博客西藏在最高处过一种生活

日志

༄༅།། ལེགས་བཤད་འདི་དག་མ་ཤེས་ན་གྱོང་ཡིན། ... ...

热度 1已有 70 次阅读2017-8-7 19:49 |系统分类:文化


༄༅།། ལེགས་བཤད་འདི་དག་མ་ཤེས་ན་གྱོང་ཡིན།

  ཡོང་ཁུངས།    ཐུ་བྷོད།    རྩོམ་པ་པོ།   དུང་དཀར་ཡོན་ཏན་རྒྱ་མཚོ། 


 

      བོད་པའི་ན་གཞོན་ཁ་ཕྱོགས་མེད་མཁན་ཚོ་གློག་བརྙན་དང་སྤྱི་ཚོགས་ཀྱི་བསླུ་བྲིད་ཀྱི་བསམ་བློའི་འོག་སོང་ནས་རྩ་བའི་འོས་འགན་བརྗེད་མི་སྲིད་པ་མིན་པས།  ཐོག་མ་ནས་རང་ཚུགས་ཐུབ་པའི་བོད་ཀྱི་རིག་གཞུང་ལ་སློབ་རྒྱུ་དེ་གལ་ཆེན་པོ་རེད། དུང་དཀར་བས།    

      བོད་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་མདུན་ལམ་ཡོད་ཚད་བོད་མི་ཡོངས་རྫོགས་དང་ལྷག་པར་དུ་ན་གཞོན་ཤེས་ཡོན་ཅན་གང་ཡོད་པ་དེ་དག་ལ་འགན་ཡོད་པ་ཞིག་ལས་སྙན་གྲགས་དང་ཁྲི་མཐོ་པོར་འདུག་མཁན་ཁོ་ནའི་ལས་ཤིག་རྩ་བ་ནས་མིན། དུང་དཀར་བས།      

      བོད་ཀྱི་ཕྲུ་གུ་ཚོས་རང་གི་ཕ་ཡུལ་དང་རུ་སྡེ། ཁྱད་པར་དུ་ཕ་མའི་སྐྱེ་ཁུངས་ལོ་རྒྱུས་སོགས་ཤེས་རྒྱུ་ཧ་ཅང་གི་གལ་ཆེ། དེ་མིན་ན་ཕ་ཡུལ་དང་མི་རིགས་ཕ་མ་བཅས་ལ་ཤ་ཚའི་འགན་དེ་ཐེག་རྒྱུ་དཀའ་མོ་ཡིན། དུང་དཀར་བས།

      ཤེས་ཡོན་དང་ཀུན་སྤྱོད་གཉིས་ཐ་ཤལ་ཡིན་པའི་མི་རིགས་སམ་གྲོགས་པོ་དང་འགྲོགས་ནས་སློབ་གྲྭར་འགྲོ་བ་ལས་མ་སོང་ན་བཟང་། དུང་དཀར་བས། 

      ལོ་ན་གཞོན་དུས་ནས་སྐད་ཡིག་དང་རིག་གཞུང་ལ་མ་སློབ་པར་ཕྱིས་སུ་འགྱོད་པ་སྐྱེ་སྐབས་ངོ་ཚ་དང་མཉམ་དུ་འཆི་རྒྱུ་ལས་ལྷག་མེད། དུང་དཀར་བས། 

      མི་རིགས་དང་སྐད་ཡིག་གི་ལོ་རྒྱུས།  དེའི་རིན་ཐང་དང་འདས་དོན་སོགས་ཤེས་ན་ང་རང་བོད་པ་ཡིན་སྙམ་པའི་སྤོབས་པ་དང་ལྡན་ཞིང་འགན་འཁྲིའི་འདུ་ཤེས་ཟབ་པའི་བོད་མི་གཙང་མ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཧ་ཅང་ཆེ། དུང་དཀར་བས།

      གསོལ་མཆོད་དང་རིམ་གྲོ་ཙམ་གྱིས་དངོས་གྲུབ་ཁོ་ན་ཐོབ་ཏུ་རེ་ནས་མི་འདུག་པར་ལག་ལེན་གྱི་ལས་ལ་འཇུག་རྒྱུ་གལ་ཆེ། དུང་དཀར་བས།

      གསར་གཏོད་དང་དེང་རབས་ཞེས་རྒྱུག་རྒྱུ་མང་དྲགས་ན་བོད་རང་གི་ཐུན་མིན་གྱི་རིག་གནས་དག་བརླག་རྒྱུའི་ཉེན་ཁ་ཆེ་བས་རྗེས་རབས་པ་ཚོས་བསམ་བློ་གཏོང་དགོས། དུང་དཀར་བས།

      སེམས་ཀྱི་ཡར་རྒྱས་དེ་ཡ་རབས་བཟང་སྤྱོད་ཅིག་ལས་འཚོལ་དགོས་པ་ཡིན་དུས།  ཡང་དག་པའི་བསྟན་བཅོས་ལ་སློབ་སྦྱོང་དང་ཆོག་ཤེས་གཏན་ནས་བྱེད་མི་རུང་བ་དེ་ཡིན། དུང་དཀར་བས།

      ནང་བསྟན་གྱི་ལྟ་བ་རྩ་ཆེན་པོ་ཡིན་པ་རྒྱུ་མཚན་དུ་བྱས་ནས་གཞུང་དཔེ་དག་མཆོད་ཁང་དུ་བསྒྲིགས་ཏེ་བཞག་བཞག་ན་རྩ་ཆེན་པོ་ཡིན་པའི་རིན་ཐང་དེ་མ་ཤེས་པ་རེད།  དུང་དཀར་བས།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།



 

发表评论 评论 (2 个评论)

回复 pari 2017-8-10 22:24
给根秋多吉先生,你在《阿巴阿洛:从理塘走出的藏族“双料”将军》文章中提到“藏族原本没有姓”是错误的,请不要误导视听读者。-作者:文/根秋多吉 图/理塘阿批提供编辑:喜热布更新时间:2017年08月09日 12:36:58来源:本站原创藏人文化网
回复 ljh8520035 2017-8-11 21:56
pari 2017-8-10 22:24
给根秋多吉先生,你在《阿巴阿洛:从理塘走出的藏族“双料”将军》文章中提到“藏族原本没有姓”是错误的,请不要误导视听读者。-作者:文/根秋多吉 图/理塘阿批提供编辑:喜热布更新时间:2017年08月09日 12:36:58来源:本站原创藏人文化网

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-9-25 05:20 , Processed in 0.282083 second(s), 22 queries .

返回顶部