博客西藏在最高处过一种生活

日志

༄༅།། རྒྱལ་རོང་ས་ཁུལ་གྱི་ཆོས་ལུགས་དང་དགོན ...

已有 195 次阅读2017-8-4 08:17 |系统分类:文化


                                      ༄༅།། རྒྱལ་རོང་ས་ཁུལ་གྱི་ཆོས་ལུགས་དང་དགོན་སྡེ།
                                   ཡོང་ཁུངས།  ཀྲུང་གོ་བོད་ཀྱི་བོད་ཀྱི་དྲ་བ།  རྩོམ་པ་པོ།  མི་གསལ

       བོན་ཆོས་དང་དགོན་སྡེ།  རྒྱལ་རོང་ས་ཁུལ་དུ་བོན་ཆོས་དར་བའི་ལོ་ཚིགས་སྐོར་དམངས་ཁྲོད་དང་བོན་གྱི་རིག་གཞུང་དག་གི་ནང་དུ་བཞེད་ཚུལ་སྣ་ཚོགས་མཆིས་ཏེ། མི་ལ་ལས་བོན་ཆོས་ནི་རྒྱལ་རོང་ཡུལ་ནས་བྱུང་ཞིང་འཕེལ་བར་སྙམ་པ་དང་། ཡང་ལ་ལས་བོད་རྒྱལ་གདུང་རབས་བརྒྱད་པ་གྲི་གུམ་བཙན་པོ་སྟེ་སྤྱི་ལོ་སྔོན་གྱི་༥༤༥ནས༥༠༥ཡི་བར་དུ། བོན་གཤེན་ཐ་སྟག་ཁྱུང་འཕགས་ཁྲ་མོ་རྒྱལ་རོང་དུ་བོན་ཆོས་སྤེལ་སར་ཕེབས་པ་དང་ཆུ་ཆེན་གཡུང་དྲུང་ལྷ་སྟེང་དགོན་བཏབ་པར་གྲགས། ཡང་ལ་ལས་བོད་རྒྱལ་གདུང་རབས་དགུ་པ་སྤུ་དེ་གུང་རྒྱལ་(སྤྱི་ལོ་སྔོན་གྱི་༥༠༥ནས༤༦༥ཡི་བར་དུ)གྱི་སྐུ་རིང་དུ། བོན་གཤེན་ལེགས་གཏང་རྨང་པོས་བོན་གཏེར་པོ་ཏི༣༥་དམུ་རྡོ་ལྷ་རིའི་བྲག་ཕུག་ཏུ་སྦས་ཤིང་། རྗེས་སུ་གྱེར་རྡོ་སྨད་ཀྱིས་གཏེར་འདོན་ཞིང་ཀུན་ཏུ་བསྒྲགས་པས་རྒྱལ་རོང་དུ་བོན་ཆོས་ཧ་ཅང་དར་བར་གྱུར། ཡང་ལ་ལས་སྤྱི་ལོ་དུས་རབས་བདུན་པར་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཡོངས་གཅིག་གྱུར་བཏང་བའི་སྐབས་སུ། བོན་ཆོས་ནི་པུར་རྒྱལ་བཙན་པོའི་དམག་དཔུང་དང་བསྡེབས་ཏེ་རྒྱལ་རོང་དུ་ཁྱབ་ཡོང་བ་མ་ཟད་རིམ་གྱིས་ཡུལ་དེར་འཕེལ་ཞིང་རྒྱས་པ་རེད་ཟེར། ད་རུང་ལ་ལས་དུས་རབས༨པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་པའི་སྐབས་སུ་བོན་གཤེན་མང་པོ་ཞིག་དབུས་གཙང་ནས་བོན་གྱི་གསུང་རབ་གླེགས་བམ་མང་པོ་ཁྱེར་ནས་རྒྱལ་རོང་དུ་བྲོས་ཡོང་བ་དང་། ཕྱིས་སུ་བོན་གཤེན་དེ་དག་གིས་ཡུལ་དེར་དགོན་པ་བཏབ་ཅིང་ཆོས་སྤེལ་བས། རྒྱལ་རོང་ཡུལ་དུ་བོན་ཆོས་ཆེས་དར་བར་གྱུར་བ་རེད་སོགས་བཞེད་ཚུལ་མང་པོ་ཡོད་དོ།།


