博客西藏在最高处过一种生活

日志

༄༅།།རིན་ཆེན་རྣམ་རྒྱལ་གྱིས་མཚོ་སྔོན་ཞིང་ཆ ...

已有 87 次阅读2017-11-25 07:24 |系统分类:娱乐


                ༄༅།།རིན་ཆེན་རྣམ་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སྡེ་ཁག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་
                               དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སྐོར་ལ་རེ་བ་ཆེན་པོ་གསུམ་བཏོན།
                                       ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

                     
         རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ། རོང་བོ་དགོན་ཆེན་གྱི་དགོན་བདག་བླ་མ་ཤར་ཚང་གིས་གསུང་བཤད་གནང་བཞིན་པ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རོང་བོ་དགོན་ཆེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དང་དགོན་སྡེར་བསྐྱོད་པའི་སློབ་སྦྱོང་དང་དྲིལ་སྒྲོག་གི་བོད་ཡིག་ཡིག་ཆ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་བསྡུས། ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལཱིས་ཀང་གིས་འགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་སོགས་ཀྱིས་གསུང་བཤད་གལ་ཆེན་གནང་།

      ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་གྲོལ་རྗེས།  རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་ནས་ཚ་ཚ་འུར་འུར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་མགོ་བརྩམས། མཚོ་སྔོན་བོད་ཁུལ་གྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་། བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བཙུན་ཡོངས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ལག་ལེན་མཐའ་འཁྱོལ་བྱེད་པར་ཕན་པ་ཆེན་པོ་ཡོད་པར་དམིགས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་བྱ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གསུམ་གྱིས«ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ»བོད་འགྱུར་མ་དེབ་འབུམ་གསུམ་དང«ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གི་དྲིས་ལན་བརྒྱ་རྩ»ཞེས་པའི་བོད་འགྱུར་མའི་དེབ་འབུམ་གཅིག་བཅས་སྒྲིག་སྒྱུར་པར་སྐྲུན་བྱས་པ་དང་།  ཉིན་དེའི་ཚོགས་ཐོག་ཏུ་མཚོ་སྔོན་བོད་ཁུལ་གྱི་ས་ཆ་སོ་སོའི་རྒྱ་ཆེའི་ཏང་ཡོན་དང་སྡེ་མི་ཨུ་ཡོན་ལྷན་ཁང་སོ་སོ། རོང་འབྲོག་ཁྱིམ་ཚང་ཡོངས། དགོན་སྡེའི་གྲྭ་བཙུན་སོགས་ལ་མི་གྲངས་ཀྱི་མང་ཉུང་ལྟར་སྤྱི་བསྡོམས་དཔེ་ཆ་འབུམ་བཞི་ཡོད་པ་ཁ་ཚང་བདེ་བླག་ངང་བགོ་འགྲེམ་བྱས།

     ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་ལེན་མཐའ་འཁྱོལ་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་ཡུན་རིང་བོ་ཞིག་གི་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོ་ཡིན་པས། ཉིན་དེའི་མཛད་སྒོའི་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་གྱིས་བོད་བརྒྱུད་ནང་བསྟན་སྡེ་ཁག་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་སྐོར་ལ་རེ་བ་ཆེན་པོ་གསུམ་བཏོན་པ་སྟེ།

     གཅིག ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྙིང་བོར་གོ་བ་ཟབ་མོ་ལེན་དགོས།  ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་། སློབ་དཔོན། མཁན་པོ། རྒྱ་ཆེའི་གྲྭ་བཙུན་ཡོངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བླང་བྱ་ལྟར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལེགས་པོ་བྱ་དགོས་པ་དང་།  དེ་ཡང་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་སྡེ་ཁག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཐད་ཀྱི་བཞུགས་མོལ་གྲོས་ཚོགས་སྟེང་བཏོན་པའི་རེ་བ་དང་།  ཉེ་སྔོན་བསྡུས་པའི་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་ཚོགས་པའི་གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་སྡེ་ཁག་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་འབྲེལ་ཡོད་གྲོས་གཞིའི་རེ་བ་ལྟར། ས་གནས་སོ་སོ་དང་དགོན་པ་སོ་སོས་དོན་དངོས་དང་ཟུང་འབྲེལ་སྒོས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཚིག་རེ་རེ་ཕྲ་ཞིང་ཞིབ་པར་བཀླགས་ཏེ་དེའི་ནང་དོན་གྱི་སྙིང་བོ་དང་གནད་ཀྱི་གཙོ་བོ་རྣམས་རྟོགས་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཕྱིན་པའི་སྡོམ་ཚིག་གསར་བར་ངེས་ཤེས་ཟབ་མོ་ཡོད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཁོང་དུ་ཆུད་པར་བྱས་ནས་བསམ་བློ་གསར་བའི་ལོ་རྒྱུས་རང་བཞིན་དང་། ལག་ལེན་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་འབྲེལ། སློབ་སྦྱོང་གི་མ་ལག་རང་བཞིན་དང་། རྒྱུན་མཐུད་རང་བཞིན། སྤྱི་འདུས་རང་བཞིན་བཅས་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས་པར་མ་ཟད། གང་དེ་ཅི་ནུས་ཀྱིས་རང་རྒྱུད་ལ་སྦྱར་ནས་ལས་ལ་སྦྱོར་ཅི་ཐུབ་བྱས་ཏེ། བོད་བརྒྱུད་ནང་བསྟན་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་སྐུལ་སྤེལ་བྱེད་པའི་ཐད་ལ་རང་ནུས་ཀྱིས་སྟོབས་ཤུགས་ཕུལ་ནས་དཔེ་སྟོན་གྱི་ནུས་པ་འདོན་དགོས།

