博客西藏在最高处过一种生活

日志

༄༅།།རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱིས་ ...

已有 41 次阅读2017-7-13 07:07 |系统分类:娱乐


                           ༄༅།།རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་
                                 མངོན་འགྱུར་བྱེད་པའི་ཉམས་མྱོང་བརྗེ་རེས་ཡུལ་དངོས་ཚོགས་འདུ་སྐབས་
                                        གསུམ་པ་དེ་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུ་རྒྱུ་ཡིན་པ།
                                           ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ། 

                                   

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དྲིལ་སྒྲོག་པུའུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས16ཉིན་ནས་ཚེས17ཉིན་བར་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པའི་ཉམས་མྱོང་བརྗེ་རེས་ཡུལ་དངོས་ཚོགས་འདུ་སྐབས་གསུམ་པ་འཚོགས་རྒྱུ་ཡིན་པ་དང་། མཚོ་ནུབ་ཁུལ་ནི་འགན་སྒྲུབ་བྱེད་མཁན་ཡིན་པས་ད་ལྟ་ཡུལ་དངོས་ཚོགས་འདུར་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།

ཡུལ་དངོས་ཚོགས་འདུའི་ནང་དོན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐོར་གྱི་གསུང་བཤད་རབ་དང་རིམ་པ་དང་། ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུ། དབུལ་སྐྱོར་གསར་སྤེལ་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ཁུལ་སོ་སོའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་བརྗེ་རེས་བྱེད་པ་དང་། འབུར་ཐོན་གྱི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་ཐར་ལ་སྐུལ་སྤེལ་གྲོས་སྡུར་བྱེད་པ་དང་། དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ཐབས་ལམ་དང་བྱེད་ཐབས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་རྒྱུ་དེ་རེད།

       གྲོས་ཚོགས་ལ་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། མཚོ་ནུབ་ཁུལ་གྱི་འགན་འཁུར་མི་སྣ་གཙོ་བོ། མི་རིགས་རང་སྐྱོང་ཁུལ30ཡི་ཁུལ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་མི་སྣ་གཙོ་བོ། ཁོངས་གཏོགས་སུ་རང་སྐྱོང་ཁུལ་ཡོད་པའི་ཞིང་ཆེན(རང་སྐྱོང་སྐྱོང་ལྗོངས)གྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ལས་དོན་ཁྲུའུ་ཀྲང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་ཀྱི་འབྲེལ་གཏུག་པ་ཁག་ཅིག་བཅས་ཞུགས་རྒྱུ་ཡིན་པ་དང་། རོགས་སྐྱོར་གང་ལེགས་བརྩོན་ལེན་བྱ་ཆེད། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ད་རུང་མཚོ་ནུབ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས། ཀྲེ་ཅང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། མཚོ་ནུབ་ཁུལ་གྱི་མཉམ་ལས་བྱེད་ཡུལ་དང་ཁྱིམ་མཚེས་ས་ཁུལ་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ཁེ་ལས་ཀྱི་འཐུས་ཚབ་མི་སྣ་བཅས་གདན་ཞུ་བྱས་ཏེ་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

      རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་གྲོས་ཚོགས་ལ་དོ་སྣང་གལ་ཆེན་བྱས་ཡོད་པ་དང་། སྔ་རྗེས་སུ་ཐེངས་གཉིས་ལ་མཚོ་ནུབ་ཁུལ་གྱི་ཡུལ་དངོས་ཚོགས་འདུའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།

      ཐེངས་འདིའི་གྲོས་ཚོགས་ལེགས་པོར་བསྒྲུབས་པ་ཡིས། མི་རིགས་རང་སྐྱོང་ཁུལ་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་ཐབས་ལམ་དང་བྱེད་ཐབས་ལ་བརྗེ་རེས་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་བྱེད་པ། མཚོ་ནུབ་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ལ་ཁག་ཐེག་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཡིན།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་རིགས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-7-23 00:48 , Processed in 0.261061 second(s), 21 queries .

返回顶部