                     640.webp.jpg

      རྒྱལ་རོང་ཡུལ་དུ་བོན་ཆོས་དར་བའི་དུས་ནས་བཟུང་། རྒྱ་ཆེ་བའི་འབངས་མི་སེར་རྣམས་ཀྱིས་བོན་ཆོས་ལ་དད་མོས་ཆེ་ཆེས་བྱས་ཕྱིར། རྒྱལ་ཁག་བཅོ་བརྒྱད་ཀྱི་མངའ་འོག་ཏུ།བོན་ཆོས་ནི་དུས་ཡུན་རིང་པོ་ཞིག་གི་ནང་དུ་ཆོས་ལུགས་གཙོ་བོར་གྱུར་ནས། བོད་གངས་ཅན་ཡུལ་གྱི་བོན་ཆོས་ཀྱི་ལྟེ་སའི་ཡ་གྱལ་ཞིག་ཏུ་གྱུར། ཆིན་རྒྱལ་རབས་ཀྱི་ཆན་ལུང་གོང་མའི་དུས་ནས་བཟུང་སྟེ།  ཆན་ལུང་གོང་མས་ཆུ་ཆེན་རབ་བརྟན་རྒྱལ་པོར་དམག་དྲངས་ནས་དྲག་ཤུགས་ཀྱིས་བོན་ཆོས་བསྣུབས་ཏེ་སངས་རྒྱས་ཆོས་སྤེལ་བ་དང་། བོན་གྱི་དགོན་པ་གཙོ་བོ་གཡུང་དྲུང་ལྷ་སྟེང་དགོན་བཙན་ཤེད་ཀྱིས་གྲུབ་མཐའ་རི་བོ་དགེ་ལྡན་པའི་ལུགས་སུ་བསྒྱུར་ནས་དགའ་ལྡན་ཆོས་འཕེལ་གླིང་ཞེས་མིང་བཏགས་ཤིང་།དུས་དེ་ནས་བཟུང་།རྒྱལ་རོང་ཡུལ་གྱི་བོན་ཆོས་ལ་སྔར་མེད་ཀྱི་ཉེས་སྐྱོན་ཚབས་ཆེན་ཕོག་པ་མ་ཟད།བོན་ཆོས་ནི་རྒྱལ་རོང་ཡུལ་དུ་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས་པ་ཡིན་ན་ཡང་བོན་ཆོས་ལ་རྒྱལ་རོང་བོད་མིའི་ཁྲོད་དུ་སྤྱི་ཚོགས་དང་མང་ཚོགས་ཀྱི་རྨང་གཞི་གཏིང་ཟབ་ལྡན་པའི་ཕྱིར།རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་པོ་རྣམས་ཀྱིས་དུས་ཡུན་རིང་པོར་བོན་ལུགས་ལ་བརྟེན་ནས་དབང་བསྒྱུར་བྱེད་པ་དང་།གཡུང་དྲུང་ལྷ་སྟེང་དགོན་ནི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ལྟེ་བར་གྱུར་ཞིང་། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མངའ་ཁོངས་སུ་བན་བོན་ནི་ཕྱོགས་རིས་མེད་ཅིང་མི་སེར་རྣམས་ནི་རང་གི་འདོད་མོས་ལྟར་བན་བོན་གང་ལ་དད་ཀྱང་བཀག་སྡོམ་བྱེད་མཁན་མེད་པས།དེའི་དུས་སུ་རྒྱལ་རོང་ཡུལ་ནི་ཆོས་ལུགས་དང་ཆོས་ལུགས། གྲུབ་མཐའ་དང་གྲུབ་མཐའི་དབྱེ་བ་མེད་པར་འཆམ་མཐུན་གྱི་ཆོས་དད་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད།