     གཉིས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྙིང་བོ་ལག་ལེན་མཐའ་འཁྱོལ་བྱ་དགོས།  རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཡོངས་ཀྱིས་རང་གི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་བོད་ཁུལ་ཐོལ་བརྒལ་རང་བཞིན་གྱིས་འཕེལ་རྒྱས་འགྲོ་བ་གཉིས་ཟུང་དུ་སྦྲེལ་ཏེ། འདས་པའི་ལོ་ལྔའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྨིན་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་སློབ་སྦྱོང་བྱས་ནས་ངེས་ཤེས་ཟབ་མོ་བྱེད་པ་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་སུ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དེ་བས་གསལ་བོར་རྟོགས་དགོས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཁྲོད་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྐོར་གྱི་ནང་དོན་དག་སློབ་སྦྱོང་དང་ལག་ལེན་གྱི་གནད་དུ་བཟུང་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན། ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་གསར་བ་བཅས་ཀྱི་ནང་དོན་ལ་སློབ་སྦྱོང་བྱེད་པ་དང་དམ་དུ་སྦྲེལ་ནས། དོན་གྱི་གནད་ལ་ཤིན་སྦྱངས་ལེགས་པོར་བྱས་པའི་རྨང་གཞིའི་ཐོག་རང་སྟེང་ནས་ལག་ལེན་མཐའ་འཁྱོལ་ཡོང་བར་བྱ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་རྟོན་དང་། གཞུང་ལུགས་ཡིད་རྟོན། ལམ་ལུགས་ཡིད་རྟོན། རིག་གནས་ཡིད་རྟོན་བཅས་ཡིད་རྟོན་བཞིའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ལ། ལྷག་པར་དུ་བློ་མཐུན་ཞི་ཅིན་ཕིག་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་མཐུན་སྒྲིལ་དམ་པོ་བྱས་ནས། སྲོག་ཤིང་ལ་བློ་དཀར་དང་། སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་ལ་སྲུང་སྐྱོབ། སྲོག་ཤིང་གི་རྗེས་འབྲངས་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། བོད་ཁུལ་བརྟན་བརླིང་། ཆོས་ལུགས་འཆམ་མཐུན་བཅས་ཀྱི་རྣམ་པ་ལེགས་པོ་སྔར་ལྟར་རྒྱུན་འཁྱོངས་བྱ་དགོས།

     གསུམ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ཡང་དག་པ་བྱ་དགོས།   སྤྲུལ་སྐུ་ནི་དགོན་པའི་གནད་འགག་དང་། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ནི་དགོན་པའི་དོ་དམ་གྱི་བདག་པོ་ཡིན་པ། སྤྲུལ་སྐུ་རྣམ་པ་དང་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དགོན་པར་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་པའི་བླང་བྱ་ལྟར། རང་ཉིད་ནས་འགོ་བརྩམ་སྟེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་དགོས་ལ།  དགོན་པ་སོ་སོའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དགོན་པར་བསྐྱོད་པའི་བྱ་འགུལ་གྱི་སྔོན་བསྐྱོད་པ་དང་སྣེ་ཁྲིད་པ་ཡིན་པས།  ཚང་མས་རང་འགུལ་གྱིས་ཟུར་ཁྲིད་པ་དང་ཆབ་སྲིད་ཁྲིམས་ལུགས་བསླབ་བྱའི་དགེ་རྒན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱད་ཆོས་འབུར་ཐོན་སྒོས་རང་རེའི་དགོན་སྡེ་དང་དད་ལྡན་མང་ཚོགས་ཁྲོད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ཡང་དག་པ་བྱས་ནས། ཁྱབ་ཆེ་ས་ནས་རྒྱུན་ཆད་མེད་པར་སེར་སྐྱ་མང་ཚོགས་ཀུན་གྱི་རྒྱལ་གཅེས་ཁྲིམས་བརྩི་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོར་གཏོང་དགོས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣ་དང་བོད་ཁུལ་གྱི་དད་ལྡན་མང་ཚོགས་ཀུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ལ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱ་བར་ནུས་པ་ཆེན་པོ་བཏོན་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་བྱས་རྗེས་བླ་མེད་འཇོག་དགོས།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-16 01:33 , Processed in 2.506530 second(s), 21 queries .

返回顶部