་ཟད། ཨུ་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱས་ནས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་ལག་བསྟར་བྱ་འགུལ་སྤེལ་ཏེ་རང་འགན་བྱ་བའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

     ཝང་གོ་ཧྲེང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་མགོ་ཁྲིད་དང་བསམ་བློའི་མགོ་ཁྲིད། རྩ་འཛུགས་མགོ་ཁྲིད། བྱ་བའི་མགོ་ཁྲིད་བཅས་ལ་ཤུགས་སྣོན་བྱས་ཏེ། མི་དམངས་སྲིད་གྲོས་ཀྱིས་རྩ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་གཞིར་བཟུང་སྟེ་རང་རྐྱ་འཕེར་བར་འགན་ཁུར་བ་དང་མཐུན་སྦྱོར་གཅིག་མཐུན་གྱིས་བྱ་བ་སྤེལ་བ་རྒྱབ་སྐྱོར་བྱ་དགོས། རང་འགུལ་གྱིས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དེ་ལས་རིམ་གལ་ཆེན་དུ་བཞག་སྟེ་འཐབ་ཇུས་རིམ་པའི་ནང་འཇོག་པ་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་བྱས་ཏེ། སྲིད་གྲོས་མགོ་ཁྲིད་ཚན་ཁག་དང་ཨུ་ཡོན་དཔུང་སྡེའི་འཛུགས་སྐྲུན་ལ་མཐོང་ཆེན་བྱ་དགོས། རིམ་པ་སོ་སོའི་ཀྲུང་གུང་སྲིད་གྲོས་ཏང་ཙུའུ་ཡིས་སྲིད་གྲོས་རྩ་འཛུགས་ཁྲོད་ཀྱི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ཏེ། ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དེ་སྲིད་གྲོས་ནས་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱ་དགོས།

     རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ཧྲུའུ་ཅི་ཝང་གོ་ཧྲེང་གི་གཏམ་བཤད་ཀྱི་དགོངས་དོན་གཏིང་ཟབ་ཅིང་དམིགས་རྒྱང་རིང་བ་དང་། ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེས་ཆེར་ལྡན་ལ། སྐབས་གསར་བའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་དང་། རེ་བ་ཆེན་པོ་བཅངས་ཡོད་པས་ང་ཚོས་ངེས་པར་དུ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་མཐར་ཕྱིན་བྱ་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག སྔར་ལས་གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པ་དང་། རྒྱུན་ཆད་མེད་པར་ཆབ་སྲིད་ལངས་ཕྱོགས་ཇེ་མཐོར་གཏོང་བ་དང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་གོང་བཀུར་བྱས་ཏེ། རང་འགུལ་གྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་དམ་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་དཀའ་གནད་ཐག་གཅོད་བྱེད་པ། བློ་འདོན་ཇུས་འབུལ་བྱེད་པ། འགན་ནུས་ལག་བསྟར་གང་ལེགས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་སྙིང་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ཤིང་། མཐུན་སྒྲིལ་དང་འཆམ་མཐུན་ལ་ཕན་པའི་བྱ་བ་མང་བོ་སྒྲུབ་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་རང་ཞིང་གི་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་སྟེང་གཅིག་བསྡུས་བྱས་ཏེ། རང་སྟེང་གི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་དཔུང་སྡེའི་བྱང་ཚད་མཐོར་འདེགས་གཏོང་བ། བྱ་བའི་སྤྱོད་ཚུལ་བསྒྱུར་བ། མང་ཚོགས་ལ་རྒྱ་ཆེར་འབྲེལ་གཏུག་བྱེད་པ། ཟོལ་མེད་ཀྱིས་འགན་འཁྲིའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། ཧུར་ཐག་སྒོས་མཚོ་སྔོན་གྱི་མི་དམངས་སྲིད་གྲོས་ལས་དོན་གྱི་ལེའུ་གསར་བ་མུ་མཐུད་དུ་འབྲི་དགོས།

     ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་ད་རུང་མུའུ་ཏུང་ཧྲིན་དང་ཀྲང་ཀོང་རུང་། ཚའོ་ཧུང་། ཁོང་ཡུང་། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཁྲིན་མེན་གོ། ཡན་པའོ། གོ་ཅན་ཅུན། ལིས་ཙའེ་ཡོན་སོགས་ཡོད།

     སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་། པའོ་དབྱི་ཀྲི། མཱ་ཀྲི་ཝེ། ཅི་རིན་ཧྥུན་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ་བ་རེད།   །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-22 16:11 , Processed in 0.266990 second(s), 21 queries .

返回顶部