      རྒྱལ་རོང་ཡུལ་གྱི་བོན་གྱི་དགོན་སྡེ་གཙོ་བོ་གཡུང་དྲུང་ལྷ་སྟེང་དགོན་པ་སོགས་དང་ནང་ཆོས་ཀྱི་དགོན་པའི་མིང་དང་གྲུབ་མཐའ་འམ་ཆོས་རྒྱུད་ཀྱི་མིང་རྣམས་གཤམ་གསལ།


                     640.webp (1).jpg

      དེང་གི་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་དགོན་པ། རྣམ་འཕེལ་རྫོང་གི་མངའ་ཞབས་ཀྱི་དགོན་མིང་སྟེ།རྩུབ་མ་དགོན་པ(གཡུང་དྲུང་བོན)།  ས་ཡུལ་དགོན་པ(གཡུང་དྲུང་བོན)།  གདོང་དཔེ་དགོན་པ (གཡུང་དྲུང་བོན)། དར་རྒྱས་དགོན་པ(གཡུང་དྲུང་བོན)པོ།  རབ་དབེན་དགོན་པ(གཡུང་དྲུང་བོན)།   དཔལ་ལྡན་དགོན་པ(ས་སྐྱ)།   སྤྱང་ཚ་དགོན་པ(ས་སྐྱ)  སྟག་ལོ་དགོན་པ(ས་སྐྱ)། སྦྱར་བ་དགོན་པ(ས་སྐྱ)བཅས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན་ནོ།   །  

       ཁྲོ་ཆུ་རྫོང་གི་མངའ་ཞབས་ཀྱི་དགོན་མིང་སྟེ།ས་སྟོད་དགོན་པ(རྙིང་མ) །  བདེ་ཆེན་གླིང་དགོན་པ(རྙིང་མ)།  བདེ་ཆེན་གླིང་གྲྭ་ཚང་དགོན་པ(དགེ་ལུགས)། མཐོ་ས་གོང་འཕེལ་དགོན་པ(དགེ་ལུགས)། ཀླུ་བཟོད་དགོན་པ(དགེ་ལུགས)། སྤྱི་བྷ་དགོན་པ(བཀའ་བརྒྱུད)། གཉན་གཙོ་དགོན་པ(གཡུང་དྲུང་བོན)།  དབོ་སྒྲི་དགོན་པ(དགེ་ལུགས)།  ཀླུ་སྒམ་བཀྲ་ཤིས་དགོན་པ(ཆོས་རྒྱུད་མི་ཤེས)།  ཀོ་སྦ་དགོན་པ(རྙིང་མ)།  བོའི་འུར་དགོན་པ(གཡུང་དྲུང་བོན )།  ར་ཝོ་དགོན་པ(གཡུང་དྲུང་བོན )།  རི་དྡྷི་དགོན་པ(གཡུང་དྲུང་བོན )་བཅས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན་ནོ།   །  

