博客西藏在最高处过一种生活

日志

༄༅།།རྒྱལ་ཁབ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང ...

已有 144 次阅读2017-8-9 09:03 |系统分类:娱乐


                    ༄༅།།རྒྱལ་ཁབ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁྲང་ཕིང་གིས་               
                           མཚོ་སྔོན་གྱི་མི་རིགས་རིག་གནས་དང་མི་རིགས་གསོ་རིག་བྱ་བར་རྟོག་ཞིབ་བྱས།
                                              ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

                                 
 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་གཅིག་ཉིན། རྒྱལ་ཁབ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁྲང་ཕིང་སོགས་ཀྱིས་མཚོ་སྔོན་གྱི་མི་རིགས་རིག་གནས་དང་མི་རིགས་གསོ་རིག་བྱ་བར་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡཱང་ཧྥིན་ཁྲོན་གྱིས་མཉམ་དུ་རྟོག་ཞིབ་བྱས།

      ལིས་ཁྲང་ཕིང་སོགས་སྔ་གཞུག་ཏུ་ཐུན་རིན་རྫོང་ཀླུ་སྒྲུབ་གླིང་དང་རེབ་གོང་སྒྱུ་རྩལ་རྟེན་མཛོད་གླིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། ཞིང་ཆེན་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་རྟེན་མཛོད་གླིང་སོགས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས། ལིས་ཁྲང་ཕིང་གིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རིག་གནས་དང་མི་རིགས་གསོ་རིག་སྨན་རྫས་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་བསམ་བློ་གསར་བ་དང་རེ་བ་གསར་བ་ཁྱོན་ཡོངས་ནས་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཆེན་པོ་ལག་ལེན་མཐར་ཕྱིན་བྱེད་པ། བྱེད་ཐབས་དང་འདྲེན་བྱེད་རྒྱུན་མ་ཆད་པར་གསར་གཏོད་བྱེད་པ། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་མཉམ་བསྲེས་བྱས་ནས། སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་དང་འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་བྱེད་དགོས། བོད་ལུགས་གསོ་རིགས་སྨན་རྫས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དང་། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དེ་དེབ་རབས་ཚན་རྩལ་གྱི་བྱེད་ཐབས་བཀོལ་ནས་འགྲེལ་བཤད་གསལ་བོ་བྱེད་པ། བོད་ཁུལ་གྱི་རྒྱུན་མཐོང་ནད་རིགས་དང་བྱུང་ཚད་མང་བའི་ནད་རིགས། ཁུལ་ཁོངས་རང་བཞིན་གྱི་ནད་རིགས་སོགས་སྨན་བཅོས་བྱེད་པར་དམིགས་ནས་སྨན་རྫས་གསར་བ་ཞིབ་འཇུག་དང་གསར་བཟོ་བྱེད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་བོད་ལུགས་གསོ་རིག་སྨན་རྫས་དང་མི་རིགས་གསོ་རིག་སྨན་རྫས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་དགོས་ཟེར། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-15 14:26 , Processed in 0.275791 second(s), 21 queries .

返回顶部