博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ ...

已有 29 次阅读2017-7-16 07:54 |系统分类:娱乐


                         ༄༅།།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་
                                    མཁྲེགས་གཏོར་བྱ་བའི་བཀོད་སྒྲིག་ཚོགས་འདུ་ཟི་ལིང་ནས་བསྡུས།
                                        ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

                              

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མགོ་འཛིན་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅོན་གཉིས་ཀྱི་མཛུབ་སྟོན་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་བཀོད་སྒྲིག་བྱས།

      ཡན་ཅིན་ཧེ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་དང་ཞང་། སྡེ་བ་བཅས་ཀྱི་བསྡུར་ཚད་མཐོ་བ་དང་དབུལ་ཕོངས་དུ་གྱུར་ཚད་མཐོ་བས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཧ་ཅང་ལྕི། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུས་ལྟར་དབུལ་ཐར་བྱེད་པའི་དམིགས་འབེན་འགན་འཁྲིའི་དཀའ་ཚེགས་རང་བཞིན་དང་གལ་ཆེན་རང་བཞིན། བྲེལ་མྱུར་རང་བཞིན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་སྔར་ལས་གཅིག་བསྡུས་ཡིན་པའི་རྒྱབ་སྐྱོར་དང་སྔར་ལས་ཕན་ནུས་མཐོ་བའི་བྱེད་ཐབས་སྤྱད་དེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་གཏོང་དགོས་ཟེར།

      ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་དང་ཤར་ཕྱོགས་ཀྱི་ཐན་སྐམ་རི་ཁུལ་གཉིས་ལ་རྐང་བཙུགས་ཏེ་ཁྱོན་ཡོངས་ནས་ཧ་ཅང་དབུལ་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་དགོས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་དང་གྲོང་རྡལ་གཏན་ཁེལ་གསལ་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཕྱོགས་བརྒྱད་ཐད་ཀྱི་བླང་བྱ་གཞིར་བཟུང་ནས་སྟོབས་ཤུགས་ཡོད་རྒུས་སྐོར་གཅིག་ཅན་བརྒྱད་དང་ཆེད་དོན་འགུལ་སྐྱོད་བཅུའི་ཇུས་གཞི་རྩ་འཛུགས་དང་ལག་བསྟར་བཟང་བོ་བྱས་པའི་རྨང་གཞིའི་སྟེང་། ཡུལ་བབ་དང་བསྟུན་པ་དང་ས་གནས་རང་གི་ཐོན་ཁུངས་དགེ་མཚན་ལ་བརྟེན་པ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ། མ་རྩ་ཇེ་མཐོར་འགྲོ་ཐུབ་པ་དང་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་མི་སྣ་ཁ་སྣོན་བྱེད་ཐུབ་པ། ཞང་སྡེའི་སྤྱི་བའི་ལས་གནས་གསར་སྤེལ་བྱེད་ཐུབ་པ་སོགས་ཀྱི་དམིགས་སའི་རང་བཞིན་ལྡན་པ་དང་ཕན་འབྲས་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-7-23 00:53 , Processed in 0.261680 second(s), 21 queries .

返回顶部