日志

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར ...

已有 364 次阅读2017-7-20 09:17 |系统分类:娱乐


                       ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་སྐོར་ཞིབ་ཚན་ཆུང་གིས་                      
                                      མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐོར་ཞིབ་བྱས།
                                       ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། 


                                 

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐབས་སུ། ཀྲུང་དབྱང་གི་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ7པའི་ཚེས13ཉིན་ནས་ཚེས18ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི2016ལོའི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲུབ་འབྲས་དཔྱད་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ་ཐད་ནས་སྐོར་ཞིབ་བྱས་པ་དང་། སྔོན་ཐོན་དཔེ་ལེགས་ཅན་འཚོལ་བ་དང་བྱ་བའི་ཉམས་མྱོང་བསྡུ་ལེན་བྱེད་པར་དོ་སྣང་བྱས་ལ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

      བསྟུད་མར་ཉིན་འགའི་རིང་ལ། སྐོར་ཞིབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཡུས་ཧྲུའུ་གྲོང་ཁྱེར་བཅས་དབུལ་ཕོངས་རྫོང་དང་གྲོང་ཁྱེར། ཆུའུ་བཞི་དང་ཞང་བཅུ། སྡེ་བ་བཅུ་བཞི་རུ་སོང་ནས། ཡུལ་དངོས་རྟོག་ཞིབ་དང་ལྐོག་བཤེར་འཐེན་ཞིབ་སོགས་ཀྱི་རྣམ་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

      ཟླ7པའི་ཚེས17ཉིན། ཟི་ལིང་ནས་བསྡུས་པའི་སྐོར་ཞིབ་ཐད་ཀྱི་བསམ་འཆར་འདོན་པའི་གྲོས་ཚོགས་སྟེང་། སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་ཡུས་ཞིན་རོང་གིས་རང་ཞིང་ལ་ཐོག་མའི་བསམ་འཆར་བཏོན་པ་དང་། ཚན་གཙོ་གཞོན་པ་ཡན་ཞའོ་ཧྥིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ།

      ཡུས་ཞིན་རོང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་བརྒྱུད་དེ། བསམ་བློའི་གོ་རྟོགས་སྔར་ལས་མཐོར་འདེགས་བྱེད་པ་དང་། ཀྲུང་དབྱང་གི་ཁྱབ་བསྒྲགས་བྱས་པ་དང་ཞིང་ཆེན་གྱིས་བརྟག་བཤེར་བྱས་ནས་རྙེད་པའི་ཕྱོགས་བརྒྱད་ཐད་ཀྱི་གནད་དོན་ལ་དམིགས་ནས། ཁྱོན་ཡོངས་ནས་བརྟག་བཤེར་ནན་མོ་བྱེད་པ་དང་། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ལྟ་སྐུལ་ལ་ཤུགས་སྣོན་པ་བཅས་བྱས་པས། གནད་དོན་ལ་དག་ཐེར་ལེགས་བཅོས་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། ཅུང་བཟང་བའི་སྒོ་ནས་དག་ཐེར་ལེགས་བཅོས་ཐད་ཀྱི་ལས་འགན་ཡོངས་འགྲུབ་བྱས་ཟེར། དེ་དང་མཉམ་དུ། ཡུས་ཞིན་རོང་གིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་བྱ་བའི་ཁྲོད་གནས་པའི་ཞན་ཆ་དང་དོ་སྣང་བྱེད་དགོས་པའི་གནད་དོན་ཕྱིར་བཏོན་པ་དང་། མུ་མཐུད་དུ་རྒྱུན་འཁྱོངས་ལྷོད་མེད་སྒོས་དབུལ་ཐར་མཁྲེགས་གཏོར་བྱ་བ་དམ་འཛིན་བྱས་ནས། དབུལ་ཐར་མཁྲེགས་གཏོར་དམིགས་འབེན་དུས་ལྟར་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

       མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་བ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་རེ་བ་ལྟར། བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན། ལིག་ཉིན་དང་ཡན་ཅིན་ཧེ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སྐོར་ཞིབ་ཚན་ཆུང་གིས་བྱ་བ་བཟང་བོར་བསྒྲུབ་པ་དང་། མཚོ་སྔོན་ལ་རོགས་རམ་དང་མཛུབ་སྟོན་བྱས་པར་བཀའ་དྲིན་ཞུས། ལིག་ཉིན་གྱིས་བཤད་རྒྱུར། ང་ཚོས་ཐེངས་འདིའི་སྐོར་ཞིབ་གོ་སྐབས་སུ་བརྩིས་ནས། བསམ་བློའི་གོ་རྟོགས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་དབུལ་སྐྱོར་གསར་སྤེལ་འཐབ་ཇུས་ཀྱི་བསམ་བློའི་སྟེང་གཅིག་གྱུར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དེ་འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བའི་བྱེ་བྲག་མཚོན་བྱེད་དུ་བྱེད་པ། ཆབ་སྲིད་གོ་གནས་མཐོར་འདེགས་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ། གནད་ཕིགས་རེ་བ་ལག་བསྟར་བཟང་བོ་བྱེད་པ། འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས་ཟེར། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-14 04:25 , Processed in 0.056813 second(s), 20 queries .

返回顶部