博客西藏在最高处过一种生活

日志

༄༅།། གསེར་གྱི་དབྱངས་གསལ།

热度 1已有 503 次阅读2017-12-21 09:31 |系统分类:文化



                ༄༅།། གསེར་གྱི་དབྱངས་གསལ།
          ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།

 

  
     གསལ་བྱེད་ཉི་ཟླ་བཞིན་དུ་གསལ་བ་ཞིག། དབྱངས་ཡིག་སྐར་ཆེན་བཞིན་དུ་འཚེར་བ་ཞིག། ཆོལ་ཁ་གསུམ་གྱི་ཡངས་པའི་ས་ཆེན་ན།། མུན་པའི་བང་རིམ་བརྟོལ་བའི་འོད་སྣང་ཡིན།། འདི་ཡིས་ཆོས་ཀྱི་བྲག་རི་སྟོད་ལ་བརྩིགས།། འདི་ཡིས་རིག་པའི་མཚོ་མོ་སྨད་ལ་བསྐྱིལ།། དབྱངས་གསལ་དབྱར་ཟླ་བཞིན་དུ་སླེབས་པ་ཡག། ཤེས་བྱ་མེ་ཏོག་བཞིན་དུ་བཞད་པ་མཚར།། ང་ཡི་སེམས་ཀྱི་འཆར་སྒོ་འདི་ཡིས་ཕྱེས།། ང་ཡི་ངག་གི་གླུ་སྒོ་འདི་ཡིས་འབྱེད།། ང་ཡི་སྤོབས་པའི་རྨང་རྡོ་འདི་ཡིས་བཞག། ང་ཡི་ལམ་གྱི་དཔུང་རོགས་འདི་ཡིས་མཛད།། བོད་ཡིག་ལུས་ཀྱི་དྲོད་ཁོལ་འཇམ་པོ་ཡིན།། བོད་ཡིག་ངག་གི་དབྱངས་རྟ་སྙན་མོ་ཡིན།། བོད་ཡིག་ཡིད་ཀྱི་ནམ་མཁའ་སྔོན་པོ་ཡིན།། བོད་ཡིག་བུ་ཡི་མགོ་འཕང་མཐོན་པོ་ཡིན།། བོད་ཡིག་རིགས་རྒྱུད་ཅིག་གི་དབུགས་རྒྱུན་ཡིན།། བོད་ཡིག་མི་རིགས་ཤིག་གི་ལམ་བྲོ་ཡིན།། བོད་ཡིག་ལུས་ཀྱི་ཁྲག་རྩ་ཆད་སོང་ན།། མི་རིགས་བེམ་པོ་བཞིན་དུ་ལྷག་སོང་ངོ་།། སྦྲ་རྒན་རོག་རོག་ཅན་གྱི་འབྲོག་སྡེ་ནས།། བོད་ཡིག་འོ་མའི་མཚོ་མོ་འཕྱུར་བར་ཤོག། འབྲུ་དྲུག་སྙེ་མ་གཡོ་བའི་རོང་སྡེ་ནས།། བོད་ཡིག་ལོ་ལེགས་བཞིན་དུ་རྒྱས་པར་ཤོག། མདོ་དབུས་ཁམས་གསུམ་བོད་ཀྱི་ཕ་ས་ནས།། བོད་པ་ཕུ་ནུ་མིང་སྲིང་མཐུན་ན་ཡག། དུས་ཀྱིས་བང་རྩལ་མངོན་པའི་བྱང་ལམ་ནས།། བོད་ཡིག་རྟ་ཕོའི་གོམ་ལག་མགྱོགས་ན་སྐྱིད།།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།


发表评论 评论 (1 个评论)

回复 丹正嘉的blog 2017-12-29 09:54
བོད་ཡིག་ཡིད་ཀྱི་ནམ་མཁའ་སྔོན་པོ་ཡིན།། བོད་ཡིག་བུ་ཡི་མགོ་འཕང་མཐོན་པོ་ཡིན།། བོད་ཡིག་རིགས་རྒྱུད་ཅིག་གི་དབུགས་རྒྱུན་ཡིན།། བོད་ཡིག་མི་རིགས་ཤིག་གི་ལམ་བྲོ་ཡིན།། བོད་ཡིག་ལུས་ཀྱི་ཁྲག་རྩ་ཆད་སོང་ན།། མི་རིགས་བེམ་པོ་བཞིན་དུ་ལྷག་སོང་ངོ་།།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-8-15 00:06 , Processed in 0.287731 second(s), 22 queries .

返回顶部