博客西藏在最高处过一种生活

日志

༄༅།།བློ་མཐུན་ཞི་ཅིན་ཕེན་གྱི་ལོ་རྒྱུས་མདོ ...

已有 187 次阅读2017-12-20 10:33 |系统分类:娱乐


༄༅།།བློ་མཐུན་ཞི་ཅིན་ཕེན་གྱི་ལོ་རྒྱུས་མདོར་བསྡུས།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།


      ཞི་ཅིན་ཕེན། ཕོ། རྒྱ་རིགས།  སྤྱི་ལོ1953ལོའི་ཟླ6པར་འཁྲུངས།  ཧྲའན་ཞི་ཧྥུའུ་ཕིང་གི་མི་ཡིན། སྤྱི་ལོ1969ལོའི་ཟླ1པར་བྱ་བར་ཞུགས་ཤིང་།  སྤྱི་ལོ1974ལོའི་ཟླ1པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཆིན་ཧྭ་སློབ་ཆེན་མི་ཚུལ་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་བསམ་བློའི་ཆབ་སྲིད་སློབ་གསོའི་ཆེད་ལས་སྦྱངས་ནས་མཐར་ཕྱིན། ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་ཡིན།

      ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།

     1969ལོ་ནས1975ལོའི་བར།  ཧྲའན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་ཝུན་ཨན་ཡེ་ཀུང་ཧྲེ་ལང་ཅཱ་ཧི་རུ་ཆེན་གྱི་ན་གཞོན་ཤེས་ཡོན་ཅན་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་བཞེས།

     1975ལོ་ནས1979ལོའི་བར།  ཆིང་ཧྭ་སློབ་ཆེན་རྫས་འགྱུར་བཟོ་ལས་སྡེ་ཁག་སྐྱེ་ལྡན་འདྲེས་སྦྱོར་ཆེད་ལས་སྦྱངས།

     1979ལོ་ནས1982ལོའི་བར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དང་། ཀྲུང་དབྱང་དམག་ཨུའི་གཞུང་སྒྲུབ་ཐིན་གྱི་དྲུང་ཡིག་ཡིན། (དམག་ལས་ཐོན)

     1982ལོ་ནས1983ལོའི་བར།  ཧོ་པེ་ཞིང་ཆེན་ཀྲིན་ཏིན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

     1983ལོ་ནས1985ལོའི་བར།  ཧོ་པེ་ཞིང་ཆེན་ཀྲིན་ཏིན་རྫོང་ཏང་ཨུའི་ཧྲུའུ་ཅི་དང་།  ཀྲིན་ཏིན་རྫོང་དྲག་དཔུང་པུའུ་ཆབ་སྲིད་ཨུ་ཡོན་དང་པོ་དང་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

     1985ལོ་ནས1988ལོའི་བར།  ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་།  ཧྲི་ཀྲང་གཞོན་པའི་འགན་བཞེས།

     1988ལོ་ནས1990ལོའི་བར།  ཧྥུ་ཅན་ཞིང་ཆེན་ཉིན་ཏི་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་ཉིན་ཏི་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།

     1990ལོ་ནས1993ལོའི་བར།  ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་།  གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན། ཧྥུ་ཀྲིག་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

     1993ལོ་ནས1995ལོའི་བར།  ཧྥུ་ཅན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཧྥུ་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན།  ཧྥུ་ཀྲིག་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

     1995ལོ་ནས1996ལོའི་བར།  ཧྥུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྥུ་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན། ཧྥུ་ཀྲིག་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

     1996ལོ་ནས1999ལོའི་བར། ཧྥུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྥུ་ཅན་ཞིང་ཆེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།

     1999ལོ་ནས2000ལོའི་བར། ཧྥུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མ།  ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཧྥུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཧྥུ་ཅན་ཞིང་ཆེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།

      2000ལོ་ནས2002ལོའི་བར། ཧྥུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་།  ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྥུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཧྥུ་ཅན་ཞིང་ཆེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཤོག་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།(སྤྱི་ལོ1998ལོ་ནས2002ལོའི་བར།  ཆིང་ཧྭ་སློབ་ཆེན་མི་ཚུལ་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་སྦྱོང་གནང་ཞིང་།  ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་བླངས།)

      2002ལོ་ནས2002ལོའི་བར། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མ།  ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཀྲེ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

      2002ལོ་ནས་2003ལོའི་བར།ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ཚབ་མ།ཀྲེ་ཅང་ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་དང་།ནན་ཅིན་དམག་ཁུལ་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཀཻ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

      2003ལོ་ནས2007ལོའི་བར། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན། ཀྲེ་ཅང་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

      2007ལོ་ནས2007ལོའི་བར།ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་ཧྲང་ཧེ་ཉེན་སྲུང་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།

      2007ལོ་ནས2008ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

      2008ལོ་ནས2010ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།  ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

      2010ལོ་ནས2012ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

      2012ལོ་ནས2013ལོའི་བར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས།

      2013ལོ་ནས་བཟུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

      ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།  སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ཨུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་གྲོས་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་བྱས།  སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་གནང་།  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་བཞག་གནང་།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-8-14 14:55 , Processed in 0.275712 second(s), 21 queries .

返回顶部