       འབར་ཁམས་རྫོང་གི་མངའ་ཞབས་ཀྱི་དགོན་མིང་སྟེ་ཛ་འགོ་དགོན་པ(ཇོ་ནང )། །པྰ་ལ་དགོན་པ(ཇོ་ནང )།  འགྲམ་དགོན་པ(རྙིང་མ)།  ཡུམ་འདུས་དགོན་པ(ཇོ་ནང )།  ཁང་གསར་དགོན་པ(ཇོ་ནང )། བཀྲ་ཤིས་སྒང་དགོན་པ(ཇོ་ནང)།  ཚོ་བདུན་དགོན་པ(དགེ་ལུགས)།  བཀའ་ཁྱབ་དགོན་པ(གཡུང་དྲུང་བོན )།  ལྕགས་མོ་དགོན་པ(རྙིང་མ)།  སྤུན་དགུ་དགོན་པ(རྙིང་མ)།  ཐབས་དགོན་པ(རྙིང་མ)། བྱ་རོང་དགོན་པ(རྙིང་མ)།  ཨོ་བུན་དགོན་པ(རྙིང་མ)།  ཏིབ་ཅབ་དགོན་པ(དགེ་ལུགས)། མཚམས་གནས་དགོན་པ(རྙིང་མ)།  ད་ཚང་དགོན་པ(དགེ་ལུགས)། ལྷར་ཡག་དགོན་པ(ཇོ་ནང )།  མཛར་ཏེ་དགོན་པ(དགེ་ལུགས)།  སྦས་གཏེར་དགོན་པ(ས་རྙིང་འདྲེས་མ )  ། གཟིགས་སྤྲོ་དགོན་པ(བཀའ་རྒྱུད ) ། འོད་ཟེར་དགོན་པ(རྙིང་མ)། ཐོད་མགོ་དགོན་པ(རྙིང་མ)།  སྒོ་ཡག་དགོན་པ(རྙིང་མ)།  འབོ་ལ་དགོན་པ(གཡུང་དྲུང་བོན )། འོད་འདུས་དགོན་པ(རྙིང་མ)།  ཚ་ཁོ་དགོན་པ(སྔོན་ཆད་རྙིང་མ་རེད་ཀྱང་ད་ལྟ་དགེ་ལུགས་རེད) ། སའི་སོ་དགོན་པ(རྙིང་མ)།  བཀྲ་ཤིས་དགོན་པ(རྙིང་མ)།  ཀ་མཆོག་དགོན་པ(རྙིང་མ)།  གཡུང་དྲུང་དགོན་པ(གཡུང་དྲུང་བོན )།  འབར་ཁམས་དགོན་པ(གཡུང་དྲུང་བོན )།  འབུམ་ཁུར་དགོན་པ(རྙིང་མ)།  ཕ་བླ་དགོན་པ(རྙིང་མ)།  ཕུག་སྟོད་དགོན་པ(རྙིང་མ)། ཆུ་ཕོ་དགོན་པ(རྙིང་མ)། རྣམ་རྒྱལ་སྟེང་དགོན་པ(བཀའ་རྒྱུད)། ཀྱང་རྒང་དགོན་པ(ཇོ་ནང )། སེ་ར་དགོན་པ(ཇོ་ནང )།  འབོ་ཀ་འབྲུག་དགོན་པ(ཇོ་ནང )།  ཤུམ་མདའ་དགོན་པ(ཇོ་ནང )།  ཡོངས་འདུས་དགོན་པ(ཇོ་ནང )།   སྣར་འདུས་དགོན་པ(ཇོ་ནང )།  བཙག་དགོན(ཇོ་ནང )། ཀྱོ་དག་དགོན་པ(རྙིང་མ)།  དུང་འབོད་དགོན་པ(རྙིང་མ)། ཤྐན་ཏོ་དགོན་པ(རྙིང་མ)།  ཀམ་ཀྱོ་དགོན་པ(རྙིང་མ)།  ཚེ་དཔལ་དགོན་པ(དགེ་ལུགས)།  པིན་ཅིན་དགོན་པ(དགེ་ལུགས)། གྷོ་ལམ་དགོན་པ(རྙིང་མ)། གཙོ་བོ་དགོན་པ(རྙིང་མ)།  སི་གྲྭ་དགོན་པ(རྙིང་མ)། གོ་ཡུལ་དགོན་པ(རྙིང་མ)།  མེ་ཏོག་དགོན་པ(རྙིང་མ)།  དགོན་གསར་དགོན་པ(རྙིང་མ)།  སྐྱོགས་འབོ་དགོན་པ(ས་སྐྱ)།  ལྷ་ཚེ་དགོན་པ(བཀའ་རྒྱུད)།  ཀམ་མྱོས་དགོན་པ(ཇོ་ནང )།  རྒྱུས་དགོན་པ(གཡུང་དྲུང་བོན )།  མུ་རྩེ་དགོན་པ(རྙིང་མ)། མཉམ་མཁས་དགོན་པ། ཆོས་རྒྱུད་མི་ཤེས།  ཆུ་འཁོར་གླིང་གི་དགོན་པ། ཆོས་རྒྱུད་མི་ཤེས།   བན་དེ་ལུང་དགོན་པ(རྙིང་མ)།  སྔོན་བཏབས་བསམ་གཏན་གླིང་(རྙིང་མ)།  འབྱར་དགོན(ས་སྐྱ)།  དགོན་གསར་དགོན་པ(གཡུང་དྲུང་བོན)།  ཀ་ཅ་དགོན་པ(གཡུང་དྲུང་བོན)། མུ་ངེ་དགོན་པ(གཡུང་དྲུང་བོན)།  མདོ་གཡས་དགོན་པ(རྙིང་མ)།  ཚེ་དཔལ་ལྷ་ཁང་(གཡུང་དྲུང་བོན)་བཅས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན་ནོ།   །  


