博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མ ...

已有 170 次阅读2018-1-28 10:19 |系统分类:娱乐

  ༄༅།།མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་མགོ་བརྩམས།
  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

     

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཚོ་སྔོན་ཞིང་ཆེན་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཝང་གོ་ཧྲེང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་ཅིང་། ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། 

     1.jpg

     ཝང་གོ་ཧྲེང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་བཞིན་པ།

     2.jpg

     ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་པ།

     ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་ཞུགས་དགོས་པའི་འཐུས་མི392ཡོད་པ་དང་། འཐུས་མི386དངོས་སུ་ཚོགས་ཐོག་ཏུ་འབྱོར་ཡོད་དེ། ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

     སྔ་དྲོའི་དུས་ཚོད9ཡི་སྟེང་།  བརྗིད་ཉམས་ཀྱི་རྒྱལ་གླུའི་ཁྲོད་ཚོགས་ཆེན་དངོས་སུ་མགོ་བརྩམས།

     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་གོ་ཧྲེང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད།

     ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིའུ་ཉིང་དང་ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མིང་། ཝང་ཡུས་ཡན། ཡུས་ཚུང་ལེ། མཱ་ཅི་ཞའོ། ཅུས་ཞིན་ཡུང་། ཀྲང་ཀོང་རུང་། མཱ་ཝེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

    སྔ་དྲོའི་ཚོགས་ཆེན་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད་དེ། གཅིག་ནི་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ་བ་དང་། གཉིས་ནི2017ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་འཆར་གཞི་འཆར་ཟིན་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་པ། གསུམ་ནི་མཚོ་སྔོན་ཞིང་ཆེན་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་གྲོས་ཞིབ་བྱེད་པ་བཅས་ཡིན།

    ཝང་ཅན་ཅུན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་བསྡོམས་པས་ཁག་གསུམ་དུ་དབྱེ་ཡོད་དེ། གཅིག  འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱིར་ལྟ་བྱེད་པ། གཉིས། མ་འོངས་པའི་ལོ་ལྔའི་རིང་གི་བྱ་བར་སྤྱིའི་བཀོད་སྒྲིག་བྱེད་པ།   གསུམ། 2018ལོའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱེད་པ།

    ཝང་ཅན་ཅུན་གྱིས་བཤད་རྒྱུར། 2017ལོ་ནི་མཚོ་སྔོན་གྱི་ལོ་རྒྱུས་སྟེང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཏེ། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱས་པར་མ་ཟད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དེ་སྒུལ་ཤུགས་སུ་བཟུང་སྟེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་འབེབས་བྱས་པའི་ཇུས་གཞི་བཀོད་སྒྲིག་ལྟར། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་རྒྱབ་རྟེན་བྱས་ནས་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་ཐབས་ལམ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོར་བཟུང་ནས་བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ཞིང་། འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། ཉེན་ཁ་འགོག་པ་སོགས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་སྤེལ་བས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་འཇགས་ཁྲོད་འཕེལ་རྒྱས་བྱུང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར2642.8ལ་སླེབས་ཤིང་། ལོ་སྔོན་མ་ལས7.3%འཕར།སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ9.8%འཕར། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད1.5%རུ་ཚོད་འཛིན་བྱས་ཡོད་པ་དེ་དག་ལོ་བཅུ་གཉིས་ཀྱི་རིང་ལ་ཆེས་དམའ་བའི་ཚད་དུ་སླེབས་ཡོད་དེ། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པས་གཏན་འབེབས་བྱས་པའི་དམིགས་འབེན་དང་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་།

    ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔའི་བྱ་བ་བཟང་བོར་བསྒྲུབ་སྐབས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག  མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཇུས་གཞི་བཀོད་སྒྲིག་ལྟར། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་ཐབས་ལམ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་དང་པོར་འཇོག་པ་དང་ཕན་འབྲས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་བསྒྱུར་བ་དེ་མཚོ་སྔོན་གྱི་མཚོན་བྱེད་བྱེ་བྲག་དང་སྦྲེལ་ནས།ཧུར་ཐག་སྒོས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་བ་སྐོང་བར་བྱེད་པ། གཅིག་གྱུར་སྒོས་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་སྐུལ་འདེད་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བསྒྱུར་བ་བཞི་གཙོར་བཟུང་ནས་ལག་བསྟར་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཡོང་བ ་བྱས་ནས།རྐང་འཛུགས་ས་གསར་བ་ནས་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། 

    ཝང་ཅན་ཅུན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་། མི་དམངས་ཀྱི་རེ་སྒུག་གསར་བར་ཁ་ཕྱོགས་པའི་སྐབས་སུ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐོག་མའི་ཕུགས་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་འཛིན་པ།  བསམ་པ་གཅིག་མཐུན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། སྔར་བས་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།

    ཀྲུའུ་ཞིའི་སྟེགས་བུའི་སྟེང་ད་དུང་རིན་ཆེན་རྒྱལ་དང་། ཝང་ཡུས་པའོ། ཡན་ཅིན་ཧའེ། རྡོ་རྗེ་རབ་བརྟན། མུའུ་ཏུང་ཧྲེང་། སྟག་འབུམ་ཐར། སུའུ་ཉིང་། དབང་མོ། ཚའོ་ཝུན་ཧུའུ། ཚའོ་ཧུང་། ཁོང་ཡུང་། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལེ་མིང་། དབྱང་ཧྥུན་ཁྲུན། ཐེན་ཅིན་ཁྲེང་། ཝང་ཞའོ་ཆིན། ཝང་ཞའོ་ཡུང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ཀྲང་ཧྲོའུ་ཁྲེང་། ཅི་རེན་ཧྥུན། གཟིམ་ཁང་། ཁྲེང་མིང་ཀའོ། ཡན་པོ། ངག་དབང་བསོད་ནམས། ལིས་ཙའེ་ཡོན་སོགས་མགོ་ཁྲིད་བཞུགས་ཡོད། 

    ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་ཡོད་པའི་ཨུ་ཡོན་ཡོངས་ཚོགས་འདུར་ཟུར་ཞུགས་བྱས། །

    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-5-22 16:11 , Processed in 0.275912 second(s), 21 queries .

返回顶部