博客西藏在最高处过一种生活

日志

༄༅།། འབྲི་མར་གྱི་ཕན་ནུས་ཆེན་པོ་བརྒྱད། ... .. ...

已有 121 次阅读2017-12-27 10:04 |系统分类:文化



   ༄༅།། འབྲི་མར་གྱི་ཕན་ནུས་ཆེན་པོ་བརྒྱད།
  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།   


       འབྲི་མར་སེར་པོ་ནི་འོ་མ་དཀྲོགས་ཤིང་དེ་ལས་བླངས་པའི་བཅུད་དེ་ཡིན་པས། དེར་རུལ་རྒྱུ་མེད་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཀྱང་། དེ་ཡང་མི་མང་པོ་ཞིག་གིས་དེར་ཡ་མཚར་རྒྱུ་མེད་ཚུལ་བརྗོད་ཀྱང་སྲིད་མོད། འབྲི་མར་སེར་པོ་ལ་ལུས་བདེ་བཅུད་གསོ་སོགས་ཀྱི་ཕན་ནུས་བགྲང་གིས་མི་ལངས་བ་ཡོད་ལ། གཤམ་ནས་ང་ཚོས་ལྷན་དུ་མར་གྱི་ཕན་ནུས་སྐོར་གླེང་བར་བྱའོ།། 

       དང་པོ། མར་གྱིས་གཉན་ཚད་འགོག་ནུས། མར་གྱི་ནང་དུ་ཚིལ་སྐྱུར་ཞེས་པའི་གྲུབ་ཆ་ཞིག་ཡོད་ཅིང་། དེ་ནི་ཐོག་མར་མར་གྱི་ནང་དུ་མཐོང་བའི་གྲུབ་ཆ་ཞིག་ཡིན་ལ། ཚིལ་སྐྱུར་ཆུང་ངུ་སྦྲེལ་བྱེད་ཅིག་ཡིན་པ་མ་ཟད། དེ་རྒྱུ་མར་ཧ་ཅང་ཕན་ལ་ཕོ་རྒྱུར་སྲུང་སྐྱོབ་བྱ་ཐུབ་པའི་ནུས་པ་ལྡན། 

       གཉིས་པ། མར་གྱིས་འཚོ་རྒྱུས་སྐྱེས་དངོས་བཀོལ་ནུས་མཐོར་འདེགས་གཏོང་ཐུབ། དུས་རྒྱུན་བདེ་ཐང་ལ་ཕན་པའི་ཚིལ་ཞུ་རང་བཞིན་ལྡན་པའི་བཅུད་ལྡན་ཟ་མ་ཟ་སྐབས་ངེས་པར་ཚིལ་ཉུང་ཙམ་ཟ་དགོས་པ་རྟོགས་ཡོད་ཀྱང་། ཁྱེད་ཀྱི་འཚོ་བཅུད་ཀྱི་ཟ་མ་དེའི་རིགས་འཇུ་བྱེད་ལ་ཚིལ་དེ་དག་གི་ནུས་པ་གཏན་ནས་མི་འདྲ་སྟེ། དོན་དངོས་སུ་ཚིལ་ལ་ལ་ཞིག་གིས་ཁྱེད་ཀྱི་ཕོ་བའི་ནང་གི་ཟ་མའི་ཁྲོད་འཚོ་བཅུད་མང་པོ་ལེན་ནུས་ཤིང་། འཚོ་བཅུད་དེའི་རིགས་ནི་གཟན་རྩྭ་ཟས་པའི་དུད་འགྲོའི་འོ་མ་ཁོ་ནར་ཡོད་པ་ཞིག་ཡིན་པས། མར་ལ་དབྱང་འགྱུར་འགོག་རྫས་དང་གཏེར་རྒྱུ་གཞན་མང་པོ་ཡོད། 

       གསུམ་པ། ཉེ་ཆར་ཡོ་རོབ་གླིང་གི་འཚོ་བཅུད་རིག་པའི་དུས་དེབ་ཞིག་ཏུ་ཞིབ་འཇུག་གི་འབྲས་བུ་འདི་ལྟ་བུ་ཞིག་བཀོད་ཡོད་དེ། མར་གྱིས་སྣུམ་གཞན་གྱི་ཚབ་བྱས་ཚེ་སྙིང་ནད་དང་གྲིབ་ནད་ཀྱི་ནད་ཕོག་པ་ཉུང་དུ་གཏོང་ཐུབ་པར་བརྗོད་ཡོད། 

