博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་ལས་གཞིའི་མ་དངུལ ...

已有 114 次阅读2017-8-9 08:55 |系统分类:娱乐


                                   ༄༅།།མཚོ་སྔོན་ཞིང་ཆེན་གྱི་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པའི་
                                            བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
                                          ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 

                                    

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཟླ་དང་པོ་ནས་ཟླ་བདུན་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པའི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

      ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པའི་དམིགས་འབེན་ལས་འགན་ལག་བསྟར་ནན་མོ་བྱེད་པའི་ཐད་ནས་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ལ། ལྷག་པར་དུ་ད་ལོར། རྒྱལ་ཁབ་ཀྱི་མ་དངུལ་བགོ་བཤའ་བྱེད་སྟངས་ལ་བཅོས་བསྒྱུར་བྱེད་པ་སོགས་ཀྱི་གནས་ཚུལ་གསར་བ་ལག་ལེན་མཐར་ཕྱིན་བྱས་པས། ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།

      ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། གནས་བབ་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྗེས་འདེད་ལག་བསྟར་ལ་དམ་འཛིན་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། བྱ་བའི་གྲ་སྒྲིག་བཟང་བོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་འགྲོ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ཁྱད་འཕགས་རང་བཞིན་རྒྱུ་རྐྱེན་སྔོག་འདོན་བཟང་བོ་བྱེད་པ། ལས་གཞིའི་མཛོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། མ་དངུལ་བརྩོན་ལེན་བྱེད་པའི་ཚད་ཇེ་མཐོར་གཏོང་དགོས། ཆ་འཕྲིན་ལམ་བུ་རྒྱ་བསྐྱེད་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་ཁབ་པུའུ་ཨུ་དང་འབྲེལ་ཡོད་ཕྱོགས་བར་གྱི་བརྗེ་རེས་འབྲེལ་འདྲིས་དང་མཐུན་སྦྱོར། སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་ཟེར།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-9-25 05:19 , Processed in 0.275824 second(s), 21 queries .

返回顶部