博客西藏在最高处过一种生活

日志

༄༅༎རྒྱལ་ཡོངས་སྲིད་གྲོས་ཀྱིས་ལུགས་གསར་ལོ་ ...

已有 113 次阅读2018-1-1 11:04 |系统分类:娱乐


༄༅༎རྒྱལ་ཡོངས་སྲིད་གྲོས་ཀྱིས་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

      ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཇ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་འཁྲབ་སྟོན་ལ་གཟིགས།


5.jpg

      ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་། 

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཁང་ནས་ལུགས་གསར་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཀྲང་ཀའོ་ལིས། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིན། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་མི་སྣ། རྒྱལ་སའི་རིགས་སོ་སོ་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་དང་དགའ་སྤྲོའི་ངང་མཉམ་དུ་འཛོམས་ནས་2018ལོའི་ལུགས་གསར་ལོ་སར་ལ་བསུ་བ་ཞུས།

      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།

      ཞི་ཅིན་ཕིང་གིས་གསུངས་རྒྱུར། 2017ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གལ་ཆེན་གསར་བ་བླངས། ང་ཚོས་བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དབུལ་ཐར་མཁྲེགས་གཏོར་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། དམག་དཔུང་དང་རྒྱལ་སྲུང་འཛུགས་སྐྲུན་བཅས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་ཟེར།

      ཞི་ཅིན་ཕིང་གིས་གསུངས་རྒྱུར། 2018ལོར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། བརྟན་འཇགས་སྒོས་ཐོན་ཚད་འཕར་སྣོན་བྱེད་པ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་བདེ་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་བྱ་བ་སྣ་ཚོགས་ལ་མཐུན་སྦྱོར་སྒོས་ཡར་སྐུལ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་དགོས། ང་ཚོས་བཅོས་སྒྱུར་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་མུ་མཐུད་དུ་ཡར་རྒྱས་བརྩོན་ལེན་དང་མདུན་སྐྱོད་འབད་འཐབ་བྱེད་དགོས། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་པས་ཞང་ཀང་སྐྱོང་བ་། ཨོ་མིན་པས་ཨོ་མིན་སྐྱོང་བ། ཆེས་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་དུ་ལག་ལེན་མཐར་ཕྱིན་བྱས་ནས། ཞང་ཀང་དང་ཨོ་མིན་གཉིས་ཡུན་རིང་དུ་དར་རྒྱས་གོང་འཕེལ་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། གོ་གཉིས་ལོའི་ཐུན་མོང་གི་ལྟ་བའི་རྨང་གཞིའི་སྟེང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་། མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་མཐའ་དག་ལ་ངོ་རྒོལ་བྱེད་དགོས། ང་ཚོས་དུས་དང་རྣམ་པ་ཀུན་དུ་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ནས། ཡུན་རིང་ཞི་བདེ་ཡོང་བ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ། སྒོ་འབྱེད་དང་བཟོད་སྒོམ། དག་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་རྣམས་མཉམ་དུ་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར།

      རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཇ་སྟོན་ཚོགས་འདུར་འགོ་འཛིན་མཛད། ཁོང་གིས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་2017ལོའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱས་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་བར་སྤྱི་སྡོམ་བྱས་པར་མ་ཟད། སང་ལོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་གལ་ཆེན་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་མི་དམངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཆེས་ཁྱབ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་སྒྲུབ་དང་དར་སྤེལ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་ཐད་ལ་རེ་བ་གསར་བ་བཏོན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་སྒོས་ལག་བསྟར་བྱས་ནས། ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་དང་དངོས་གཉེར་བདེན་འཚོལ་གྱི་བྱ་བའི་སྤྱོད་ཚུལ་སྤྱད་དེ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་སྒོས་ཞུགས་དགོས་ཟེར།

      ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ་ཡིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཐོག་ཏུ་གཏམ་བཤད།

      ཇ་སྟོན་ཚོགས་འདུའི་སྟེང་ཞི་ཅིན་ཕིང་ལས་རིགས་ཁག་གི་མི་སྣའི་ཁྲོད་ཕེབས་ཏེ་ཚང་མ་དང་བརྩེ་བའི་ཕྱག་འཇུ་གནང་བ་དང་། ཕན་ཚུན་བར་འཚམས་འདྲི་གནང་སྟེ། མཉམ་དུ་ལུགས་གསར་ལོ་སར་ལ་རྟེན་འབྲེལ་ཞུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་བྱ་བ་སྒྲུབ་མཁན་ཁ་ཤས་ཀྱིས་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

      པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། སྔོན་ཆད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་བའི་པེ་ཅིན་དུ་ཡོད་པའི་བློ་མཐུན་རྒན་པ་བཅས་ཇ་སྟོན་ཚོགས་འདུར་ཞུགས།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-8-14 14:54 , Processed in 0.311553 second(s), 21 queries .

返回顶部