博客西藏在最高处过一种生活

日志

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུ ...

已有 118 次阅读2017-6-30 07:57 |系统分类:娱乐


                       ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ནས་རྟོག་ཞིབ་བྱས།
                                           ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན། 

                                       

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དྲུག་པའི་ཚེས་ཉེར་དྲག་ཉིན་ནས་ཉེར་བརྒྱད་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་ནས་རྟོག་ཞིབ་བྱས། ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར།རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་གྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་ཡར་ཞུ་ལ་ཉན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཡུང་ཧྥུའུ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གཉིས་ཡར་ཞུ་ཚོགསའདུར་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས།

      ལིག་ཡུང་ཧྥུའུ་ཡིས་གཏམ་བཤད་སྐབས་མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་སྤྱིའི་ཆ་ནས་ཧ་ཅང་དབུལ་ཕོངས་ཀྱི་ས་ཁུལ་ཡིན་པས། ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ཐད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

      ལིག་ཡུང་ཧྥུའུ་ཡིས་ནན་གྱིས་བསྟན་དོན།མཚོ་སྔོན་ཞིང་ཆེན་གྱིས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་དང་། ཀྲུང་དབྱང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་ཞིང་ཆེན་གྱིས་སྤྱིའི་འགན་ཁུར་བ། གྲོང་ཁྱེར་དང་རྫོང་གིས་དངོས་འབེབས་དམ་འཛིན་བྱེད་པའི་དོ་དམ་སྒྲིག་ལུགས་རྒྱུན་འཁྱོངས། ཏང་སྲིད་མགོ་ཁྲིད་གཙ་བོས་སྤྱིའི་འགན་ཁུར་བའི་བྱ་བའི་འགན་ལེན་ལམ་ལུགས་རྒྱུན་འཁྱོངས་བཅས་བྱེད་པའི་སྤྱིའི་བླང་བྱ་ལྟར། དབུལ་ཐར་མཁྲེགས་གཏོར་དེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ལ་ཕྱོགས་པ་དང་གཏིང་ཟབ་ས་ཤུགས་འདོན་པར་སྐུལ་འདེད་གཏོང་དགོས་ཟེར།

      ཝང་གོ་ཧྲིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་རྟོག་ཞིབ་ཚན་ཁག་མཚོ་སྔོན་དུ་ཡོང་ནས་བྱ་བར་མཛུབ་སྟོན་གནང་བར་བཀའ་དྲིན་ཞུས། ཝང་གོ་ཧྲིན་གྱིས་ང་ཚོས་ནམ་ཡང་དབུལ་ཐར་མཁྲེགས་གཏོར་དེ་དོན་ཆེན་གཙོ་བོར་བརྩིས་ནས་དམ་འཛིན་བྱས་པ་ང་། འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་བཏང་ཞིང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་བརྟན་པོར་བཅངས་ནས། རྣལ་མ་དང་ནན་མོའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་ཏན་ཏན་ཏིག་ཏིག་གིས་སྤེལ་བར་ཁག་ཐེག་བྱས་ཡོད་ཟེར།

      ཝང་གོ་ཧྲིན་གྱིས་བཤད་རྒྱུར། དབུལ་ཕོངས་སེལ་བ་དང་ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རེ་བ་ཡི། མཚོ་སྔོན་མདོ་དབུས་མཐོ་སྒང་དུ་ཆགས་ཡོད་ལ་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་བཅོ་ལྔ་ཡོད་པས། དབུལ་ཐར་མཁྲེགས་གཏོར་བྱ་བའི་ལས་འགན་ཧ་ཅང་ལྗིད། ང་ཚོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གོ་རིམ་ཞན་སར་གཙིགས་འཛན་བྱེད་པ། ཤར་ནུབ་རྒྱུད་ཀྱི་དབུལ་ཕོངས་རོགས་ལས་དང་ཁ་གཏད་དབུལ་སྐྱོར་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། བླང་བྱ་དང་བཀོད་སྒྲིག་སྣ་ཚོགས་བྱ་བའི་གོ་རིམ་སོ་སོར་དངོས་འབེབས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་པོར་བསྒྲུབ་དགོས། ང་ཚོས་བརྩེ་བ་ཟབ་མོ་དང་སྤྱོད་ཚུལ་ནན་མོས་བྱ་བ་སྒྲུབ་སྟེ། དབུལ་ཕོངས་མང་ཚོགས་ལ་ལྟ་སྐྱོང་བཟང་པོ་བྱེད་པ་དང་། གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱེད་པ། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། གནད་ཕིགས་རོགས་སྐྱོར་བྱེད་པ་།དབུལ་ཕོངས་མང་ཚོགས་ཁང་པ་བཟང་པོའི་ནང་སྡོད་དུ་འཇུག་པ་དང་འཚོ་བ་བཟང་པོ་རོལ་ཏུ་འཇུག་པ། ཏང་གི་ཐུགས་ཁུར་དང་དྲོལ་ཁོལ་ཚོར་དུ་འཇུག་པ་བཅས་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས་ཚང་མ་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་དུའཇུག་དགོས་ཟེར།

      ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས། ཞིང་ཆེན་གྱི་མགོ་ཁྲིད་པ་ཐིན་ཅ་ཚའེ་དང་ཝང་ཡུས་པོ། ཧུའུ་ཁྲང་ཧྲིན། ཡུས་ཚུང་ལི་སོགས་གོང་གི་བྱ་འགུལ་ལ་ཞུགས།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-11-21 18:22 , Processed in 0.276048 second(s), 21 queries .

返回顶部