                      

      ཆུ་ཆེན་རྫོང་གི་མངའ་ཞབས་ཀྱི་དགོན་མིང་སྟེ། ཐུགས་རྗེ་ཆེན་པོའི་དགོན་པ(རྙིང་མ)། བཟོད་སྒོམ་དགོན་པ(གཡུང་དྲུང་བོན)། ཇ་ཁེ་དགོན་པ(རྙིང་མ)། མདོ་ཆེན་དགོན་པ(རྙིང་མ)། སེང་སེང་དགོན་པ(རྙིང་མ)། རྫེ་ཐ་གནམ་མཚོ་དགོན་པ(རྙིང་མ) ཀ་ཁོང་རྡོ་སྒ་དགོན་པ(རྙིང་མ)།  གཟི་རོ་གཞུ་ཤུབས་དགོན་པ(རྙིང་མ)། སྐྱ་པའི་དགོན་པ(རྙིང་མ)།  ཀ་ར་དགོན་པ(རྙིང་མ)།  ཕུ་ཏུམ་དགོན་པ(རྙིང་མ)།  བླ་མེད་དགོན་པ(གཡུང་དྲུང་བོན)།  བཤད་སྒྲུབ་དར་རྒྱས་དགོན་པ(རྙིང་མ)། ཁྱུང་དགོན(གཡུང་དྲུང་བོན)།  ཨ་ལར་དགོན་པ(རྙིང་མ)།  མཚོ་སྟེང་དགོན་པ(གཡུང་དྲུང་བོན)། ཤར་དགའ་གླིང་དགོན་པ(རྙིང་མ)། གཡུང་དྲུང་ལྷ་ལྡིང་དགོན་པ(གཡུང་དྲུང་བོན)། སིདྡྷི་དགོན་པ(རྙིང་མ)།  བྲག་དབེན་དགོན་པ(གཡུང་དྲུང་བོན)བཅས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན་ནོ།   །  

      བཙན་ལྷ་རྫོང་གི་མངའ་ཞབས་ཀྱི་དགོན་མིང་སྟེ།བྲག་ནག་དགོན་པ(དགེ་ལུགས)།  ཏ་ཝེ་དགོན་པ(དགེ་ལུགས)། མི་ཕམ་དགོན་པ(དགེ་ལུགས)།  མར་ལེ་དགོན་པ(དགེ་ལུགས)།  བྱེ་སྨད་དགོན་པ(དགེ་ལུགས)། ད་ཕན་དགོན་པ(རྙིང་མ)།  མ་ངན་དགོན་པ(དགེ་ལུགས)།སེང་གེ་དགོན་པ(དགེ་ལུགས)། ཞི་ལོ་དགོན་པ(དགེ་ལུགས)་བཅས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན་ནོ།   །  

      བཀྲ་ཤིས་གླིང་རྫོང་གི་མངའ་ཞབས་ཀྱི་དགོན་མིང་སྟེ།སྟག་བཏགས་དགོན་པ(དགེ་ལུགས)།  བསམ་གཏན་དགོན་པ(རྙིང་མ)།  བྱམས་པ་དགོན་པ(དགེ་ལུགས)། ཀ་ཐོག་བསམ་གཏན་དགོན་པ(རྙིང་མ)བཅས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན་ནོ།   །  

