日志

༄༅།།རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུ ...

已有 345 次阅读2017-8-2 08:28 |系统分类:娱乐


                                ༄༅།།རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་
                                          བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ནས་ཚོགས་པ།
                                               ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

                                       

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས26ཉིན་ནས་ཚེས27ཉིན་བར། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཚོགས་པ་དང་། རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞང་ཀྲའོ་ལུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

    ཞང་ཀྲའོ་ལུན་གྱིས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་ས་གནས་སྡོད་དམངས་ཀྱི་གཙོ་ཁྲིད་གནས་བབ་ལ་གཙོ་བོར་དམིགས་ནས། གཞིས་ཁུལ་གྱི་ཐེག་འཁུར་བྱེད་ནུས་འབུར་དུ་བཏོད་དེ་སྲུང་སྐྱོང་གི་ཁ་དབུགས་ལེགས་པོ་འཛུགས་སྐྲུན་བྱེད་པ་དང་དམངས་ཡོངས་ཀྱི་ཐོབ་རྙེད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་དགོས། སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་མཁན་གཙོ་བོ་ནི་ས་གནས་སྲིད་གཞུང་དང་དངོས་མིན་ཤུལ་བཞག་རིག་གནས་ལས་གཞི་ཡོད་སའི་གཞིས་ཁུལ་དང་རྒྱུད་འཛིན་མང་ཚོགས་རྣམས་ཡིན་པ་དང་། ས་གནས་སྲིད་གཞུང་གིས་རང་འགུལ་གྱིས་འགན་འཁྲི་དང་འོས་འགན་དང་ལེན་བྱ་དགོས། སྲུང་སྐྱོང་ཁུལ་དེ་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་མང་ཚོགས་གསོ་སྐྱོང་འཆར་འགོད་ཀྱི་ལག་བསྟར་ས་ཁུལ་དང་སྲོལ་རྒྱུན་ལག་བཟོས་སྒྱུ་རྩལ་དར་སྤེལ་འཆར་འགོད་ཀྱི་ལག་བསྟར་ས་ཁུལ། སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ་འགྲེམ་སྟོན་བྱ་འགུལ་གྱི་གཙོ་གནད་ས་ཁུལ། དངོས་མིན་ཤུལ་བཞག་ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་ས་ཁུལ། དངོས་མིན་ཤུལ་བཞག་ཆས་རྟགས་བྱ་འགུལ་སྤེལ་བའི་གཙོ་གནད་ས་ཁུལ་དུ་བསྒྱུར་དགོས་བར་ནན་གྱིས་བསྟན།

     ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མིན་གྱིས་ཚོགས་ཐོག་ཏུ་ཡིག་ངོས་ཀྱི་ཤིས་ཚིག་ཕུལ་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རིག་གནས་པུའུ་ཡིས་མཚོ་སྔོན་གྱི་རིག་གནས་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་བ་དང་། ཚོགས་ཞུགས་ཀྱི་འགོ་ཁྲིད་དང་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། ཁོས་བསྟན་དོན། མཚོ་སྔོན་གྱིས་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྟོབས་ཆེན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཁྱད་ལྡན་རིག་གནས་ཐོན་ལས་གསོ་སྐྱོང་། རིག་གནས་དང་གནས་སྐོར་མཉམ་བསྲེས་འཕེལ་རྒྱས། གནད་འཕིགས་དབུལ་སྐྱོར་བཅས་དང་དམ་དུ་སྦྲེལ་ནས་སྲུང་སྐྱོང་ཁུལ་གྱི་ས་གནས་སོ་སོར་ཁྱད་ཆོས་སྐྲུན་པར་སྐུལ་འདེད་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་བདེ་སྐྱིད་དང་ཡོང་འབབ་བསྐྲུན་པ་དང་། ཧུར་བརྩོན་གྱིས་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་གིས་མཚོ་སྔོན་དེ་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་དུ་འགྱུར་བར་འབད་བརྩོན་བྱེད་དགོས།

     ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ད་རུང་ཡུལ་དངོས་སུ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ལ་རྟོག་ཞིབ་བྱས། མིག་སྔར་རྒྱལ་ཡོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ21ཡོད་པ་དང་། དེའི་ནང་མཚོ་སྔོན་གྱི་རྨ་ལྷོ་དང་མགོ་ལོག ཡུས་ཧྲུའུ་བཅས་སུ་སྲུང་སྐྱོང་ཁུལ1རེ་ཡོད།  །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིསཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-13 05:38 , Processed in 0.055186 second(s), 20 queries .

返回顶部