       བཞི་བ། མར་ལ་སྐྲན་ནད་འཇོམས་པའི་དམིགས་བསལ་གྱི་ནུས་པ་ལྡན། མར་ལ་སྐྲན་ནད་འགོག་པའི་ནུས་པ་ལྡན་ཏེ། དེ་ལས་ཁ་ཤས་ནི་CLAཞེས་པའི་འདྲེས་འགྱུར་རྫས་ལས་མཁོ་སྤྲོད་བྱས་པ་ཡིན་ལ། དེར་དབྱང་འགྱུར་འགོག་པའི་ནུས་པ་ལྡན་ཞིང་གཉན་ཚད་འཇོམས་ཐུབ་པ་མ་ཟད། སྐྲན་ནད་ཀྱི་ཕྲ་ཕུང་འཇོམས་ཐུབ་ཅིང་དེ་ཉིད་གཟན་རྩྭ་ཟ་བའི་དུད་འགྲོའི་ཤ་དང་འོ་མའི་ནང་མང་པས། མར་ཉོ་སྐབས་ངེས་པར་གཟན་རྩྭ་ཟ་མཁན་གྱི་མར་འདེམས་དགོས་པའི་རྒྱུ་རྐྱེན་ཡང་དེ་ཡིན། 

       ལྔ་བ། མར་གྱིས་གསོ་བཅུདKཡི་སྐྱེས་དངོས་བཀོལ་ཚད་ལ་སྒྱུར་བཅོས་གཏོང་ནུས། མར་གྱིས་མིའི་རུས་པ་མཁྲེགས་པོར་གཏོང་བར་ཕན་ཏེ། ཚིལ་ཞུ་རང་བཞིན་ཅན་གྱི་འཚོ་རྒྱུ་དེK2ཀྱིས་ལུས་སྟེང་དུ་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། གཙོ་བོ་འཚོ་བཅུད་ཀེ་སོགས་རུས་པ་དང་སོའི་སྟེང་འཐིམ་པར་བྱས་ཏེ། རུས་པའི་རིགས་ས་མཁྲེགས་སུ་གཏོང་ཐུབ། 

       དྲུག་པ། མར་གྱི་ནང་དུ་འཇུ་སླ་བའི་འཚོ་རྒྱུ་འདུས། མར་གྱི་ནང་དུ་བདེ་ཐང་ལ་ཕན་ཞིང་འཇུ་སླ་བའི་འཚོ་རྒྱུ་སྣ་ཚོགས་འདུས་ཡོད་དེ། དཔེར་ན་འཚོ་རྒྱུAདངD། Eདང་Kསོགས་ཡོད་པ་དེ་དག་རུས་པ་དང་ཀླད་པའི་བདེ་ཐང་ལ་ཕན་པ་མ་ཟད། རིམ་འགོག་མ་ལག་ལ་སྐུལ་འདེད་གཏོང་བར་དེ་བས་ཀྱང་ཕན། 

       བདུན་པ། མར་ནི་གཟུགས་པོའི་ལྕིད་ཚད་ཡང་རུ་གཏོང་བར་ཕན། མི་ལ་ལ་ཞིག་གིས་རྒྱུན་དུ་ལུས་ཤ་སྐམ་དུ་འགྲོ་ཆེད་མར་ཟ་བཞིན་མེད་ཅེས་བརྗོད་ཀྱི་ཡོད་མོད། དོན་དངོས་སུ་མར་གྱིས་མིའི་ལུས་ཕུང་མ་ལག་ཁྲོད་ཀྱི་ཚིལ་སྣ་ཚོགས་ཞུ་བར་བྱེད་ཀྱིན་ཡོད་པས། ཤ་སྐམ་རུ་གཏོང་བར་ཕན་པ་ཡིན། 

       བརྒྱད་པ། མར་གྱི་ཕན་ནུས་གཞན་ཞིག་ནི་དེའི་ནང་དུ་འོ་མའི་མངར་ཆ་དང་ཕྱུར་སྤྲིའི་རིགས་མི་འདུ་བས། དེ་དག་ཟ་འདོད་མེད་པ་རྣམས་ཀྱིས་མར་ཟས་ན་གནད་དོན་ཅི་ཡང་མེད།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-4-21 11:38 , Processed in 0.279163 second(s), 21 queries .

返回顶部