      ཁྲི་ཚང(汶川)རྫོང་གི་མངའ་ཞབས་ཀྱི་དགོན་མིང་སྟེ།སན་ཅང་དགོན་པ(དགེ་ལུགས)།  འོད་ལུང་ཧ་ཧུང་ཧྲུའུ་དགོན་པ(དགེ་ལུགས)། གསེར་རླབས་དགོན་པ(དགེ་ལུགས)བཅས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན་ནོ།   ། 


                     640.webp (3).jpg

       དེང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཞབས་ཀྱི་དགོན་པ།  རོང་བྲག་རྫོང་གི་དགོན་མིང་སྟེ། དགའ་ལྡན་ཕུན་ཚོགས་གླིང་(དགེ་ལུགས)། བཀྲ་ཤིས་ཆོས་གླིང་དགོན(རྙིང་མ)། གཡང་དྲུང་དར་གླིང(གཡུང་དྲུང་བོན )།  ཁྱུང་ལུང་དགོན་པ(གཡུང་དྲུང་བོན )།  ཐུབ་ཆེན་གསང་སྔགས་གླིང་(དགེ་ལུགས)།   ཨ་སྐྱབས་མཆོད་རྟེན་དགོན(དགེ་ལུགས)། བཀྲ་ཤིས་རིན་ཆེན་གླིང་(དགེ་ལུགས)། བཅའ་རྡོ་ལོ་དགོན་པ(གཡུང་དྲུང་བོན)།  མདོ་བཞི་མོ་དགོན་པ(གཡུང་དྲུང་བོན )།  འོད་གསལ་བཤད་སྒྲུབ་གླིང་(རྙིང་མ)།  མ་ཧྰ་ལྕུམ་ལུང་དགོན་པ(རྙིང་མ)།  འོ་དྷི་དགོན་པ(རྙིང་མ)།  གཤེན་རབ་གླིང་དགོན་པ(གཡུང་དྲུང་བོན )།  གླིང་ཆེན་ཆོས་གླིང་(རྙིང་མ)། ཐུབ་བསྟན་ཕན་བདེ་གླིང་(རྙིང་མ)།  གནས་འགོ་དགོན་པ(གཡུང་དྲུང་བོན )། ར་ཅོ་དགོན་པ(རྙིང་མ)། མི་རྗེས་དགོན་པ(ས་སྐྱ)།  གཡུང་དྲུང་བདེ་ཆེན་གླིང་(གཡུང་དྲུང་བོན)།  མཁར་རོ་དགོན་པ(གཡུང་དྲུང་བོན)། གཡུང་དྲུང་ཆོས་འཁོར་དགོན་པ(གཡུང་དྲུང་བོན)།  ཕུ་གུ་ལུང་དགོན་པ(གཡུང་དྲུང་བོན)།  མི་ཕམ་རྣམ་རྒྱལ་གླིང་(གཡུང་དྲུང་བོན)།  གླིང་ཆེན་དགོན་པ(དགེ་ལུགས)།  ས་བླ་འགོ་དགོན་པ(རྙིང་མ)།  དགའ་ལྡན་ཕུན་ཚོགས་གླིང་(དགེ་ལུགས)།  གསང་སྔགས་རབ་བརྟན་གླིང་(རིས་མེད )།  མཆོད་རྟེན་ས་དགོན(དགེ་ལུགས)།  པ་སྤར་ས་བླ་དགོན་པ(དགེ་ལུགས)་སོགས་ཀྱི་ཆོས་རྒྱུད་འཛིན་ས་རྣམས་ཡིན།   གཞན་རོང་བྲག་རྫོང་དུ་གཡུ་སྒྲ་དམུ་རྡོ་ལྷ་ཁང་དང་མགོན་ཁང་སོགས་དུ་མ་ཡོད་པ་ཡིན་ནོ།།

      དར་མདོ་རྫོང་གི་དགོན་མིང་སྟེ། རྡོ་རྗེ་བྲག་དགོན་པ།  རྙིང་མ་བ།  རྡོར་བྲག་དགོན་པ། རྙིང་མ་བ།(ཤུལ་དུ་དར་མདོ་རྫོང་གི་སློབ་གསོ་ཅུས་ཀྱི་ཁང་པ་བརྒྱབ་ཡོད།) ལྔ་མཆོད་དགོན་པ།  དགེ་ལུགས་པ།  ལྷ་མོ་རྩེ་དགོན་པ།  དགེ་ལུགས་པ།  ས་སྐྱ་དགོན་པ། ས་སྐྱ་བ།(ཤུལ་དུ་དར་མདོ་རྫོང་གི་ཡུལ་དམངས་སྡོད་གནས་ཁང་བརྒྱབ་ཡོད་པ་ཡིན།)ངོར་པ་དགོན་པ། ས་སྐྱ་བ། (ཤུལ་དུ་དཀར་མཛེས་ཁུལ་ཡིག་ཚགས་ཅུས་ཀྱི་ལས་ཁུངས་ཀྱི་ཁང་པ་རྣམས་ཡོད།)ཡིད་སྐྱོང་དགོན་པ། (ཁ་སྐད་ལ་ཡིག་ཆུང་དགོན་པའང་ཟེར།) རྙིང་མ་བ། (ཤུལ་དུ་དར་མདོ་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་པའི་སྡོད་ཁང་བརྒྱབ་ཡོད།)དྲེལ་ལོ་དགོན་པ།   བོན་པོ།  འཕང་མདའ་དགོན་པ།  བོན་པོ།  ལ་རྒྱབ་དགོན་པ། བོན་པོ།  དབུས་ཐང་དགོན་པ།  རྙིང་མ་བ།  གཞན་ཡང་སྐུང་ཡུལ་དང་འགུ་ཐང་བཅས་ཀྱི་དགོན་པའི་མིང་རྣམས་ཀྱང་བྲིས་ཡོད།  དེ་མིན་གྱི་ཤར་རྒྱུ་ལ་ཁྲ་མོ་ཡན་ཆད་ཀྱི་དགོན་པ་རྣམས་ཀྱི་མིང་འདིར་བྲིས་མེད་རྗེས་སུ་མི་ཉག་ལོ་རྒྱུས་ནང་དུ་གཟིགས་དང་མཁྱེན་པར་འགྱུར་རོ།   །

      དེ་མིན་དབྱི་སི་ལན་ཆོས་ལུགས་ཀྱི་ལྷ་ཁང་ནི་བཙན་ལྷ་རྫོང་གི་ཁོངས་སུ་ཡང་ཕན་དབྱི་སི་ལན་གྱི་ཆོས་ཁང་དང་ཁྲི་ཚོང་དབྱི་སི་ལན་གྱི་ཆོས་ཁང་། དར་རྩེ་མདོ་དབྱི་སི་ལན་གྱི་ཆོས་ཁང་སོགས་ཡོད་པ་དང་།ས་གནས་སོ་སོར་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་ཡང་ཡོད་དོ། །

      ཆིན་རྒྱལ་རབས་ཀྱི་གོང་མ་རྣམས་ཀྱིས་དགེ་ལུགས་གོང་དུ་བཀུར་ཞིང་བོན་ཆོས་དང་རྙིང་མ་བའི་གྲུབ་མཐའ་འོག་ཏུ་མནན་པས། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་མངའ་འོག་གི་བོན་དགོན་དང་རྙིང་མ་བའི་དགོན་པ་མང་པོ་ཞིག་ནི་བཙན་ཤེད་ཀྱིས་དགེ་ལུགས་པའི་དགོན་པར་བསྒྱུར་ཞིང་རྒྱ་བསྐྱེད་བཏང་བ་དང་། དེར་མཚུངས་སུ་བཀའ་བརྒྱུད་པའི་དགོན་པ་དགེ་ལུགས་སུ་བསྒྱུར་བ་ཡང་ཡོད་དོ། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-11-22 18:55 , Processed in 0.273476 second(s), 21 queries .

返回顶部